Tibetan Royal Year of 2151 | Year of the Wood Dragon

རྩིས་ལོ་ ༢༠༢༣་༢༤ ལོའི་སྔོན་རྩིས་ནང་འགྲོ་གྲོན་སྒོར་ས་ཡ་ ༣༠༣༤་༠༡ འགོད་འབུལ་ཞུས་སོང་།

Tibetan News Headlines

  • བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་རྒྱབ་སྐྱོར།
  • ཉེན་རྟོག་པས་དམ་བསྒྲགས་འོག་བོད་པའི་དགེ་འདུན་པ་ཞིག་གིས་རང་སྲོག་བཅད་པ།
  • རྒྱ་ནག་ནས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གཏོར་ཐབས་བྱེད་བཞིན་པ་ཐེར་འདོན།
  • ཨ་རིའི་མི་ནི་སོ་ཊར་ Ocean of Wisdom ཅ་ཊར་སློབ་གྲྭ་གསར་འཛུགས་གནང་རྒྱུའི་ཐོག་བཅར་འདྲི།

Wednesday 17/04/2024

  • US Senate Committee approves Resolve Tibet Act
  • Police harassment and continued surveillance prompts Tibetan monk to commit suicide
  • Whistle blower accuses China of manipulating UN reports and bribing official to serve its interests
  • Ocean of Wisdom: MN Tibetan Charter School

དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༡།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༣༌༌༢༤ ལོའི་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་སྒོར་ས་ཡ་ ༣༠༣༤.༠༡ འགོད་འབུལ་ཞུས་སོང་།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་དང་སྦྲགས་ཏེ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་དུས་དབུ་འཛུགས་ཀྱི་གསུང་བཤད་གནང་གྲུབ་མཚམས་སུ་དཔལ་འབྱོར་བཀའ་བློན་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་རྩིས་ལོ་ ༢༠༢༣༌༢༤ ལོའི་སྔོན་རྩིས་འཆར་འབུལ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་པ་དང་འབྲེལ། མ་དངུལ་རྒྱུན་གྲོན་དང་དམིགས་བས་ལས་དོན། དེ་བཞིན་ཟུར་བཀོལ་ལས་འཆར་བཅས་ཀྱི་ཕྱོགས་བསྡོམས་འགྲོ་འཆར་ཧིན་སྒོར་ས་ཡ་ ༣༠༣༤་༠༡ ནས་བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་ལས་དོན་སླད་བརྒྱ་ཆ་  ༡༩་༩༠ དང་སྤྱི་ཚོགས་བདེ་དོན་སླད་ས་ཡ་ ༦༧་༦༢ འཛིན་སྐྱོང་དང་འབྲེལ་བའི་ལས་དོན་སླད་བརྒྱ་ཆ་ ༡༢་༤༨ བཅས་ཀྱི་སྡེ་ཚན་གསུམ་དུ་བཀར་ནས་རྩིས་བསྐོར་ཞུས་སོང་བར་མ་ཟད། འདི་ལོའི་ལོ་འཁོར་མོ་གཅིག་གི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་འཆར་སྒྲིག་དང་དགོས་དངུལ་སྔོན་རྩིས་འཆར་འབུལ་ཞུས་པ་དེ་རྩིས་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་ ༡༩་༣༥ མང་བ་ཆགས་དགོས་པའི་རྒྱུ་མཚན་ནི་ཡུལ་ཁྲིམས་ལྟར་དེབ་སྐྱེལ་བྱས་པའི་སྒྲིག་འཛུགས་སོ་སོའི་རྩིས་ཁྲར་ཞིབ་འཇུག་གིས་བརྒྱ་ཆ་སུམ་ཅུའི་ཁྲལ་མ་ཕོག་པ་བྱ་རྒྱུ་ཆེད་ལས་གཞི་ཆེ་འབྲིང་རྣམས་ལོ་རང་བཀག་གི་ལས་གཞིའི་ནང་བཅུག་ཡོད་སྟབས་ཡིན་པར་གསུངས་སོང་། 

དཔལ་འབྱོར་བཀའ་བློན་མཆོག་གིས་གྲོས་ཚོགས་སུ་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་ཁྲོད་འཛིན་སྐྱོང་བཀའ་ཤག་ནས་འདས་པའི་ཟླ་བ་དྲུག་ཙམ་རིང་ལས་ཁུངས་སོ་སོའི་འབྲེལ་ཆགས་ལས་གཞི་ཁག་ལ་ཞིབ་འཇུག་གྲུབ་རྗེས་ལས་ཁུངས་རེ་རེ་བཞིན་དཔལ་འབྱོར་ལས་ཁུངས་མཉམ་བསྐྱར་ཞིབ་སྔ་རྗེས་ཞིབ་ལྷུག་བགྱིས་པ་དང་འབྲེལ་ཡོད་རོགས་ཚོགས་ཁག་ཅིག་ལའང་གོ་བསྡུར་གནང་སྟེ་ལས་གཞི་ཁག་དབྱེ་གསེས་བྱས་ཏེ་རྩིས་ལོ་ ༢༠༢༣ དང་ ༢༤ རྩིས་ལོ་ ༢༤ དང་ ༢༥ རྩིས་ལོ་ ༢༠༢༥ དང་ ༢༦ རྩིས་ལོ་ ༢༠༢༦ དང་ ༢༧ བཅས་སོ་སོར་ཆ་བགོས་འཆར་འགོད་ཟིན་ཡོད་ལ་རྩིས་ལོ་རྗེས་མར་ཕྱི་རྒྱལ་རོགས་ཚོགས་ཁག་གི་ཚོགས་འདུ་ཞིག་བསྐོང་འཆར་ཡོད་པར་གསུངས་པ་དང་ཆབས་ཅིག རྩིས་ལོ་ ༢༠༡༧ ནས་ ༢༠༢༢ བར་གྱི་སྔོན་རྩིས་བཀའ་འཁྲོལ་བྱུང་སོང་གི་གནས་སྟངས་དང་འདས་ལོ་ལྔའི་བོད་མིའི་སྒྲིག་འཛུགས་ཀྱི་དངོས་བྱུང་ངོ་སོང་དང་ལྷག་བསྡད་ཀྱི་མ་དངུལ་གནས་སྟངས་སྙན་སྒྲོན་ཞུས་པ་བརྒྱུད་འདས་པའི་ལོ་ལྔའི་ཕྱོགས་བསྡོམས་མ་དངུལ་ཁོངས་སུ་ཚུད་པའི་ལས་ཁུངས་ཁག་གི་མ་དངུལ་གནས་བབ་སྒོར་ས་ཡ་ ༤༣༥་༠༢ ཆགས་ཀྱི་ཡོད་པ་གསུངས་སོང་། 

དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གྲུབ་མཚམས་རྩིས་ལོ་ ༢༠༢༣ དང་། ༢༤ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་ཚོགས་ཆུང་དེའི་སྙན་ཐོ་སྙན་སྒྲོན་ཞུས་པར་རྩིས་ལོ་འདིའི་ནང་སྔ་ལོ་ལས་སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༤༩༡་༨༠ འཕར་ཆ་བྱུང་ཡོད་ཀྱང་བཀའ་ཤག་གིས་རྒྱབ་གཉེར་གནང་བའི་འགྲོ་གྲོན་ལ་ཚོགས་ཆུང་གི་ངོས་ནས་སྤར་གཅོག་གང་ཡང་གནང་མེད་པ་དང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་གི་སྔོན་རྩིས་ཡུལ་ལུང་སོ་སོའི་དངུལ་འབབ་ཐོག་འཆར་འབུལ་གྱིས་ཕྱོགས་བསྡོམས་ཆེད་ཧིན་སྒོར་ནང་བཀའ་ཤག་གིས་འཛའ་ཐང་གང་བསྒྱུར་གནང་བ་ཇི་བཞིན་དེར་རྒྱབ་གཉེར་ཞུས་ཡོད་པ་སོགས་བཀོད་འདུག

པར་ཁག་བོད་མི་མང་སྤྱི་འཐུས་ལྷན་ཚོགས།

འབྲེལ་ཡོད་གསར་གནས།

གསར་གནས།