Tibetan Royal Year of 2151 | Year of the Wood Dragon

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས།

Tibetan News Headlines

  • ༸གོང་ས་མཆོག་གིས་ཕྱི་ཟླ་དགུ་པའི་བར་བཞུགས་སྒར་དུ་ཆོས་འབྲེལ་ཁག་དྲུག་ཙམ་སྩལ་གཏན་ཁེལ་བ།
  • ༸གོང་ས་མཆོག་ལ་དྭགས་ཀར་གྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།
  • དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ངོ་སྤྲོད།
  • རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་།
  • བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།
  • Arthur Brooks ལགས་ཀྱིས་ཉེ་ཆར་༸གོང་ས་མཆོག་དང་མཇལ་མོལ་ཁྲོད་ཚོགས་བཅར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་གསུངས་འདུག
  • རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་གསུངས་འདུག

Thursday 18/04/2024

  • Office of His Holiness the Dalai Lama announces teaching schedule of the Tibetan spiritual leader
  • Representatives from Kargil’s Buddhist community visit Dalai Lama and extend an invitation to visit Kargil
  • Introduction to teaching on ‘100 Deities of Tushita Heaven’ (Gaden Lhagyama)
  • China expels teacher for advocating the use of Tibetan language among students
  • CTA releases a collection of Tibetan essays on Gaden Phodrang
  • ‘Ambassador of Love’: Arthur Brooks recounts Harvard delegation to meet with Dalai Lama
  • Biden Calls China ‘Xenophobic’ as US, China Defense Chiefs hold first talks in nearly 18 months

དེ་རིང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ནས་བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་གྲུབ་རྗེས། ཉིན་རྒྱབ་ཕྱག་ཚོད་ ༡།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་གནང་སོང་།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་དང་སྦྲགས། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་དུས་དབུ་འཛུགས་ཀྱི་གསུང་བཤད་གནང་བར་དེ་རིང་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་སྐལ་བཟང་གི་གོ་སྐབས་ཞིག་བྱུང་སྐོར་གསུངས་པ་དང་འབྲེལ་བོད་ཆོལ་ཁ་གསུམ་པོ་མཐུན་སྒྲིལ་དང་གཅིག་སྒྲིལ་གནང་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་མཐུན་པའི་ཐོག་ནས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞིག་ཡོང་རྒྱུ་དེ་ནི་ང་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་དམིགས་ཡུལ་གཙོ་བོ་གཅིག་ཡིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་ཚང་མས་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་འགན་ཁུར་བཞེས་དགོས་གལ་ཡིན་པ་གསུངས་སོང་།

དེང་སྐབས་རྒྱ་ནག་ནང་དུ་ཞི་ཅིན་ཕིང་གི་ལས་ཡུན་གསུམ་པའི་ལས་ཁུར་མགོ་བཙུགས་ཡོད་པ་སོགས་རྒྱལ་སྤྱི་དང་རྒྱ་ནག་ནང་དུ་ཆབ་སྲིད་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་དང་འབྲེལ། རྒྱ་ནག་གི་འགོ་ཁྲིད་ཚོར་བོད་ནང་གི་གནས་སྟངས་དང་༸གོང་ས་མཆོག་གི་དགོངས་གཞི་བཅས་ལ་བསྐྱར་ཞིབ་བྱས་ཏེ་བོད་རྒྱ་གཉིས་སྨན་སླད་དུ་བོད་རྒྱ་འབྲེལ་མོལ་གནང་སྟེ་སྙིང་སྟོབས་དང་ལྷག་བསམ། ཆོད་སེམས་གསར་པ་ཞིག་བསྐྱེད་པའི་ཐོག་ནས་གོ་སྐབས་དམ་འཛིན་གྱིས་བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་རེ་སྐུལ་གནང་སོང་།

གཙོ་བོ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་བཀའ་སྤྱི་གཉིས་ཀྱིས་གཙོས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྐུ་ལས་བསྐྱོན་པའི་ཁྲོད་ད་བར་རྒྱལ་སྤྱིའི་གཞུང་ཚོགས་ཁག་མང་དག་ཅིག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་བཞིན། འདི་ལོ་ནང་མེག་སི་ཀོ་དང་སཱི་པེན་ནང་དུའང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་ཡོད་པ་སོགས་ཀྱི་གྲུབ་འབྲས་ཐོན་ཡོད་པར་མ་ཟད། འདི་ལོར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་བོད་དོན་ཁྲིམས་འཆར་གསར་པ་ཞིག་ངོ་སྤྲོད་གནང་ཡོད་པ་དེ་ཡང་གཏན་འབེབས་བྱུང་ཐུབ་པའི་རེ་བ་ཡོད་ཅེས་དང་། ཚང་མས་མུ་མཐུད་ནས་འགན་ཁུར་བཞེས་དགོས་པའི་སྐུལ་མ་གནང་ཡོད།

དེ་བཞིན་ཚོགས་གཙོ་མཆོག་གིས་དེ་རིང་ལས་ཉིན་དང་པོའི་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་ཕེབས་ཀྱི་ཡོད་པ་དང་འབྲེལ། དེང་སྐབས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ལ་ལྟ་སྟངས་སོགས་ལ་འགྱུར་ལྡོག་ཆེན་པོ་ཐེབས་བཞིན་ཡོད་པ་བཅས་ལ་གཞིགས་ཏེ་གྲོས་ཚོགས་འཐུས་མི་རྣམས་ལ་གནད་དོན་དེ་དག་ཐོག་དགོངས་ཚུལ་དང་བཀའ་བསྡུར་ལྷུག་པོ་གནང་ནས་ཆབ་སྲིད་ཀྱི་བརྡ་གསལ་པོ་ཞིག་གནང་བར་ཐུགས་བརྩོན་གནང་དགོས་གལ་ཡིན་པ་གསུངས་སོང་།

དེ་རིང་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་དང་སྦྲགས། དེ་རིང་ལས་ཉིན་དང་པོར་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་ཕེབས་ཡོད་པ་དང་། དེའི་ནང་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་སྟེ་བོད་ཀྱི་རྩ་དོན་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་རྣམས་ལ་རྗེས་དྲན་དང་རྒྱ་གཞུང་གི་གདུག་རྩུབ་མྱོང་བཞིན་པའི་བོད་མི་དང་དེ་དག་གི་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་། རྒྱ་ནག་གཞུང་ལ་བོད་ནང་གི་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པ། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་དགོས་པ། དེ་བཞིན་༸གོང་ས་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ལྡེ་མིག་ལྟ་བུ་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱིས་༸གོང་ས་མཆོག་གི་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་བོད་རྒྱ་གྲོས་མོལ་གནང་རྒྱུར་གྲ་སྒྲིག་ཨང་སར་ཡོད་ཀྱང་། རྒྱ་གཞུང་གིས་མགོན་པོ་༸གང་ཉིད་མཆོག་སྐུ་འཚོ་བཞུགས་ཡོད་སྐབས་སུ་བོད་རྒྱའི་དཀའ་རྙོག་སེལ་བར་ཐག་གཅོད་མ་བྱས་ཚེ་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ་སོགས་དོན་ཚན་བདུན་ཅན་གྱི་གྲོས་ཆོད་གྲོས་འཆར་ཞིག་ཆེད་བཏོན་གནང་འདུག

རྩ་བའི་ཐེངས་འདིའི་གྲོས་ཚོགས་ནི་དེ་རིང་ཕྱི་ཚེས་ ༡༥ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༢༥ བར་ཚོགས་ཀྱི་ཡོད་པ་དང་། གྲོས་ཚོགས་ཀྱི་ཚོགས་དུས་ལྔ་པའི་ཐོག་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༣་་༢༤ ལོའི་སྔོན་རྩིས་གཏན་འབེབ་གནང་རྒྱུ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་ཐབས་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་ཞུས་པའི་ཐོག་གོ་བསྡུར་གནང་རྒྱུ། བཅའ་ཁྲིམས་གཙོས་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་གྲོས་ཆོས་ཁག་གཅིག ཁྲིམས་སྒྲིག་བསྐྱར་བཅོས་འཆར་འཛིན་ཚོགས་ཆུང་བསྐོ་འཛུགས་བྱེད་རྒྱུའི་གྲོས་ཆོད། དེ་བཞིན་འཛིན་སྐྱོང་བཀའ་ཤག་ནས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་བསྡུ་དངུལ་དང་འབྲེལ་ནས་དཔྱ་དངུལ་ཆག་ཡང་དང་གསལ་བཟོའི་གོ་སྐབས་གནང་རྒྱུ་བཅས་ཀྱི་གྲོས་ཆོད་ཐོག་གོ་བསྡུར་གནང་རྒྱུ་ཡིན་པ་རེད།

པར་ཁག་བོད་མི་མང་སྤྱི་འཐུས་ལྷན་ཚོགས།

འབྲེལ་ཡོད་གསར་གནས།

གསར་གནས།