Tibetan Royal Year of 2151 | Year of the Wood Dragon

སྦག་སྦག་སྐོར་སྐྱོད་བརྒྱུད་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དྲིལ་བསྒྲགས།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

དེ་རིང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་འདི་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གིས་ངོས་འཛིན་མཛད་པའི་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་པའི་ཉིན་མོ་ཞིག་ཡིན་པ་ལྟར། རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་སྦེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་མོན་གྷོ་འདོད་རྒུ་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་ཀྱི་བེུད་ལྷན་ཚོགས་བཅས་མཉམ་འབྲེལ་ཐོག་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་གཙོ་བོར་གྱུར་པའི་བོད་ནང་གི་ཛ་དྲག་གནད་དོན་མངོན་གསལ་གནང་བའི་ཐོག་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་སོང་།མོན་གྷོ་འདོད་རྒུ་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བེུད་ལྷན་ཚོགས་གཉིས་ནས་རྒྱ་ནག་གཞུང་གིས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་གང་ཡིན་གསལ་པོ་བཟོ་དགོས་པ་དང་ད་བར་སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་མངོན་འདོད་རྣམས་བདག་སྤྲོད་དགོས་པ། དེ་བཞིན་རྒྱའི་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་དགོས་པ་བཅས་ཀྱི་དགོས་འདུན་ཆེད་བཀོད་དང་སྦྲགས། ཟླ་བ་འདིའི་ ༡༥ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་ཀར་ཀ་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་བར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་གནང་ཡོད་པ་མ་ཟད། དེ་རིང་ལས་འགུལ་བ་རྣམས་ཀྱིས་སྦེང་ལོར་ས་གནས་གཞོན་ནུ་དང་ལྷན་བོད་ཁྱིམ་སྡོད་ཁང་ནས་དབུ་འཛུགས་ཀྱིས་ Freedom Park ཞེས་པའི་ས་ཚིགས་བར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བ་དང་ཆབས་ཅིག་ཏུ་མཛད་སྒོ་ཚོགས་སོང་།མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ Neerajan  ལགས་དང་ Bharat Tibet Sahyog manch ཞེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ Bharat ལགས་གཙོས་ས་གནས་ཀྱི་ཚོགས་པ་ཁག་གི་རྒྱུན་ལས་རྣམ་པ་བཅས་གཙོ་ཞུགས་གནང་ཡོད།སྐབས་དེར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Neerajan ལགས་ཀྱིས་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་དེ་ནི་བོད་མི་རྣམས་ཀྱི་ཡིད་ཆེས་དང་མངོན་འདོད་རྣམས་འཕྲོག་བཅོམ་བྱས་པ་ལྟ་བུ་རེད་བཅས་གསུངས་སོང་། དེ་བཞིན་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གཉིས་ཀྱིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་བ་མ་ཟད། ༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་སྐོར་གོ་རྟོགས་སྤེལ་ཡོད།ལས་འགུལ་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པ་མོན་གྷོ་འདོད་རྒུ་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བེུད་ལྷན་ཚོགས་གཉིས་ནས་ཕྱི་ཚེས་ ༡༥ ཉིན་མོལ་གྷོ་འདོད་རྒུ་གླིང་ས་གནས་ནས་སྦེང་ལོར་བར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཞུས་པ་དང་ལམ་བར་དུ་ས་གནས་མི་མང་རྣམས་ལ་༸པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་གོ་རྟོགས་སྤེལ་ཡོད་པ་རེད། ཁོང་རྣམས་ཁ་སང་གྲོང་ཁྱེར་སྦེང་ལོར་ནང་འབྱོར་མཚམས་སུ་ Cubbon Park ཞེས་པའི་ས་ཚིགས་ཏུ་གསར་འགོད་ལྷན་ཚོགས་གནང་ཡོད་པ་དང་། སྐབས་དེར་མོན་གྷོ་འདོད་རྒུ་གླིང་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཆོས་ཉིད་སྒྲོལ་མ་ལགས་ཀྱིས་ས་གནས་ཀྱི་ཡུལ་སྐད་ཐོག་ལས་འགུལ་དེ་སྤེལ་དོན་གང་ཡིན་དང་། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་པ་དང་། བོད་ནང་ཆོས་དད་རང་དབང་གཙོས་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་སྟངས་རྣམས་ངོ་སྤྲོད་ཞིབ་རྒྱས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།