Tibetan Royal Year of 2151 | Year of the Wood Dragon

སློབ་དཔོན་ཐུགས་རྗེ་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཉིན་རེ་བཞིན་སེམས་པ་བཟང་པོ་བྱེད་དགོས།

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ པ་མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

ཁ་སང་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དང་སློབ་ནས་རྒྱུ་སྦྱོར་ཞུས་པའི་མ་ཧཱ་གུ་རུའི་འབུམ་ཚོགས་ཀྱི་ཉིན་མཐའ་མའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་མཛད་པ་དང་འབྲེལ། སློབ་དཔོན་ཐུགས་རྗེ་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཉིན་རེ་བཞིན་སེམས་པ་བཟང་པོ་བྱེད་དགོས་གལ་ཡིན་པ་ལམ་སྟོན་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་མ་ཧཱ་གུ་རུའི་འབུམ་ཚོགས་དང་འབྲེལ། སློབ་དཔོན་པདྨ་འབྱུང་གནས་ནི་སྔར་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་སྐུ་དུས་ནས་བཟུང་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་ཀྱི་ཡོད་པའི་བཀའ་སྩལ་དང་འབྲེལ། མཁས་སློབ་ཆོས་གསུམ་དང་བོད་གངས་ཅན་པའི་དབར་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་པར་བརྟེན། གངས་ཅན་པ་ཡོངས་ནས་མཁས་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་དམ་བཅའ་མ་དོར་བའི་ཐོག་ཞེ་ཐག་པ་ནས་སྨོན་ལམ་བསྐྱོན་དགོས་སྐོར་དང་། དེ་བཞིན་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དེའི་སྙིང་དོན་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་པར་དེ་ནི་འཛམ་གླིང་ཡོངས་ལ་དགོས་མཁོ་ཅན་ཞིག་ཡིན་པ་མ་ཟད། ལྷག་པར་དུ་རྒྱ་ནག་གུང་ཕྲན་ཏང་ལ་ཡང་དགོས་ཅན་ཞིག་ཡིན་པ་བཀའ་སྩལ་མཛད་འདུགམ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་འདིར་སློབ་དཔོན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ལས་འབུམ་ཚོགས་ཚོགས་ཀྱི་ཡོད་སྐོར་བཀའ་སྩལ་དང་སྦྲགས། ༸གང་ཉིད་མཆོག་ལ་མོས་པ་ཡོད་པ་རྣམས་ནས་རྒྱུན་དུ་སེམས་པ་བཟང་པོ་བྱ་དགོས། དེ་བཞིན་ཆོས་ཁས་བླང་མིན་ལ་མ་ལྟོས་པར་སེམས་པ་བཟང་པོ་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་སློབ་དཔོན་ཐུགས་རྗེ་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཉིན་རེ་བཞིན་སེམས་པ་བཟང་པོ་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་སྩལ་སོང་།རྩ་བའི་ཁ་སང་མ་ཧཱ་གུ་རུའི་འབུམ་ཚོགས་ཀྱི་ཉིན་མཐའ་མར་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དབུས་པའི་དགེ་འདུན་པ་རྣམ་པ་དང་། ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་རྣམ་པ་། སྒྲོལ་མ་གླིང་བཙུན་དགོན་གྱི་བཙུན་མ་རྣམ་པ་སོགས་བཞུགས་སྒར་ཁུལ་གྱི་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ་དང་་མི་མང་རྣམས་ལྷན་བཞུགས་ཐོག་མཧཱ་གུ་རུའི་ཚོགས་མཆོད་འབུམ་ཐེར་སྨིན་སྒྲུབ་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།