Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་སུ་རྒྱལ་ཁབ་བཅུ་གཅིག་གིས་བོད་དང་ཤིན་ཅང་ནང་གི་གནས་སྟངས་ལ་ཐུགས་འཚབ་ཀྱི་རྣམ་པ་མངོན་གསལ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱལ་ཁབ་བཅུ་གཅིག་གིས་རྒྱ་ནག་གི་ཆེས་ཞེན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་པར་བོད་དང་ཤིན་ཅང་ནང་གི་གནས་སྟངས་ཐད་ཐུགས་འཚབ་ཀྱི་རྣམ་པ་མངོན་གསལ་དང་འབྲེལ། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཁྲིམས་ཀྱི་གྲོས་མཐུན་ལ་གུས་བརྩི་ཞུ་དགོས་པའི་ཞུ་སྐུལ་གནང་འདུག

ཕྱི་ཚེས་ ༢༢ ཉིན་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག Item 4 ཞེས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཐུགས་སྣང་དགོས་པའི་སྤྱི་ཡོངས་ཀྱི་གནད་དོན་སྐོར་ལ་བགྲོ་གླེང་གནང་སྐབས། ཨ་རི་དང་། ཨོ་སི་ཊི་ལི་ཡ། དབྱིན་ཡུལ། སུད་སི། སུད་ཌེན། སྦེལ་འཇམ། ཌེན་མག ཧྥིན་ལེན་ཌ། འཇར་མ་ནི།  ལི་ཐུ་ནི་ཡ། ནི་ཐར་ལན་ཌི་བཅས་ཀྱི་གཞུང་ཚབ་སོ་སོས་གཏམ་བཤད་གནང་སྐབས་བོད་ནང་གི་གནས་སྟངས་སྐོར་ལ་གླེང་མོལ་གནང་འདུག

སྐབས་དེར་ཨོ་སི་ཊི་ལི་ཡས་བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་དང་། རིག་གཞུང་། སྐད་ཡིག དེ་བཞིན་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ཐོབ་ཐང་ཁག་རིམ་བཞིན་ཉམས་རྒུད་དུ་འགྲོ་བཞིན་པར་ཐུགས་འཚབ་ཀྱི་རྣམ་པ་བཏོན་པར་མ་ཟད། སྦེལ་འཇམ་གཞུང་ཚབ་པས་རྒྱ་ནག་གིས་བོད་ནང་གི་རིགས་རྫས་མཁོ་སྒྲུབ་ཀྱི་གནད་དོན་དང་། ཌེན་མག་དང་ནི་ཐར་ལན་ཌི། དབྱིན་ཡུལ་སོགས་ཀྱི་གཞུང་ཚབ་པས་རྒྱ་ནག་གིས་བོད་ཀྱི་ལོ་ཆུང་བྱིས་པ་ས་ཡ་གཅིག་ལྷག་ལ་རང་ཉིད་ཀྱི་ནང་མི་དང་ཁ་ཁྲལ་བཏང་སྟེ་བཅའ་སྡོད་སློབ་གྲྭར་བཏང་ནས་རྒྱ་ནག་ཅན་དུ་སྒྱུར་བཞིན་པའི་གནད་དོན་ལ་ཐུགས་འཚབ་གནང་བ་དང་འབྲེལ། རྒྱ་ནག་གི་ངོས་ནས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུང་མཚམས་འཇོག་དགོས་སྐོར་གསུངས་པ་དང་། དེ་བཞིན་སུད་སི་གཞུང་ཚབ་པས་ཀྱང་རྒྱ་ནག་སྤྱི་དང་ལྷག་པར་བོད་ནང་འཛིན་བཟུང་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཡོངས་རྫོགས་འཕྲལ་མར་གློད་བཀྲོལ་དགོས་པའི་ཞུ་སྐུལ་གནང་འདུག

རྒྱལ་ཁབ་དེ་དག་གི་སྐུ་ཚབ་རྣམ་པའི་གསུང་བཤད་ཁྲོད་ཤིན་ཅང་ནང་གི་ཡ་ང་བའི་གནས་སྟངས་ལུང་འདྲེན་དང་འབྲེལ། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་དེ་སྔོན་ཤིན་ཅང་ནང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་ལྟར་དེར་འཁོད་ལམ་སྟོན་ཁག་ཕྱག་བསྟར་གནང་དགོས་པའི་དགོས་འདུན་བཏོན་པ་དང་ཆབས་ཅིག་རྒྱ་ནག་གཞུང་གིས་ཀྱང་རྒྱལ་སྤྱིའི་ཁྲིམས་ཀྱི་གྲོས་མཐུན་ཁག་ལ་གུས་བརྩི་ཞུ་དགོས་ཞེས་ནན་སྐུལ་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།