Tibetan Royal Year of 2151 | Year of the Wood Dragon

སེམས་བསྐྱེད་ཀྱི་སྡོམ་པ་འབོག་མཛད་དེ་ཉིན་གསུམ་གྱི་བཀའ་ཆོས་མཇུག་སྒྲིལ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཕྱི་ཟླ་དགུ་པའི་བར་བཞུགས་སྒར་དུ་ཆོས་འབྲེལ་ཁག་དྲུག་ཙམ་སྩལ་གཏན་ཁེལ་བ།
  • ༸གོང་ས་མཆོག་ལ་དྭགས་ཀར་གྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།
  • དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ངོ་སྤྲོད།
  • རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་།
  • བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།
  • Arthur Brooks ལགས་ཀྱིས་ཉེ་ཆར་༸གོང་ས་མཆོག་དང་མཇལ་མོལ་ཁྲོད་ཚོགས་བཅར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་གསུངས་འདུག
  • རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་གསུངས་འདུག

Thursday 18/04/2024

  • Office of His Holiness the Dalai Lama announces teaching schedule of the Tibetan spiritual leader
  • Representatives from Kargil’s Buddhist community visit Dalai Lama and extend an invitation to visit Kargil
  • Introduction to teaching on ‘100 Deities of Tushita Heaven’ (Gaden Lhagyama)
  • China expels teacher for advocating the use of Tibetan language among students
  • CTA releases a collection of Tibetan essays on Gaden Phodrang
  • ‘Ambassador of Love’: Arthur Brooks recounts Harvard delegation to meet with Dalai Lama
  • Biden Calls China ‘Xenophobic’ as US, China Defense Chiefs hold first talks in nearly 18 months

དེ་རིང་ཕྱི་ལོ་ ༢༠༢༡ ཟླ་བ་ ༡ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ཀོ་རི་ཡའི་ནང་པ་གཙོས་འཛམ་གླིང་ཡུལ་ཕྱོགས་གང་སར་བཞུགས་པའི་དད་ལྡན་རྣམས་ལ་ཤེས་རབ་སྙིང་པོའི་བཀའ་ཆོས་དང་། སེམས་བསྐྱེད་ཀྱི་སྡོམ་པ་འབོག་སྩལ་བའི་ཐོག་ཆོས་ཞུ་བ་རྣམས་ཀྱིས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་ཏེ་ཐེངས་འདིའི་ཤེས་རབ་སྙིང་བོའི་གསུངས་ཆོས་མཇུག་སྒྲིལ་གནང་སོང་།དེ་རིང་གསུང་ཆོས་ཀྱི་ཉིན་མཐའ་མའི་ཉིན་༸གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་རྣམས་ཀྱིས་ཆོས་འབྲེལ་བྱུང་བ་དེ་གྲངས་ཀ་བརྩི་བ་ཙམ་མ་ཡིན་པར།  དངོས་སུ་བླ་མའི་འགྲམ་ནས་བཀའ་ཆོས་ཞུས་པ་དེར་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཉམས་ལེན་བྱེད་དགོས་བ་དང་། དེ་བཞིན་དེར་འབྲེལ་གྱི་དཔེ་ཀློག་བྱས་ཏེ་བཀའ་ཆོས་ཀྱི་སྙིང་བོ་དེར་ངེས་ཤེས་རྙེད་པ་གནང་ནས་རང་རྒྱུད་ལ་འགྱུར་བ་གཏོང་དགོས་བ་དེ་གལ་ཆེན་པོ་ཡིན་པར་བཀའ་གནང་སོང་།དེ་བཞིན་མགོན་པོ་གང་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་བྱང་ཆུབ་སེམས་པའི་སྡོམ་པ་འབོག་མཛད་དེ། མི་ལུས་ཡང་ཡང་ཐོབ་རྒྱུ་དཀའ་མོ་ཡིན་པར་བརྟེན། མི་ལུས་ཐོབ་སྟེ་སྟོན་པ་ཡོངས་རྫོགས་མཇལ་ནས་ཡོད་པའི་དུས་སྐབས་འདིར་མི་ཚེ་སྙིང་བོ་ཡོད་པ་ཞིག་བྱེད་པར་གཞན་ཕན་གྱི་ཀུན་ནས་བསླངས་བའི་སེམས་པ་བཟང་བོ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པར་བཀའ་སྩལ་སོང་། གསུང་ཆོས་གྲུབ་མཚམས་སུ་ཀོ་རི་ཡའི་ལྡན་ལྡན་ཆོས་ཞུ་བ་ཁག་ཅིག་གི་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་མགོན་པོ་གང་གིས་བཀའ་ལན་སྩོལ་སྐབས། ཆོས་བྱེད་བྱེད་མཁན་གྱི་ལེའུ་དང་པོ་ཚོར་དེང་དུས་ཀྱི་ཁ་པར་སོགས་འཕྲུལ་ལས་ཀྱིས་བར་ཆད་བྱེད་ཀྱི་ཡོད་མིན་ཐད་ཀྱི་བཀའ་འདྲི་དེར།  གཙོ་བོ་སེམས་རྒྱུད་དུ་གཞན་ཕན་གྱི་བསམ་བློ་དང་ལྡན་པ་ཞིག་ཡིན་ན་ལས་ཅི་བྱས་མཐའ་དག་ཆོས་སུ་འགྲོ་ཐུབ་པ་ཞིག་ཡིན་པར་བཀའ་གནང་སྟེ། ཁ་པར་སོགས་བརྒྱུད་ནས་ཀྱང་གཞན་ལ་ཕན་སེམས་ཀྱིས་ཀུན་ནས་བསླངས་བའི་འབྲེལ་འདྲིས་བྱས་པ་ཡིན་ཕན་རླབས་ཀྱི་ངོ་བོར་བསྒྱུར་ཐུབ་པ་ཞིག་ཡིན་སྐོར་བཀའ་གནང་སོང་།དེ་བཞིན་ཆོས་ཞུས་བ་ཞིག་གིས་སྔར་ལོའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་གང་གིས།  སྤྱིར་མི་སུ་ཡིན་ཡང་སྐྱེ་བའི་མཐའ་མར་འཆི་དགོས་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པར་བཀའ་སྩལ་བ་དང་འབྲེལ་ནས། རང་ཅག་གི་ནང་པ་ཞིག་ལ་ཆ་མཚོན་ན། འཇིག་རྟེན་གྱི་བྱ་བཞག་ཡོད་ཚད་དེ་ཚེ་རབས་ནས་ཚེ་རབས་སུ་བསགས་པའི་ལས་འབྲས་དགེ་སྡིག་གི་བརྒྱུད་རིམ་ཞིག་ཡིན་པར་དགོངས་པ་བཞེས་བཞིན་ཡོད་སྟབས། རིམས་ནད་ཁྱབ་བརྡལ་གྱི་སྐབས་སུ་སེམས་ཞུམ་ནས་འདུག་རྒྱུ་མིན་པར། རྒྱ་ཆེ་ས་ནས་དགོངས་པ་བཞེས་ཏེ་གདོང་ལེན་གནང་ཐབས་བྱེད་དགོས་བ་ཞིག་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་ལམ་སྟོན་གནང་སོང་། དེ་རིང་གི་གསུངས་ཆོས་ཀྱི་མཇུག་སྡོམ་དུ། མགོན་པོ་གང་གིས་ཀོ་རི་ཡའི་ཆོས་གྲོགས་རྣམས་ལོ་མང་རིང་ཞལ་ཚོར་ཡོད་སྐོར་བཀའ་གནང་བ་དང་འབྲེལ་ནས། འདི་ལོར་ནད་ཡམས་ཀྱི་རྐྱེན་གྱིས་དངོས་སུ་ཞལ་མཇལ་རྒྱུ་ཁག་པོ་ཡིན་ནའང་། གསུང་ཆོས་ཀྱི་དམིགས་འབེན་དེ་སེམས་ལ་འགྱུར་བ་གཏོང་རྒྱུ་དེ་ཡིན་སྟབས་དྲ་རྒྱའི་ལམ་ནས་གོ་བསྡུར་གནང་ཆོག་པ་ཞིག་ཡིན་སྟབས་མ་འོངས་བར་ཡང་གང་མགྱོགས་མཇལ་བའི་ཐུགས་སྨོན་ཡོད་པར་བཀའ་སྩལ་དེ་ཉིན་གསུམ་གྱི་གསུང་ཆོས་མཇུག་སྒྲིག་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།