Tibetan Royal Year of 2151 | Year of the Wood Dragon

རྡོ་རྗེ་བཀྲིས་ལགས་ཀྱི་ནང་མི་ཚོས་ཁོང་གློད་བཀྲོལ་དགོས་པའི་ལས་འགུལ་བསྐྱར་དུ་སྤེལ་བ།

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱ་གཞུང་གི་བཙོན་ཁང་དུ་མོ་སྤྱོད་ལས་འདས་པའི་མནར་གཅོད་མྱོང་བཞིན་པའི་བོད་མི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲིས་ལགས་ཀྱི་ནང་མི་ཚོས་ཁོང་གི་གནད་དོན་ཐོག་ཁྲིམས་ཁང་ནས་ཡར་ལན་གང་ཡང་བྱས་མེད་པའི་ཁར་ཁོང་གློད་བཀྲོལ་ཆེད་དུ་སྤེལ་བའི་ལས་འགུལ་དེ་རེ་ཞིག་མཚམས་འཇོག་བྱས་ཡོད་པ་དེ་ཉིད་སླར་སྤེལ་རྒྱུ་ཡིན་པ་གསུངས་འདུག

རྗེ་བཀྲིས་ལགས་ནི་དུས་རྟག་ཏུ་གཞན་ཕན་ལ་འབད་མཁན་གྱི་བོད་མི་ཚོང་པ་གྲགས་ཅན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་ས་གནས་ཆབ་སྲིད་འགོ་ཁྲིད་ཁག་གཅིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད་པར་ཉེས་མིང་བཏགས་ནས་འཛིན་བྱུང་ཡོད་པ་དེ་ལྟར་ཡང་། ད་བར་ནག་ཉེས་རྩ་བ་ནས་ཁུངས་སྐྱེལ་མ་ཐུབ་པའི་རྐྱེན་གྱིས་ཆབ་སྲིད་ཀྱི་ནག་ཉེས་དེ་དག་ཕྱིར་འཐེན་བྱས་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་སར་རྒྱ་ནག་གི་ཁྲིམས་ཁང་ནས་གསང་བའི་ངང་ཁྲིམས་རྭ་ཚོགས་ཏེ་རྡོ་རྗེ་བཀྲ་ཤེས་ཀྱིས་བུ་ལོན་གཡོ་ལེན་བྱས་ཡོད་པའི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

ད་བར་རྡོ་རྗེ་བཀྲི་ཤིས་ལགས་དང་ཁོང་གི་ཁྲིམས་རྩོད་པ་གཉིས་ཀའི་ངོས་ནས་རྒྱ་གཞུང་གིས་ཉེས་འཛུགས་བྱས་པར་ངོས་ལེན་རྩ་བ་ནས་གནང་གི་མེད་པ་རེེད། དེའི་བར་ན་ཁོང་གི་སྲིང་མོ་མགོན་པོ་སྐྱིད་ལགས་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ཉིས་ཀྱིས་འདས་པའི་བདུན་ཕྲག་བར་རྡོ་རྗེ་བཀྲིས་ལགས་ལ་མ་ཉེས་ཁ་ཡོག་བྱས་པ་དང་། དྲང་བདེན་གྱི་ཁྲིམས་གཅོད་བྱས་མེད་སྟབས་ཁོང་འཕྲལ་མར་གློད་བཀྲོལ་བཏང་དགོས། བཙོན་ཁང་ནང་ཁོང་གི་གཟུགས་གཞིའི་གནས་སྟངས་ཛ་དྲག་གྱུར་ཡོད་པ་དང་། ཁོང་གི་ནང་མི་རྣམས་ལ་བཙོན་ཁང་དུ་ཁོང་དང་ཐུག་འཕྲད་སླད་བསྐྱོད་བཅུག་གི་མེད་པ་སོགས་ཀྱི་གནས་སྟངས་ཆེས་མངོན་གསལ་གནང་སྟེ་ལྷ་སའི་མི་དམངས་ཁྲིམས་ཁང་གི་མདུན་དུ་ཞུ་གཏུག་དང་དྲ་རྒྱ་ཐོག་བརྒྱུད་ནས་ལས་འགུལ་རིམ་པ་སྤེལ་ཡོད་པ་རེད།

ཉེ་ལམ་བོད་གནས་ལྟ་ཞིབ་ཁང་གིས་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པ་བརྒྱུད་ནས་གནས་ཚུལ་སྤེལ་བར་ཟླ་བ་སྔོན་མའི་ཚེས་ ༢ ནས་ད་བར་ཁྲིམས་ཁང་ནས་རྡོ་རྗེ་བཀྲིས་ལགས་ཀྱི་གནད་དོན་ཐོག་ཡར་ལེན་གང་ཡང་བྱས་མེད་པ་དང་འབྲེལ། ཁས་ལེན་བྱས་པ་ལྟར་བྱུང་མེད་སྟབས། ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དྲ་རྒྱའི་ཐོག་བརྙན་ཐུང་ཞིག་འདོན་སྤེལ་གནང་སྟེ་ཁོང་སྤུན་གཉིས་ནས་རྡོ་རྗེ་བཀྲིས་ལགས་ཀྱི་ཆེད་དུ་ལས་འགུལ་སླར་སྤེལ་རྒྱུ་ཡིན་ཞེས་གསངུས་འདུག

དེ་བཞིན་ཁ་ཉིན་ཚེས་ ༦ ཉིན་རྡོ་རྗེ་ཚེ་བརྟན་ལགས་ཀྱི་བརྙན་ཐུང་གཞན་ཞིག་འདོན་སྤེལ་གནང་བའི་ནང་ཁོང་གིས་འདི་ལོའི་ལོ་གསར་སྔོན་ཚུད་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་འབྲེལ་ཡོད་གཞུང་གི་མི་སྣར་རྡོ་རྗེ་བཀྲིས་ལགས་དང་ཐུག་འཕྲད་ཆོག་པའི་ཞུ་གཏུག་རིམ་པ་ཞུས་ཡོད་ཀྱང་དང་ལེན་གང་ཡང་བྱས་མེད་སྐོར་གསུངས་པ་དང་འབྲེལ་ཏེ་ད་བར་ཁོང་ནས་རང་ཉིད་ཀྱི་གཅུང་པོ་དང་དངོས་སུ་མ་ཐུག་ནས་མི་ལོ་ལྔ་ཧྲིལ་པོ་སོང་ཡོད་པར་གསུངས་འདུག

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་རྒྱུས་ལོན་བྱས་པར་ རྡོ་རྗེ་བཀྲིས་ལགས་ཀྱི་ནང་མི་རྣམས་ལ་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༡༢ ནང་དྲ་ཐོག་ནས་ཐུག་འཕྲད་གནང་རྒྱུའི་གོ་སྐབས་གཅིག་རག་པ་མ་གཏོགས། ཕྱི་ལོ་ ༢༠༡༩ ནས་བཟུང་ད་བར་ཁོང་དང་དངོས་སུ་ཐུག་འཕྲད་གནང་རྒྱུའི་གོ་སྐབས་གཅིག་ཀྱང་རག་མེད་པར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།