Tibetan Royal Year of 2151 | Year of the Wood Dragon

ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་སྐབས་བླངས་པའི་པར་ཁག་གཅིག་འགྲེམས་སྟོན།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

ཉེ་ལམ་རྒྱ་ནག་ནས་ཨི་རི་ནང་བཙན་བྱོལ་དུ་འབྱོར་བའི་རྒྱ་རིགས་ཨར་ལས་འཆར་འགོད་པ་ཡུས་ཁྲི་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ས་ཁྱོན་ཡོངས་སུ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་སྐབས་དང་སྒེར་ལངས་རྗེས་བཅས་སུ་བླངས་པའི་པར་ཁག་གཅིག་འགྲེམས་སྟོན་གནང་སྟེ་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་དང་མི་སེར་སྤེལ་བའི་སྲིད་བྱུས་ལག་བསྟར་བྱས་ཁག་ཐེར་འདོན་གནང་འདུག

ཡུས་ཁྲི་ལགས་ཀྱིས་པར་འགྲེམས་སྟོན་དེ་ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་རྒྱལ་ས་ Washington DC ལ་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་གནང་ཡོད་པ་དང་པར་འགྲེམས་སྟོན་དང་འབྲེལ་ཏེ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་འགྲེམས་སྟོན་ནང་གཙོ་བོ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་བྱུང་སྐབས་ས་གནས་དངོས་ཀྱི་གནས་སྟངས་མཚོན་པའི་པར་དང་ཞི་རྒོལ་རྗེས་སུ་རྒྱལ་ས་ལྷ་ས་གཙོས་ཉེ་འཁོར་གྱི་ས་གནས་ཁག་ཏུ་རྒྱ་གཞུང་གིས་དམ་བསྒྲགས་ཇེ་ཆེར་བྱས་དང་བྱེད་བཞིན་ཡོད་པའི་པར། དེ་བཞིན་བོད་ཀྱི་རང་བྱུང་ཁོར་ཡུག་གནས་སྟངས་དང་འབྲེལ་བའི་པར་ཁག་གཅིག་བཅས་སྡེ་ཚན་བཞིར་དབྱེ་ཡོད་པར་འགྲེལ་བརྗོད་གནང་སོང་།

ཁོང་གིས་ད་དུང་རྒྱ་རིགས་ཤིག་གིས་རྒྱལ་སྤྱིའི་ཐོག་བོད་ནང་གི་དངོས་གནས་སྟངས་གང་འདྲ་ཡོད་མེད་དང་འབྲེལ་བའི་པར་འགྲེམས་སྟོན་གནང་བ་འདིས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་བློ་དོགས་ཡོད་མཁན་ཚོར་དངོས་ར་འཕྲོད་ཐུབ་པའི་དཔང་པོ་གལ་ཆེན་ཞིག་ཆགས་ཡོད་པར་གསུངས་ཡོད།

གཞི་རྩའི་རྒྱ་རིགས་ཡུས་ཁྲི་ལགས་ནི། རྒྱ་ནག་ནང་གི་ཨར་ལས་འཛུགས་སྐྲུན་པ་གཙོ་གྲས་ཤིག་ཡིན་པ་དང་ཕྱི་ལོ་ ༢༠༠༤ ལོ་ནས་ཨར་ལས་ཀྱི་ལས་གཞི་དང་འབྲེལ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་གྲོང་ཁྱེར་ཆེ་གྲས་མི་ཉུང་བ་ཞིག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་དམག་དཔོན་ཁག་གི་སྡོད་ཁང་ལ་ཚར་གློག་བཟོ་སྐྲུན་སོགས་ཀྱི་ལས་གཞི་ཆེད་བསྐྱོད་མྱོང་འདུག

ད་ཆ་རང་ལོ་ ༥༡ ལ་སོན་པ་ཡུས་ཁྲི་ལགས་ཀྱིས་ཐེངས་འདིའི་པར་འགྲེམས་སྟོན་སྐབས་སུ་ས་གནས་ཀྱི་གནད་ཡོད་མི་སྣ་དང་གསར་འགོད་པ། དེ་བཞིན་ལྟ་སྐོར་དུ་ཕེབས་པའི་མི་མང་རྣམས་ལ་ཁོང་དེ་སྔ་བོད་དུ་སྔ་ཕྱི་ཐེངས་འགའ་ཕེབས་སྐབས་ཀྱི་མྱོང་བ་དང་། རྒྱ་གཞུང་གིས་དམ་བསྒྲགས་དང་མི་སེར་སྤེལ་བའི་སྲིད་བྱུས་ལག་བསྟར་བྱས་པའི་རྗེས་སུ་བོད་ནང་གི་གནས་སྟངས་ཇི་ཆགས་སོགས་དང་འབྲེལ་བའི་གསུང་བཤད་ཀྱང་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།