Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་བཞིས་རྒྱ་ནག་བཅའ་སྡོད་སློབ་གྲྭའི་སྐོར་འདྲི་རྩད།

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

རྒྱལ་ཚོགས་ཀྱི་ཤེས་ཡོན་དང་རིག་གཞུང་། ཆོས་དད་རང་དབང་། གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་གི་དམིགས་བསལ་སྐུ་ཚབ་བཞིས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཆོས་དད་དང་བསམ་བློའི་རང་དབང་། ཤེས་ཡོན་དང་རིག་གཞུང་གི་རང་དབང་བརྩིེ་མེད་རྡོག་རོལ་བཏང་སྟེ་བོད་རྒྱ་སྡེར་འགྱུར་རྒྱུའི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བཞིན་ཡོད་པར་བློ་འཚབ་དང་སྦྲགས། དེང་སྐབས་བོད་ནང་གཞུང་གི་བཅའ་སྡོད་སློབ་གྲྭ་ཧ་ཅང་མང་པོ་ཡོད་པར་མ་ཟད་དེའི་ནང་བོད་པའི་བྱིས་པ་སློབ་མ་ཧ་ཅང་མང་པོ་ཆེད་བཞག་བྱས་ཡོད་པ། དོན་དམ་ལ་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཀྱི་ཡོད་ལུགས་བཤད་པ་དང་རྒྱབ་འགལ་གྱིས་བོད་ནང་གི་གཞི་རིམ་སློབ་གྲྭ་ཁག་ཏུ་རྒྱ་སྐད་དང་རྒྱ་ཡིག་གཙོ་ཁྲིད་བྱེད་བཞིན་ཡོད་པ་ཐེར་འདོན་གནང་སྟེ་རྒྱ་ནག་གཞུང་ལ་དེ་འབྲེལ་ལན་འདེབས་གསལ་པོ་དགོས་ཞེས་གསུངས་འདུག

བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་བཞི་པོས་ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་རྒྱ་ནག་ལ་བཅའ་སྡོད་སློབ་གྲྭ་དང་འབྲེལ་བའི་གནད་དོན་ཞིབ་ཕྲ་འཁོད་པའི་ཕྱག་བྲིས་བཏང་སྟེ་ཉིན་གྲངས་ ༦༠ ནང་ཚུད་ལན་འདེབས་གསལ་བཤད་དགོས་ཞེས་གསུངས་ཡོད་ལ་ལྟར་དེ་རིང་ཉིན་གྲངས་ ༦༠ ཏག་ཏག་སོང་ཡོད་ཀྱང་རྒྱ་གཞུང་ནས་ད་བར་ཡར་ལན་གང་ཡང་སྤྲད་མེད་པ་རེད།

བོད་དོན་ལས་འགུལ་བསྟི་གནས་ཁང་གི་ངེས་སྟོན་པ་ལྷག་སྒྲོན་བཀྲས་མཐོང་ལགས་ཀྱིས་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་གིས་བོད་པའི་སློབ་ཕྲུག་ས་ཡ་གཅིག་ཙམ་ལ་ནང་མི་དང་ཁ་བྲལ་བཏང་བའི་བྱ་སྤྱོད་མངོན་གསལ་གནང་བར་དགའ་བསུ་དང་འབྲེལ། རྒྱལ་སྤྱིའི་གཞུང་ཚོགས་ཁག་གིས་ཀྱང་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་སྲིད་བྱུས་དང་བྱ་འགུལ་སྤེལ་བ་དེ་དག་ཐོག་རྒྱ་ནག་ལ་འདྲི་རྩད་ནན་པོ་གནང་ནས་བཅའ་སྡོད་སློབ་ཁག་སྒོ་རྒྱག་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་གསུངས་འདུག

དེ་བཞིན་ Tibet Advocacy Coalition ཞེས་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གནང་མཁན་གྱི་མཉམ་འབྲེལ་ཚོགས་པས་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་ལ་བཏང་བའི་ཕྱག་བྲིས་དེ་ནི་དུས་ཡུན་རྒྱུན་རིང་པོའི་གོང་ནས་ངེས་གནང་དགོས་པའི་ལས་དོན་གལ་ཆེ་ཞིག་ཡིན་པ་དང་། བོད་ནང་གི་བཅའ་སྡོད་སློབ་གྲྭ་དེ་དག་གི་སྐོར་ལ་གནས་ཚུལ་ཐོག་མར་ཕྱིར་འགྱར་གནང་མཁན་ཁེ་ན་ཌར་བཅའ་བཞུགས་མཁས་དབང་རྒྱལ་ལོ་ལགས་ཆགས་ཀྱི་ཡོད་པ་དང་། ད་རེས་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ཀྱིས་གནང་བ་དེ་ནི་དགོས་ངེས་ཅན་གྱི་བྱ་འགུལ་ཞིག་ཡིན་པར་གསུངས་ཡོད། པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།