Tibetan Royal Year of 2151 | Year of the Wood Dragon

སྦྱིན་སྲེག་ཁག་ལྔའི་ཐོག་ནས་༸ཀླུ་ལྡིང་མཁན་ཆེན་༸རྡོ་རྗེ་འཆང་མཆོག་གི་སྐུ་གདུང་ཞུགས་འབུལ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཕྱི་ཟླ་དགུ་པའི་བར་བཞུགས་སྒར་དུ་ཆོས་འབྲེལ་ཁག་དྲུག་ཙམ་སྩལ་གཏན་ཁེལ་བ།
  • ༸གོང་ས་མཆོག་ལ་དྭགས་ཀར་གྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།
  • དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ངོ་སྤྲོད།
  • རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་།
  • བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།
  • Arthur Brooks ལགས་ཀྱིས་ཉེ་ཆར་༸གོང་ས་མཆོག་དང་མཇལ་མོལ་ཁྲོད་ཚོགས་བཅར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་གསུངས་འདུག
  • རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་གསུངས་འདུག

Thursday 18/04/2024

  • Office of His Holiness the Dalai Lama announces teaching schedule of the Tibetan spiritual leader
  • Representatives from Kargil’s Buddhist community visit Dalai Lama and extend an invitation to visit Kargil
  • Introduction to teaching on ‘100 Deities of Tushita Heaven’ (Gaden Lhagyama)
  • China expels teacher for advocating the use of Tibetan language among students
  • CTA releases a collection of Tibetan essays on Gaden Phodrang
  • ‘Ambassador of Love’: Arthur Brooks recounts Harvard delegation to meet with Dalai Lama
  • Biden Calls China ‘Xenophobic’ as US, China Defense Chiefs hold first talks in nearly 18 months

ངོར་ཨེ་ཝཾ་ཤར་ཆེན་༸ཀླུ་ལྡིང་མཁན་ཆེན་༸རྡོ་རྗེ་འཆང་མཆོག་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ལྟར། དེ་རིང་བོད་ཟླ་ ༡༢ ཚེས་ ༢༦ དང་ཕྱི་ཟླ་ ༢ ཚེས་ ༡༦ ཉིན་གཟའ་སྐར་འཕྲོད་སྦྱོར་ཕུན་ཚོགས་དང་སྟབས་བསྟུན་༸རྡོ་རྗེ་འཆང་མཆོག་གིས་ཕྱག་བཏབ་པའི་གདན་ས་ངོར་དཔལ་ཨེ་ཝཾ་ཆོས་ལྡན་དགོན་དུ་སྐུ་གདུང་ཞུགས་འབུལ་གནང་འདུགརྩ་བའི་༸སྐྱབས་རྗེ་ངོར་ཨེ་ཝཾ་ཤར་ཆེན་༸ཀླུ་ལྡིང་མཁན་ཆེན་༸རྡོ་རྗེ་འཆང་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་དགུང་ཞག་ཞེ་དགུ་ཧྲིལ་པོ་མ་གྲུབ་བར་དུ་གདན་ས་ངོར་མ་དགོན་དུ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རྣམ་གཉིས་ཀྱིས་དབུས་པའི་འཁོན་གདུང་རྣམ་པ། ༸སྐྱབས་རྗེ་ངོར་དང་བཅོ་བརྒྱད་ཁྲི་པ་མཁན་རིན་པོ་ཆེ་རྣམ་པ། ༸སྐྱབས་རྗེ་ངོར་ཞབས་དྲུང་རྣམ་པ་དབུ་བཞུགས་ཐོག དགེ་འདུན་འདུས་པ་བརྒྱ་ཕྲག་དྲུག་ལྷག་གིས་བདུན་རེར་ངོར་ལུགས་དཀྱིལ་འཁོར་བདུན་དང་། ཀུན་རིག་སྟེ་དཀྱིལ་འཁོར་བརྒྱད་ཀྱི་སྒྲུབ་པ་དངོས་སྟ་ཟུང་རེ་དང་། བླ་མཆོད། བསྐང་གསོ་བཅས་ཀྱི་སྒྲུབ་པ་གནང་སྟེ་དགོངས་རྫོགས་ཀྱི་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཚོགས་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་༸ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་ཞིང་གཤེགས་དམ་པ༸གང་ཉིད་མཆོག་གི་དགོན་པའི་འགན་འཛིན་འཇམ་དབྱངས་མཁྱེན་བརྩེ་མཆོག་ལ་༸དཔལ་ས་སྐྱའི་ངོར་ལུགས་ཀྱི་ཐུན་མིན་དང་འབྲེལ་བའི་གདུང་མཆོད་ཀྱི་ཆོ་གའི་སྐོར་བཀའ་འདྲི་ཞུས་ཡོད། དེ་རིང་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་མཛད་སྒོའི་ཐོག་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རྣམ་གཉིས། འཁོན་གདུང་རྣམ་པ། ༸སྐྱབས་རྗེ་ངོར་དང་བཅོ་བརྒྱད་ཁྲི་པ་མཁན་རིན་པོ་ཆེ་རྣམ་པ། ༸སྐྱབས་རྗེ་ངོར་ཞབས་དྲུང་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་པའི་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་རྣམ་གཉིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། ས་སྐྱའི་སྤྱི་འཐུས་རྣམ་གཉིས་དབུས་སྤྱི་འཐུས་ཁག་གཅིག དེ་བཞིན་རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་དབང་ཕྱུག་ལགས། ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས། ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ་ཨཱཙྰརྱ་བསྟན་འཛིན་དབང་གྲགས་ལགས། གཞུང་དང་གཞུང་འབྲེལ་མིན་པའི་སྐུ་ཚབ་རྣམ་པ་སོགས་ཀྱིས་གཙོས་པའི་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དད་ལྡན་མང་ཚོགས་ཁྱོན་ ༥༠༠ ལྷག་དང་དགེ་འདུན་པ་ ༡༥༠༠ ལྷག་བཅས་ལྷན་འཛོམས་གནང་འདུགསྐབས་དེར་བྱང་ཕྱོགས་སུ་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་འཁོན་གདུང་ཨ་བྷི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག ཨ་བྷ་ཡ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ངོར་༸ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་བཅས་དབུ་བཞུགས་ཐོག་རྡོར་སེམས་སྦྱིན་སྲེག་དང་། ཤར་ཕྱོགས་སུ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་དང་འཁོན་གདུང་ཨ་སང་གྷ་བཛྲ་རིན་པོ་ཆེ་མཆོག འཁོན་གདུང་ཨ་ཀ་ཤ་བཛྲ་རིན་པོ་ཆེ་མཆོག ༸རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དཔལ་གཏེར་མཆོག་བཅས་དབུ་བཞུགས་ཐོག་ཀྱཻ་རྡོར་སྦྱིན་སྲེག ལྷོ་ཕྱོགས་སུ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག་དང་༸སྐྱབས་རྗེ་བཅོ་བརྒྱད་ཁྲི་པ་ཉེར་དྲུག་པ་མཆོག ༸སྐྱབས་རྗེ་བཅོ་བརྒྱད་ཁྲི་པ་ཉེར་བདུན་པ་མཆོག་བཅས་དབུ་བཞུགས་ཐོག་རིགས་གསུམ་སྦྱིན་སྲེག དེ་བཞིན་ནུབ་ཕྱོགས་སུ་༸སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ངོར་ཀླུ་ལྡིང་ཞབས་དྲུང་རིན་པོ་ཆེ་མཆོག་བཅས་དབུ་བཞུགས་ཐོག་ཀུན་རིགས་སྦྱིན་སྲེག ནུབ་བྱང་མཚམས་སུ་ཕྱི་དབང་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་དབུས་པའི་དགོངས་རྫོགས་གདུང་མཆོད་སྐབས་ཀྱི་བདེ་མཆོག་ལུ་ནག་གཉིས་དང་བླ་མཆོག་ཚོགས་མགོན་དུ་དགེ་འདུན་འདུས་ཚོགས་བཅས་ཀྱིས་སྦྱིན་སྲེག་ཚོགས་ཁག་ལྔ་གནང་ཡོད་པ་རེད།རླུང་འཕྲིན་ཁང་གི་གསར་འགོད་པས་དེ་རིང་འཇམ་དབྱངས་མཁྱེན་བརྩེ་མཆོག་ལ་བོད་བརྒྱུད་ནང་བསྟན་སྤྱི་དང་བྱེ་བྲག་ཏུ་༸དཔལ་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་ལ་ཞིང་གཤེགས་༸ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་གལ་ཇི་ཙམ་ཆེ་བའི་སྐོར་དང་སླད་མར་སྐུ་གདུང་ཞུགས་འབུལ་གྲུབ་རྗེས་གང་གནང་འཆར་ཡོད་པ་སོགས་ཀྱི་ཐོག་ལ་བཀའ་འདྲི་ཞུས་ཡོད། གཞི་རྩའི་༸སྐྱབས་རྗེ་ངོར་ཨེ་ཝཾ་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་ ཡབ་ཤར་ཆེན་ཀླུ་ལྡིང་པ་བཀྲ་ཤིས་རྒྱལ་མཚན་ལགས་དང་ཡུམ་སྤེན་སྐྱིད་ལགས་གཉིས་ཀྱི་སྲས་སུ་རབ་བྱུང་ ༡༦ པའི་ལྕགས་ལུག་ཕྱི་ལོ་ ༡༩༣༡ ལོར་སྐུ་འཁྲུངས། དགུང་ལོ་བཅུ་པར་ཁམས་སྒ་སྟོད་དུ་ཁུ་བོ་རྡོ་རྗེ་འཆང་གི་མདུན་དུ་ཕེབས་ཏེ་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་འཇམ་དབྱངས་བསྟན་པའི་ཉི་མ་ཞེས་གསོལ། སྒྲུབ་ཐབས་བརྒྱ་རྩ་སོགས་ཟབ་ཆོས་དུ་མ་གསན། དེ་བཞིན་ལོ་གསུམ་ལྷག་རིང་ཀྱཻ་རྡོར་སོགས་ལྷག་པའི་ལྷ་མང་པོའི་བསྙེན་སྒྲུབ་མཛད། ཨེ་ཝཾ་ཆོས་ལྡན་གྱི་མཁན་ཁྲིར་ཕེབས་པ་མ་ཟད། ལམ་འབྲས་སོགས་གདམས་ངག་དུ་མ་སྩལ་གནང་ཡོད།དགུང་ལོ་ཉེར་དགུ་སྟེང་བོད་ལ་དུས་ལོག་བྱུང་ནས་བཙན་བྱོལ་དུ་ཕེབས་ཡོད། སྔ་རྗེས་སུ་༸དཔལ་ས་སྐྱའི་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་བླ་མ་བཅུ་ཕྲག་གཉིས་ལྷག་བསྟེན་ཏེ་དབང་ལུང་ཁྲིད་མན་ངག མདོ་སྔགས་གཞུང་ལུགས་རིག་གནས་ཀྱི་སྐོར་སོགས་གསན་བསམ་མཐར་ཕྱིན་པ་མཛད་ཡོད།དེ་བཞིན་འཕགས་ཡུལ་ལྡེ་ར་ལྡུན་མངའ་ཁོངས་མན་ཌུ་ཝ་ལར་ངོར་མ་དགོན་གསར་བཞེངས་ཀྱི་ཐུགས་འགན་གཙོ་བཞེས་གནང་ཡོད་པ་དང་། བོད་དང་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་དུ་མར་བསྟན་འགྲོའི་དོན་རྒྱ་ཆེ་བསྐྱངས་ཡོད། མཐར་དགུང་གྲངས་ ༩༢ ཐོག་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་ངོར་ཀླུ་ལྡིང་བླ་བྲང་གི་གཟིམ་ཤག་ཏུ་དགོངས་པ་རྫོགས་ཡོད་པ་རེད། པར་ཁག་ངོར་དཔལ་ཨེ་ཝཾ་ཆོས་ལྡན་དགོན་དང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག་གི་ངོ་དེབ་སོགས་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།