Tibetan Royal Year of 2151 | Year of the Wood Dragon

ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པར་འཚམས་འདྲི་མཛད་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

ཁ་སང་ཕྱི་ཚེས་ ༡༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་ Sukhvinder Singh Sukhu མཆོག་ལ་དགའ་བསུའི་འཚམས་འདྲི་སྩལ་འདུག༸གོང་ས་མཆོག་གིས་སྩལ་བའི་འཚམས་འཕྲིན་ནང་། རྒྱ་གར་འདི་ཉིད་མགོན་པོ་༸གང་ཉིད་མཆོག་གི་ཁྱིམ་ལྟ་བུར་གྱུར་ནས་ལོ་ངོ་ ༦༢ ལྷག་འགྲོ་བཞིན་ཡོད་པ་དང་། ལོ་ངོ་དེ་ཁྲོད་དུས་ཡུན་མང་ཆེ་བ་བཞུགས་སྒར་དྷརྨ་སཱ་ལཱར་༸སྐུ་བཞུགས་མཛད་རིང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་དང་འབྲེལ་ཏེ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ང་ཚོའི་སྤྱི་ཁྱབ་བློན་ཆེན་ཡིན་པར་དགོངས་ཀྱི་ཡོད་ཅེས་དང་། ཧི་མཱ་ཅལ་མངའ་སྡེའི་མི་མང་རྣམ་པས་མགོན་པོ་༸གང་ཉིད་མཆོག་དང་མགོན་པོ་མཆོག་གི་མི་མང་རྣམས་ལ་ལོ་ངོ་དེ་དག་གི་རིང་མཛའ་འབྲེལ་གྱི་ཐོག་ནས་སྣེ་ལེན་གང་ལེགས་གནང་དང་གནང་བཞིན་པར་རྗེས་སུ་ཡི་རངས་མཛད་ཀྱི་ཡོད་ཀྱི་སྐོར་བཀའ་སྩལ་མཛད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ཕྱི་ལོ་ ༡༩༦༠ ལོར་༸མགོན་པོ་གང་ཉིད་མཆོག་ཐོག་མར་བཞུགས་སྒར་དུ་ཆིབས་བསྒྱུར་མཛད་པ་ནས་བཟུང་ད་བར་དྷརྨ་སཱ་ལཱ་འདི་ཉིད་ཡར་རྒྱས་ཧ་ཅང་ཕྱིན་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་མི་མང་སྤྱི་དང་ལྷག་པར་དུ་མི་མང་ཉམ་ཐག་རྣམས་མུ་མཐུད་ཡར་རྒྱས་གོང་འཕེལ་འགྲོ་བར་ཐུགས་སྤོབས་ཡོད་པར་བཀའ་སྩལ་དང་འབྲེལ། སྤྱི་ཁྱབ་བློན་ཆེན་མཆོག་ལ་ཧི་མཱ་ཅལ་མངའ་སྡེའི་མི་མང་རྣམ་པའི་རེ་བ་དང་མངོན་འདོད་བསྐང་ཐུབ་པར་ཐུགས་སྨོན་མཛད་འདུགདེ་བཞིན་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱིས་ཀྱང་སྐུ་ཞབས་ Sukhwinder Singh Sukhu མཆོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་འདུག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐུ་ཞབས Sukhwinder མཆོག་ལ་འཚམས་འདྲི་དང་འབྲེལ་ཏེ་ཁོང་གིས་དབུ་ཁྲིད་འོག་ཧི་མཱ་ཅལ་མངའ་སྡེ་འདི་ཉིད་མུ་མཐུད་ཡར་རྒྱས་འགྲོ་ངེས་ཡིན་པར་གདེང་ཚོད་ཡོད་ཅེས་གསུངས་འདུག དེ་མཚུགས་སུ་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱ་གར་གཞུང་མང་གཉིས་ནས་བོད་མི་དང་བོད་ཀྱི་རྩ་དོན་ཐོག་མི་ལོ་ ༦༠ ལྷག་གི་རིང་རྒྱབ་སྐྱོར་གནང་དང་གནང་བཞིན་པར་བཀའ་དྲིན་ཆེ་ཞེས་དང་། ལྷག་པར་དུ་ཧི་མཱ་ཅལ་མངའ་སྡེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས། བོད་མི་མང་ཆེ་བའི་སྡོད་གནས་ཤིག་ཆགས་ཡོད་སྟབས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལའང་བཀའ་དྲིན་ཆེ་ཞེས་གསུངས་འདུགལྷག་དོན་སྐུ་ཞབས་ Sukhvinder Singh Sukhu མཆོག་གི་དབུ་ཁྲིད་པའི་གཞུང་མང་གཉིས་ནས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་བའི་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས་ཡོད།གཞི་རྩའི་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༢ ཉིན་ཧི་མཱ་ཅལ་མངའ་སྡེའི་ནང་གི་གཞུང་འཛིན་ཆབ་སྲིད་ཚོགས་པའི་འོས་བསྡུ་གནང་བའི་གྲུབ་འབྲས་ཁྲོད། ཀོང་གྷ་རེས་ཆབ་སྲིད་ཚོགས་པར་ཞབས་ཀྱག་ ༦༨ ནས་ ༤༠ ཐོབ་ཡོད་པ་དང་འབྲེལ། ཀོང་གྷ་རེས་ཆབ་སྲིད་ཚོགས་པས་སྐུ་ཞབས་ Sukhvinder Singh Sukhu མཆོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་གནང་ཡོད་པ་དང་ཁ་སང་ཕྱི་ཚེས་ ༡༡ ཉིན་སྐུ་ཞབས་མཆོག་སིམ་ལར་དམ་འབུལ་ཞུས་ཡོད་པ་རེད། སྐབས་དེར་ཁོང་གིས་ཧི་མཱ་ཅལ་མངའ་སྡེའི་ཆབ་འབངས་སུ་གཏོགས་པའི་མང་ཚོགས་རྣམས་ཀྱི་མངོན་འདོད་དང་མཐུན་པའི་ཐག་གཅོད་གནང་རྒྱུ་ཡིན་པ་གསུངས་འདུག  པར་བོད་མིའི་སྒྲིག་འཛུགས་དང་དྲ་རྒྱ་ཁག་ལས་བཏུས།

 

འབྲེལ་ཡོད་གསར་གནས།

གསར་གནས།