Tibetan Royal Year of 2151 | Year of the Wood Dragon

ས་གནས་འགོ་འཛིན་རྣམས་ཀྱི་ཚོགས་ཐེངས་བཅུ་གསུམ་པ་དབུ་འཛུགས།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

ཁ་སང་ཟླ་འདིའི་ཚེས་ ༢༦ ནས་དབུ་འཛུགས་ཀྱིས། ཚེས་ ༢༨ བར་སྟེ། ཉིན་གསུམ་གྱི་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཐེངས་ ༡༣ དྲྭ་ཐོག་བརྒྱུད་ཚོགས་བཞིན་པ་རེད་འདུག
རྩ་བའི་རྒྱ་བོད་འབྲུག་གསུམ་གྱི་བོད་མིའི་གཞིས་འགོ་ཁག་གི་ཚོགས་འདུ་དེ་ལོ་གཉིས་རེ་མཚམས་སུ་ཐེངས་རེར་འཚོགས་བཞིན་ཡོད་ནའང་། འདི་ལོ་ཏོག་དབྱིབས་གཉན་རམས་ཀྱི་རྐྱེན་གྱིས་ས་གནས་འགོ་འཛིན་རྣམས་ཆེད་དུ་བཞུགས་སྒར་དུ་བཅར་མི་དགོས་བའི་ཐོག་ནས་དྲྭ་ལམ་བརྒྱུད་དེ་ཚོགས་འདུ་ཐེངས་བཅུ་གསུམ་པ་དེ་འཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཁྲོད་བོད་མིའི་འདུས་སྡོད་ཀྱི་ས་གནས་འགོ་འཛིན་གྲངས་ ༤༣ གྱིས་འཛུལ་ཞུགས་གནང་མུས་རེད་འདུག

ཐེངས་འདིའི་རྒྱལ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་རྣམས་ཀྱི་ཚོགས་ཆེན་གྱི་བརྗོད་གཞི་ཆེ་ཁག་ལྔ་ནི། ༸གོང་ས་མཆོག་གི་སྐུ་ཕྱྭའི་ཐད་ནས་བོད་མི་རྣམས་ཀྱིས་འགན་འཁུར་ཧུར་ལེན་དང་། ཕྱི་ལོ་ ༢༠༡༨ ལོའི་ཚོགས་ཆེན་གྱི་གྲོས་ཆོད་ཁག་བསྣོལ་འཇོག་དང་ལག་བསྟར་ཞུ་ཕྱོགས་ཀྱི་དགོངས་འཆར་བསྡུ་ལེན། གཞན་ཡང་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ་ཁྱབ་སྤེལ་བྱེད་ཕྱོགས། དེ་བཞིན་ཕྱིོ་ལོ་ ༢༠༡༤ ལོར་རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མི་རྣམས་ལ་མཐུན་སྦྱོར་ཞུ་ཕྱོགས་ཀྱི་སྲིད་བྱུས་གཏན་འབེབས་གནང་བ་ཁག་ལག་བསྟར་བྱེད་ཕྱོགས་དང་། སྐབས་འདིའི་བཀའ་ཤག་གི་ལས་ཡུན་མ་ཚང་བར་དུ་གཞིས་ཆགས་ཁག་ཏུ་ཛ་དྲག་གི་གལ་ཆེའི་ལས་འཆར་ཁག་མཇུག་སྐྱོང་ཡོང་ཐབས་སོགས་རེད་འདུགརྩ་བའི་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དྲྭ་ཐོག་བརྒྱུད་ཐེངས་འདིའི་ཚོགས་ཐོག་ཏུ། ཉེ་ལམ་སྲིད་སྐྱོང་མཆོག་ཨ་རི་ཁུལ་དུ་གཞུང་དོན་ཕྱོགས་ཕེབས་སྐབས་བོད་དོན་དང་འབྲེལ་བའི་དམིགས་བསལ་འབུར་དུ་ཐོན་པའི་ལས་དོན་གྲུབ་འབྲས་ཇི་བྱུང་སྐོར་དང་། བཙན་བྱོལ་བོད་མིའི་གྲངས་མཛོད་ཀྱི་ལས་དོན་གལ་གནད། རྒྱ་ནག་ཝུ་ཧན་ནས་བརྡོལ་བའི་ཏོག་དབྱིབས་གཉན་རིམས་ ༡༩ དང་འབྲེལ་བའི་སྔོན་འགོག་ཐབས་ལམ་ཇི་ཡོད་དང་མ་འོངས་གདོང་ལེན་གནང་ཕྱོགས། རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་བོད་མི་ཉམ་ཐག་རྣམས་ལ་དམིགས་བསལ་ལྟ་སྐྱོང་དགོས་པ་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་རེད།
གནད་དོན་དེ་དང་འབྲེལ་གསར་འགོད་པས་ནང་སྲིད་དྲུང་ཆེ་མཆོག་ལ་འདི་ལོ་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་འཛམ་གླིང་གང་སར་དཀའ་ངལ་འཕྲད་བཞིན་ཡོད་པ་ལྟར། བོད་པའི་སྤྱི་ཚོགས་ཀྱི་ནང་དུ་ཡང་དཀའ་ངལ་འཕྲད་མུས་ཁྲོད། བོད་མི་ཉམས་ཐག་རྣམས་ལ་བོད་མི་རང་གིས་བརྙན་ལམ་ནས་ཞལ་འདེབས་སློང་རོགས་བྱས་པ་དེར་ནང་སྲིད་ནས་བཀའ་ཁྱབ་བཏང་བ་དང་། ས་གནས་འགོ་འཛིན་ཁག་གཅིག་གིས་དྲྭ་ཐོག་ནས་རོགས་དངུལ་བསྡུ་རུབ་བྱས་ན་ས་གནས་འགོ་འཛིན་ལས་ཁུངས་ནས་རྒྱབ་གཉེར་ཡི་གེ་སྤྲོད་རྒྱུ་མིན་ཚུལ་སོགས་གསུངས་མཁན་བྱུང་བར་མང་ཚོགས་ནས་སེམས་འཚབ་བྱེད་མཁན་མང་པོ་བྱུང་ཡོད་སྟབས། ནང་སྲིད་ལས་ཁུངས་ཀྱིས་གནད་དོན་དེར་ངོས་འཛིན་གནང་ཕྱོགས་ཀྱི་ཐད་ནས་བཀའ་འདྲི་ཞུས་པར། རྩ་བའི་བོད་མི་རྣམས་ཀྱིས་གནད་འགག་གི་སྐབས་སུ་ཕན་ཚུན་ལ་རྒྱབ་སྐྱོར་གནང་བར་རྗེས་སུ་ཡི་རངས་ཡོད་ནའང་། བོད་མི་ཁག་ཅིག་གིས་ཉམ་ཐག་རྣམས་ཀྱི་རྒྱབ་ལྗོངས་དངོས་ལ་རྟོག་དཔྱོད་མ་བྱས་པར་དྲྭ་ཐོག་ནས་དངུལ་བསྡུ་རུབ་བྱེད་བཞིན་པ་དེ་འགྲོ་ལུགས་དང་མི་མཐུན་པ་ཞིག་ཡིན་སྐོར་གསུངས་སོང་།
དེ་བཞིན་དྲུང་ཆེ་མཆོག་གིས། དེང་སྐབས་བརྙན་ལམ་ནས་བོད་ཆས་གྱོན་ཏེ་སློང་མོ་རྒྱག་མཁན་མང་པོ་བྱུང་གི་ཡོད་པའི་ཁྲོད་དུ། བལ་ཡུལ་དང་སིམ་ལ། དེ་བཞིན་ཀོ་ལུ་མི་ན་ལའི་ཁུལ་དུ་བོད་མི་ཡིན་མདོག་གིས་བོད་ཆས་གྱོན་ནས་རང་ཉིད་ཀྱི་འཚོ་ཐབས་སྐྱོ་བོ་ཡིན་པར་ཁྱབ་བསྒྲགས་ཀྱིས་སློང་མོ་རྒྱག་གི་ཡོད་པའི་གནད་དོན་ཁག་ཅག་ཅིག་གཞུང་འབྲེལ་གྱིས་བོད་མི་མིན་པ་ར་འཕྲོད་བྱུང་ཡོད་སྟབས། དྲྭ་ལམ་ནས་བརྙན་བཟོ་མཁན་རྣམས་ཀྱིས་ཀྱང་བོད་མི་མིན་པ་ཞིག་ལ་བོད་མི་ཡིན་པར་བསྙལ་ནས་བརྙན་བཟོ་བཞིན་པ་དེར་ཐུགས་སྣང་གནང་དགོས་བའི་ཞུ་སྐུལ་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།