Tibetan Royal Year of 2151 | Year of the Wood Dragon

སྣར་ཐང་དཔར་ཁང་མུ་མཐུད་ཉར་དགོས་པའི་ཐག་གཅོད་ཕེབས་ཚེ་དེ་ལྟར་གནང་རྒྱུ་ཡིན།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

ཁ་སང་་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བཀའ་བཤག་སྐབས་ ༡༦ པའི་སྔོན་རྩིས་ཐོག་མ་དེ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་ཏེ་རྩིས་ལོ་ ༢༠༢༢་་༢༠༢༣ ལོའི་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་སྒོར་ས་ཡ་ ༢༥༣༥་༡༤ འགོད་འབུལ་ཞུས་ཡོད་པ་དང་དེའི་ནང་སྣར་ཐང་དཔར་ཁང་རིང་མིན་སྒོ་བརྒྱབ་རྒྱུ་དང་། བོད་པའི་སུད་ཚོང་བའི་དཀའ་ངལ་སེལ་ཐབས་སུ་ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁང་དུ་ལས་བྱེད་གཉིས་བསྐོ་གཞག་གནང་རྒྱུ། བོད་དོན་ཞུ་གཏུག་དང་ཆབ་སྲིད་ཀྱི་ལས་གཞི་རྒྱ་ཆེ་རུ་གཏོང་ཐབས་སུ་བྱང་ཨ་རི་དང་ཡོ་རོབ་ཁུལ་དུ་ཟུང་དྲུང་གནས་རིམ་ལྡན་པའི་ལས་བྱེད་འཕར་མ་རེ་བསྐོ་གཞག་གནང་རྒྱུ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་སྔོན་རྩིས་དང་འབྲེལ་བའི་རྒྱབ་གཉེར་ཁག་ཅིག མ་འོངས་པར་རང་ཁ་རང་གསོ་ཡོང་ཐབས་སོགས་ཀྱི་ལས་འཆར་ཁག་ཅིག་འཆར་འབུལ་ཞུས་ཡོད་པ་རེད།

དེ་རིང་ཉིན་རྒྱབ་ཀྱི་གྲོས་ཚོགས་ཐོག་སྤྱི་འཐུས་རྣམ་པས་དཔལ་འབྱོར་བཀའ་བློན་གྱི་སྔོན་རྩིས་གཏམ་བཤད་དང་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྤྱི་ཡོངས་ཐད་ལ་བགྲོ་གླེང་ལྷུག་པོ་གནང་བའི་ཁྲོད་སྔོན་རྩིས་རྒྱབ་གཉེར་ཞུ་ཕྱོགས་སུ་གསལ་བའི་ཕྱི་དྲིལ་ཁྱབ་ཁོངས་སྣར་ཐང་དཔར་ཁང་གི་འགྲོ་གྲོན་དང་གྲུབ་འབྲས་གོ་མ་མཚུངས་པས་རིང་མིན་སྒོ་བརྒྱབ་རྒྱུ་ཞེས་པའི་གནད་དོན་དང་འབྲེལ་ནས་སྤྱི་འཐུས་མང་དག་ཅིག་ནས་དཔར་ཁང་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་དཔར་ཁང་ཞིག་དང་བཀའ་ཤག་སྐབས་གོང་མས་འགྲོ་གྲོན་འབུམ་བརྒྱ་ལྷག་བཏང་ནས་འཕྲུལ་རིགས་ཉོས་ཡོད་པར་ལུང་འདྲེན་དང་སྦྲགས། ཡོང་འབབ་ཡོད་ས་རྣམས་སྒོ་བརྒྱབ་ནས་རང་ཁ་རང་གསོ་གང་འདྲ་བྱས་ནས་གནང་རྒྱུ་ཡིན་པ་དང། ཡོང་འབབ་ལ་ལྟོས་མེད་ལོ་རྒྱུས་ཀྱི་དོན་གནད་ཅན་ཞིག་སྒོ་བརྒྱབ་རྒྱུ་ལ་བློ་ཕམ་དང་མོས་མཐུན་རྩ་བ་ནས་མེད་ཅེས་སེམས་ཚོར་ཆེན་པོའི་ཐོག་ནས་གསུང་མཁན་བྱུང་སོང་།

དཔལ་འབྱོར་བཀའ་བློན་མཆོག་གིས་དེར་ལན་འདེབས་གནང་སྐབས་བཀའ་ཤག་གི་ངོས་ནས་ལོ་རྒྱུས་ནག་སུབ་གནང་རྒྱུ་མིན་པར་དངོས་ཡོད་གནས་སྟངས་ལ་གཟིགས་པ་ཞིག་ཡིན་པ་དེ་ལྟར་ཡང་། དཔར་ཁང་དེ་དང་འབྲེལ་ནས་ཕྱི་དྲིལ་ལས་ཁུངས་ཀྱིས་ཞིབ་འཇུག་གནང་བའི་རྩིས་ལོ་ ༢༠༡༧ ནས་ ༢༡ བར་གྱོང་གུད་ཤ་སྟག་ཕོག་ཁག་ཞིབ་ཕྲ་ངོ་སྤྲོད་དང་སྦྲགས། སྤྱིར་དཔར་ཁང་དེའི་ལས་བྱེད་པ་བརྒྱད་ཀྱི་གསོལ་ཕོགས་ཀྱི་ཡོང་ཁུངས་གཞན་ཞིག་ཆགས་ཀྱི་ཡོད་པའི་ཆ་ནས་གྱོང་གུད་མེད་པའི་རྣམ་པ་ཞིག་ཡོད་ཀྱང་། དོན་ལ་གྱོ་གུད་ཆེན་པོ་ཡོད་སྐོར་གསུངས་ཏེ་སྤྱི་འཐུས་རྣམ་པ་གཙོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འཛིན་སྐྱོང་ནས་གྱོང་གུད་ལ་ལྟོས་མེད་དང་མིང་ལ་བརྟེན་ནས་ཉར་དགོས་ཞེས་པའི་ཐག་གཅོད་ཅིག་ཕེབས་ཚེ་དེ་ལྟར་གནང་རྒྱུ་ཡིན་གསུངས་ཡོད།

དེ་བཞིན་སྤྱི་འཐུས་ཁག་ཅིག་ནས་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་ནས་བཟུང་སྲིད་སྐྱོང་གི་ལས་གནས་བཞེས་པ་དང་། སྤྱི་འཐུས་རྣམ་པས་སྔར་ལོའི་ཕྱི་ཟླ་ ༨ ཚེས་ ༡༠ ཉིན་ལས་གནས་བཞེས་ཡོད་སྟབས། སྐབས་དེའི་བར་དུ་སྤྱི་འཐུས་ལྷན་ཚོགས་མེད་སྟབས་གཞུང་དངུལ་བར་བརྒལ་བཀའ་འཁྲོལ་གང་འདྲ་བྱས་ནས་གནང་བ་དང་། སྔོན་རྩིས་ཚོད་དཔག་ཚོགས་ཆུང་གྱི་སྙན་ཐོར་གསལ་གྱི་མེད་པ་དེ་རྒྱུ་མཚན་གང་ལ་ཐུག་པ་ཡིན་ནམ་ཞེས་དོགས་འདྲི་ཕེབས་ཡོད། དཔལ་འབྱོར་བཀའ་བློན་མཆོག་གིས་དེ་སྔ་བཅའ་ཁྲིམས་གཏན་འབེབ་དང་བསྐྱར་བཅོས་གནང་སྐབས་གྲོས་ཚོགས་དང་རྒྱུན་ལས་བཞུགས་ཐུབ་ཀྱི་མེད་པའི་གནས་སྟངས་དེ་སུ་གཅིག་ནས་གཟིགས་མེད་པ་དང་། རྒྱུན་ལས་ནས་བཀའ་འཁྲོལ་ཞུས་དགོས་པ་གསུངས་ཡོད་ཀྱང་ཉིན་བཅུའི་ནང་མ་བསླེབ་ཚེ་བཀའ་འཁྲོལ་ཟིན་པར་ངོས་འཛིན་གནང་རྒྱུ་ཞེས་པ་ལྟར་གནང་བ་ཞིག་དང་། ཉིན་ཤས་གོང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལས་ཁུངས་སུ་བཀའ་འགུགས་གནང་ནས་རྒྱུན་ལས་དང་གོ་བསྡུར་གང་བྱུང་བ་བཞིན་རྙོག་གྲ་མི་ཡོང་བ་དང་ཞི་འཇམ་ཡོང་སླད་གྲོས་ཚོགས་ནང་རྒྱུན་ལས་ཀྱི་དགོངས་པ་གཞིར་བཟུང་གནང་རྒྱུ་ཡིན་སྐོར་གསུངས་པ་དང་སྦྲགས། རྙོག་གྲ་མི་ཡོང་ཕྱིར་ཡིན་པ་ལས་བཀའ་ཤག་ནས་ཁྲིམས་དང་འགལ་བ་ཞིག་རྩ་བ་ནས་ངོས་འཛིན་གནང་ཐབས་མེད་ཅེས་གསུངས་སོང་།དེ་བཞིན་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་གང་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་སྒོ་བརྒྱབ་རྒྱུའི་གནད་དོན་དང་འབྲེལ་ནས་བགྲོ་གླེང་དང་གསལ་བཤད་རིམ་པ་བྱུང་ཡང་། དེ་རིང་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་ཏུའང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་འབྲེལ་བའི་དོགས་འདྲི་རིམ་པ་གནང་ཡོད་སྟབས། ལས་གཞི་དེའི་ད་ལྟའི་གནས་སྟངས་གང་ཆགས་ཡོད་མེད་གྲོས་ཚོགས་ལ་སྙན་སེང་ཞུས་པ་ལས་ཐག་གཅོད་གནང་ཟིན་པ་ཞིག་མིན་སྐོར་དང་། གྲོས་ཚོགས་ནས་ཞིབ་འཇུག་གནང་དགོས་པ་ལས་ཞིབ་འཇུག་མ་གནང་བར་འགྲིག་གི་མིན་འདུག་ཅེས་གསུངས་ཚེ་དེ་ནི་བཀའ་ཤག་ལ་སྙད་རྐོ་བ་ལས་ལས་དོན་ཐོག་ཕན་གྱི་མེད་པར་གསུངས་ཡོད།

དེ་བཞིན་དེ་རིང་གི་གྲོས་ཚོགས་སུ་སྔོན་རྩིས་གཏམ་བཤད་ཀྱི་ནང་དུ་མ་འོངས་པར་རང་ཁ་རང་གསོ་ཡོང་ཐབས་ཀྱི་ལས་འཆར་ཁག་ཞེས་པའི་བརྗོད་གཞི་དང་འབྲེལ་ནས་བོད་མིའི་དཔྱ་དངུལ་སྤར་ཆ་གནང་རྒྱུ་དེ་རང་ཁ་རང་གསོ་ཞིག་ཆགས་ཀྱི་ཡོད་མེད་དང་། ལྷག་པར་ད་བར་དཔྱ་ཁུལ་ཕོན་ཆེན་པོ་ཕུལ་མཁན་དམག་མི་དང་ཕྱི་རྒྱལ་ཡུ་གྲུ་ཁག་ལ་བཞུགས་ཚོར་སྤར་ཆ་གནང་ཐུབ་མིན་སོགས་ཀྱི་དོགས་འདྲི་ཞུ་མཁན་ཁག་ཅིག་བྱུང་ཡོད་པ་དེ་ལྟར་ཡང་། ཕྱི་དྲོ་ཚོུད་ལྔ་པའི་ཐོག་གྲོས་ཚོགས་ཀྱི་ལས་མཚམས་བཞག་ཡོད་པ་ལྟར། སང་ཉིན་གྱི་ལས་རིམ་ནང་སྲིད་སྐྱོང་མཆོག་ནས་ལན་འདེབས་གསལ་བཤད་འཕྲོ་སྐྱོང་གནང་རྒྱུ་དང་དེ་བཞིན་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་ངོས་ནས་ཀྱང་ལན་འདེབས་གནང་གི་ཡོད་པ་རེད། པར་བདག་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

འབྲེལ་ཡོད་གསར་གནས།

གསར་གནས།