Tibetan Royal Year of 2151 | Year of the Wood Dragon

ལས་བྱེད་ཚོས་ལས་བཅར་དང་ཕྱིར་སྐྱོད་བྱ་ཕྱོགས་ཀྱི་རྩ་འཛིན་ལ་རྩིས་མེད་བཏང་ན་དངུལ་གྱི་ཉེས་ཆད།

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

རྒྱ་གར་ནང་ཐེམ་སྤང་བཀག་རྒྱ་གུ་ཡངས་ཀྱི་རིམ་པ་བཞི་པའི་བཀོད་ཁྱབ་ཁྲོད་མང་ཚོགས་ཀྱི་འགྲུལ་སྐྱོད་སོགས་ལ་ལྷོད་ཡངས་ཕྱིན་པའི་རྐྱེན་གྱིས།  རྒྱ་གར་རྒྱལ་ཡོངས་ནང་ད་སྐབས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་གྱི་གྲངས་ཐོ་དེ་ཉིན་རེ་ནས་འཕར་བཞིན་པ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་གཉན་རིམས་ཕོག་མཁན་མང་དག་ཅིག་བྱུང་བཞིན་པ་ལྟར། དེ་རིང་བོད་མིའི་སྒྲིག་འཛུགས་བཀའ་ཤག་ངོས་ནས་ཕྱི་ཟླ་ ༡༠ པའི་ཚེས་ ༡༨ བར་ལས་བྱེད་རྣམ་པའི་ལས་བཅར་ཞུ་ཕྱོགས་དང་ཕྱིར་བསྐྱོད་བྱ་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་ཞིག་འདོན་སྤེལ་དང་འབྲེལ། དེར་བརྩི་བཀུར་མི་ཞུ་མཁན་ཚོར་དངུལ་གྱི་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་གནང་འདུགདེའང་དེ་རིང་བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་གི་དྲུང་ཆེ་འགན་འཛིན་ལྷན་རྒྱས་མཆོག་གི་མཚན་ཐོག་ཏུ་བཀོད་ཁྱབ་ཅིག་བཏང་བའི་ནང་། ཉེ་ལམ་གངས་ཅན་སྐྱིད་གཤོངས་དུ་ཡོད་པའི་རྒྱ་གར་གྱི་ཀེ་ཎ་ར་དངུལ་ཁང་ནང་གི་ལས་བྱེད་གཉིས་ལ་ཏོག་དབྱིབས་གཉན་རིམ་ ༡༩ ཡི་ནད་ཕོག་པ་དང་། གཞན་ཞིག་ལ་ནད་རྟགས་ཐོན་པ་བཅས་ཀྱི་ཁྲོད། ད་ལྟའི་དུས་སྐབས་འདིར་རང་རེའི་སྒྲིག་འཛུགས་ཀྱི་ལྟེ་གནས་སྲུང་སྐྱོབ་བྱ་རྒྱུ་གལ་གནད་ཆེ་བ་དང་། ནད་ཡམས་ལ་བརྟེན་ནས་དབུས་ལས་ཁུངས་ཁག་སྒོ་རྒྱག་དགོས་བྱུང་ཚེ་བོད་མིི་མང་ཚོགས་ལ་བརྡབ་གསིག་གཏོང་ཉེན་ཡོད་པར་འགྲེལ་བརྗོད་དང་འབྲེལ། ཕྱི་ཟླ་ ༩ པའི་ཚེས་ ༢༡ ནས་ ༡༠ ཚེས་ ༡༨ བར་ལས་ཁུངས་སོ་སོའི་ལས་བྱེད་གྲངས་འབོར་གྱི་བརྒྱ་ཆ་ ༥༠ རེས་མོས་ཐོག་ལས་བཅར་ཞུ་རྒྱུར་བཟོས་འདུག

རྩ་འཛིན་ལམ་སྟོན་དེའི་ནང་ད་དུང་། ནོར་གླིང་དང་རྡ་ཤོས་བོད་ཁྱིམ་ཁུལ་དུ་ཕྱིར་སྡོད་ལས་བྱེད་ཕུད་དེ་མིན་ལས་ཁུངས་སོ་སོའི་དྲུང་ཆེ་འགན་འཛིན་གྱི་བཀའ་ཁྲོལ་མེད་པར་རྡ་ཤོད་སྣུམ་ཚུགས་དང་རྡ་ཤོད་བོད་ཁྱིམ་སློབ་གྲྭ་བརྒལ་ནས་ཕྱིར་བསྐྱོད་ཆོག་གི་མེད་པ་དང་། གལ་ཏེ་དེ་འདྲའི་གནད་དོན་ལྷག་ཚེ་བསྐྱོད་ཐེངས་དང་པོར་སྒོར་ ༥༠༠༠ དང་། གཉིས་པར་ ༡༠༠༠༠། གསུམ་པར་སྒོར་ ༣༠༠༠༠ བཅས་ཀྱི་ཉེས་ཆད་གཅོད་རྒྱུ་མ་ཟད། ད་དུང་ལམ་སྟོན་ལ་རྩིས་མེད་ཀྱིས་བསྐྱོད་ཐེངས་གསུམ་ལས་མང་བའི་གནས་ཚུལ་བྱུང་ཚེ་ཟླ་གསུམ་རིང་ཕོག་མེད་གུང་སེང་གཏོང་རྒྱུ་དང་། དོ་བདག་གི་ལས་ཤག་ཀྱང་ཕྱིར་བསྡུ་གནང་རྒྱུ་ཡིན་སྐོར་འཁོད་འདུག

གཞན་ཡང་ལས་བྱེད་རྣམ་པས་ཕན་ཚུན་བཀའ་མོལ་གྲོས་བསྡུར་གནང་སྐབས་ཁ་རས་ངེས་པར་དུ་གྱོན་དགོས་པ་དང་། མ་གྱོན་ཚེ་ཐེངས་རེར་སྒོར་ ༥༠༠ རེ་ཉེས་ཆད་གཅོད་རྒྱུ་དང་། ཅིི་སྟེ་མཛད་གཙོ་རྣམ་པ་དང་ལས་བྱེད། ནང་མི་བཅས་གཞུང་འབྲེལ་དང་སྒེར་གྱི་ལས་དོན་དབང་གིས་གོང་གི་ས་ཚུགས་བརྒལ་ནས་མི་ཕེབས་ཀ་མེད་བྱུང་ཚེ་འབྲེལ་ཡོད་སོ་སོའི་དྲུང་ཆེ་འགན་འཛིན་རྣམས་ལས་ཡིག་ཐོག་བཀའ་ཁྲོལ་ཞུ་དགོས་པ་དང་དེའི་ངོ་ཤུས་འཕྲོད་བསྟེན་ལས་ཁུངས་སུ་གཏོང་དགོས་པ་བཟོས་འདུག

གཞི་རྩའི་རྒྱ་གར་ནང་གཉན་རིམས་ཕོག་མཁན་དེ་རིང་བར་ས་ཡ་ལྔ་ལྷག་བྱུང་བའི་ཁོངས་ནས་ས་ཡ་བཞི་ལྷག་དྲག་སྐྱེད་དུ་ཕྱིན་ཡོད་པ་དང་། བཙན་བྱོལ་བོད་མི་གནས་སྡོད་བྱ་ཡུལ་རྒྱ་བལ་འབྲུག་གསུམ་ནང་ལ་ད་བར་ནད་གཞི་ཕོག་པ་བོད་མི་ ༢༩༥ བྱུང་བའི་ཁོངས་ནས་ ༡༡ འདས་གྲོངས་གྱུར་བ་དང་། ༡༠༩ དྲག་སྐྱེད་བྱུང་ཡོད་པ། ད་ཆར་ནད་ཀྱིས་མནར་བཞིན་པ་ ༡༧༥ ཆགས་ཡོད་པ་རེད་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཁ་སང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་གར་དབུས་དང་མངའ་སྡེའི་གཞུང་ནས་མང་ཚོགས་འདུ་འཛོམས་དང་འགྲུལ་སྐྱོད་རིགས་ལ་ལྷོད་ཡངས་ཕྲན་བུ་བཏང་ཡང་། གཉན་རིམས་དེའི་ཆེད་སྨན་བཅོས་ཚད་ལྡན་ཞིག་གནང་མ་ཐུབ་པ་དེ་སྲིད་དུ་ཛ་དྲག་ཏུ་འགྲོ་ངེས་ཡིན་སྟབས་བོད་མི་རྣམས་ཀྱིས་ངེས་པར་དུ་ཛ་དྲག་བྱུང་ན་མ་གཏོགས། སྨན་ཁང་དང་མི་འཛོམས་ཆེ་བའི་འདུ་འཛོམས་རིགས་ལ་མ་ཕེབས་རོགས་ཞེས་རེ་སྐུལ་དང་། ལྷག་པར་དུ་བོད་མིའི་གནས་སྡོད་གནང་ཡུལ་ས་གནས་གང་སར་གོ་སྒྲིག་ཞུས་པའི་འགོག་དབྱེ་ཟུར་འཇོག་ཁང་དུ་དགོངས་པ་ཆེ་བཞེས་ཀྱིས་བཞུགས་རྒྱུ་གལ་གནད་ཡིན་པར་གཞེན་སྐུལ་གནང་བ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ལ་ཉེན་ཁ་བྱུང་ན་བོད་མི་སྤྱི་ལ་དཀའ་ངལ་འཕྲད་ངེས་ཡིན་པར་བརྟེན་དྷ་སའི་ནང་དང་དྷ་སའི་གཡས་གཡོན་དུ་བཞུགས་མཁན་ཚོས་དེའི་ཐད་ཐུགས་འགན་དམིགས་བསལ་བཞེས་དགོས་པའི་འབོད་སྐུལ་ནན་པོ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།