Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་བལ་ཡུལ་གྱི་ས་མཚམས་བརྒལ་ནས་ཁང་བརྩེགས་དགུ་བསླངས་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

ཁ་སང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་བཅིངས་གྲོལ་དམག་མིས་བལ་ཡུལ་གྱི་ས་མཚམས་བརྒལ་ནས་སྤྱི་ལེ་གཉིས་ཙམ་གྱི་སར་ཁང་བརྩེགས་དགུ་གསར་རྒྱག་བྱས་ཏེ། ས་གནས་ཀྱི་བལ་ཡུལ་གྱི་ཡུལ་མི་རྣམས་ཁུལ་དེར་འགྲོ་སྐྱོད་བྱེད་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་། བལ་ཡུལ་གྱི་ནུབ་རྒྱུད་དུ་ཁེལ་བའི་རྒྱ་ནག་དང་བལ་ཡུལ་གྱི་ས་མཚམས་ཀྱི་རྫོང་ཁག་Humla ཞེས་པའི་ཁུལ་དུ། རྒྱ་ནག་གིས་ས་མཚམས་སུ་སྤྱི་ལེ་གཉིས་ཙམ་བརྒལ་ཏེ། ཁུལ་དེའི་ Namkhya གྲོང་ཚོའི་ནང་དུ་འཛུགས་སྐྲུན་གྱི་ལས་གཞི་འགོ་འཛུགས་ཀྱིས་ཁང་བརྩེགས་དགུ་སྐྲུན་ཡོད་པ་ལྟར། ད་ལྟའི་ཆར་ཁང་བརྩེགས་དེ་དག་ཡོངས་སུ་ལེགས་འགྲུབ་བྱུང་ལ་ཉེ་ནའང་། བལ་ཡུལ་གྱི་ནང་སྲིད་ལྷན་ཁང་དང་ཕྱི་སྲིད་ལྷན་ཁང་གཉིས་ཀྱི་གཙོ་བྱས་པའི་ཆེས་མཐོའི་དཔོན་རིགས་སུ་ཞིག་གིས་ཀྱང་གནས་ཚུལ་དེའི་ཐད་ནས་བརྡ་ལན་གང་ཡང་གནང་མེད་པར་ལྷིང་འཇགས་ངང་གནས་ཡོད་པར་འཁོད་འདུག
རྒྱ་ནག་གིས་ཁང་ལས་འཛུགས་སྐྲུན་གྱི་ལས་གཞི་གཉེར་སའི་གྲོང་ཚོ་དེའི་སྡེ་དཔོན། སྐུ་ཞབས་ Vishnu Bahadur Lama ལགས་འཆར་ཅན་གྱི་ལས་གཞི་ལྟར་ས་མཚམས་ཁག་ཏུ་སྐོར་སྐྱོད་ལ་ཕེབས་པ་བརྒྱུད་ནས་རྒྱ་ནག་གི་འཛུགས་སྐྲུན་གྱི་ལས་གཞི་དེ་ཐོག་མར་ཤེས་རྟོག་བྱུང་ཡོད་པ་ལྟར། སྡེ་དཔོན་ཁོང་གིས་ས་མཚམས་ཀྱི་རྒྱ་ནག་གི་དམག་མིར་ཁང་བརྩེགས་གསར་རྒྱག་གི་ལས་གཞིའི་སྐོར་ནས་སྐད་ཆ་དྲིས་ནའང་དམག་མི་རྣམས་ཀྱིས་ཁོང་ལ་ལན་གང་ཡང་སྤྲད་མེད་པ་མ་ཟད། ཁོང་ཁང་བརྩེགས་ཀྱི་འགྲམ་དུ་བཅར་རྒྱུར་ཡང་བཀག་འགོག་བྱས་ཡོད་འདུག
གྲོང་སྡེ་དེའི་དཔོན་རིགས་རྣམས་ཀྱིས་གསར་ཁང་ལ་བརྗོད་པ་ལྟར་ན། སྤྱི་ལོ་ ༢༠༡༩ ལོར་བལ་ཡུལ་གཞུང་གིས་རྒྱ་ནག་གིས་ས་མཚམས་ཁུལ་དེར་ལམ་ཁ་གསར་འཛུགས་ཀྱི་ལས་གཞི་སྐྲུན་རྒྱུར་བཀག་འགོག་བྱས་པ་དང་སྦྲགས། སྐབས་དེར་ས་གནས་སུ་ཁང་བརྩེགས་གསུམ་འཛུགས་བསྐྲུན་བྱེད་བཞིན་པ་དེའང་བཀག་སྡོམས་བྱས་ཡོད་ནའང་། ད་ཆ་རྒྱ་ནག་གིས་སྣང་མེད་ཀྱི་ཐོག་ནས་ཁང་བརྩེགས་དགུ་ཙམ་གསར་རྒྱག་གི་ལས་གཞི་ཡོངས་སུ་འགྲུབ་ལ་ཡོད་པར་གསུངས་ཡོད་པ་དང་། ཁུལ་དེའི་སྡེ་དཔོན་གྱིས་རྒྱ་ནག་གིས་བལ་ཡུལ་གྱི་ས་མཚམས་བརྒལ་ནས་འཛུགས་སྐྲུན་གྱི་ལས་གཞི་གཉེར་བའི་ཐད་ནས་བལ་ཡུལ་གྱི་གྲོང་སྡེ་དེའི་སྤྱི་ཁྱབ་པ། སྐུ་ཞབས་ Chiranjeevi Giri ལགས་སུ་བཀའ་འདྲི་ཞུས་ནའང་། ཁོང་གིས་གནས་ཚུལ་དེའི་སྐོར་ནས་ཤེས་རྟོག་གང་ཡང་བྱུང་མི་འདུག
གཞི་རྩའི་འདི་ལོར་རྒྱ་ནག་གིས་བལ་ཡུལ་གྱི་མཐའ་མཚམས་ཁག་ཏུ་རྒྱ་ནག་གིས་སུན་གཙེར་བྱེད་བཞིན་པའི་གནས་ཚུལ་རིམ་པ་ཐོན་ཡོད་ནའང་། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན། སྐུ་ཞབས་ Pradeep Kumar Gyawali ལགས་ཀྱིས་རྒྱ་ནག་གིས་བལ་ཡུལ་གྱི་ས་མཚམས་བརྒལ་ཡོད་པའི་གནས་ཚུལ་གང་ཡང་བྱུང་མེད་པར་ཕྱིར་བསྒྲགས་བྱས་ཡོད་ནའང་། ཐེངས་འདིར་རྒྱ་ནག་གིས་ས་མཚམས་བརྒལ་ནས་བལ་ཡུལ་ས་ཐོག་ཏུ་ཁང་ལས་གསར་རྒྱག་གི་ལས་གཞི་གཉེར་བཞིན་པའི་གནད་དོན་དང་འབྲེལ་ནས། བདེ་སྲུང་དང་རྟོག་ཞིབ་རུ་ཁག་ཅིག་ས་གནས་ས་ཐོག་ཏུ་ཆེད་གཏོང་གིས་གནས་ཚུལ་དངོས་ལ་ཞིབ་འཇུག་བྱེད་མུས་རེད་འདུག
འདི་ལོར་ཞིབ་འཇུག་པ་མང་པོས་སྡོམ་རྒྱབ་པ་ལྟར་ན། རྒྱ་ནག་གི་ནང་དུ་ད་ཆ་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་བྱས་ཏེ་མི་མང་གི་ལས་ཀ་ཤོར་བ་དང་དཔལ་འབྱོར་ལ་ཉམས་ཉེས་ཕྱིན་ཡོད་པའི་གནས་སྟངས་འོག རྒྱ་ནག་གི་ནང་དུ་དམར་ཤོག་སྲིད་གཞུང་ལ་སྡང་སེམས་ཇེ་ཆེར་འགྲོ་བཞིན་པའི་མཁའ་དབུགས་ཤིག་བྱུང་བཞིན་ཡོད་སྟབས། ད་ཆ་རྒྱ་ནག་གིས་རྒྱལ་ནང་གི་མི་མང་གི་དོ་སྣང་དེའི་ཁ་ཕྱོགས་བསྒྱུར་ཐབས་སུ་རྒྱ་ནག་དང་འབྲེལ་བའི་མཐའ་མཚམས་ཁག་ཏུ་བཙན་འཛུལ་གྱིས་དམག་འཁྲུག་བྱུང་ཉེན་ཡོད་པའི་ཁོར་ཡུག་ཅིག་གི་སྣང་བརྙན་སྐྲུན་ཐབས་ལ་འབད་བརྩོད་བྱེད་བཞིན་ཡོད་པར་བརྗོད་མཁན་མང་པོ་བྱུང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།