Tibetan Royal Year of 2151 | Year of the Wood Dragon

ཧོང་ཀོང་གི་ནང་དུ་ལས་འགུལ་བ་ ༢༤ ལ་ཉེས་འཛུགས།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

ཧོང་ཀོང་གི་ཉེན་རྟོག་པས། འདི་ལོ་སྤྱི་ཟླ་དྲུག་པའི་ཚེས་བཞི་སྟེ། རྒྱ་ནག་སྲིད་གཞུང་གིས་གནམ་བདེ་སྒོ་མོ་ཆེ་ཡི་ཐང་ཆེན་དུ་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་བཏང་བའི་དུས་དྲན་གྱི་ཉིན་མོར་ཧོང་ཀོང་གི་ནང་དུ་མར་རེ་ཁྲོམ་སྐོར་ལ་ཞུགས་པའི་ཉེས་མིང་གི་འོག ཧོང་ཀོང་གི་མང་གཙོ་ཚོགས་པའི་ན་གཞོན་ལས་འགུལ་བ། Joshua Wong ལགས་ཀྱི་གཙོ་བྱས་པའི་མི་ཉེར་བཞི་ལ་ཁྲིམས་ཐོག་གི་ཉེས་འཛུགས་བྱས་འདུག

གཞི་རྩའི་ཧོང་ཀོང་གི་ནང་དུ་ལོ་རྟག་པར་དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་སྲུང་བརྩི་བྱེད་སྲོལ་ཡོད་ནའང་། ཉེན་རྟོག་པས་འདི་ལོའི་རྒྱ་ནག་གི་ནད་ཡམས་ཀྱི་རྐྱེན་གྱིས་སྤྱི་ཚོགས་རྒྱང་བགྱེད་བསྟེན་དགོས་བའི་འབོད་སྒྲའི་འོག་ཧོང་ཀོང་གི་ནང་དུ་དུས་དྲན་སྲུང་བརྩི་བྱས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་ནའང་། སྐབས་དེར་ཧོང་ཀོང་གི་ནང་དུ་རྒྱ་ནག་གིས་གཏན་འབེབས་བྱས་པའི་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞིའི་ཚ་རླབས་འཕྱུར་ནས་ཡོད་སྟབས། མང་ཚོགས་ཀྱིས་ཉེན་རྟོག་པའི་བཀའ་རྒྱ་ལ་མ་ལྟོས་པར་དུས་དྲན་སྲུང་བརྩིའི་ལས་འགུལ་སྤེལ་ཡོད་པ་རེད།
ཉེན་རྟོག་པས་ཁ་སང་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། རང་ལོ་ ༡༩ ནས་༦༩ བར་གྱི་ཧོང་ཀོང་བ་ ༢༤་ཡིས། ཧོང་ཀོང་གི་ཉེན་རྟོག་པའི་བཀའ་ཁྲོད་མེད་པའི་དྲུག་བཞིའི་དུས་དྲན་ཉིན་ཤེས་བཞིན་པའི་ཐོག་ནས་འཛུལ་ཞུགས་བྱས་ཡོད་པར་བརྟེན། ཁོང་ཚོར་ཉེས་ཆད་འགེལ་རྒྱུ་ཡིན་པར་ཕྱི་བསྒྲགས་བྱས་འདུག
ཧོང་ཀོང་གི་ལས་འགུལ་བ་རྣམས་ཀྱིས། ཧོང་ཀོང་གི་རྨང་གཞིའི་ཁྲིམས་ལུགས་འོག ཧོང་ཀོང་མི་མང་ལ་གཞི་རྩའི་འདུ་འཛོམས་དང་ཞི་རྒོལ་གྱི་ཐོབ་ཐང་ཡོད་པ་དང་། ཐེངས་དེར་ཞི་རྒོལ་ལ་བཀག་སྡོམ་བྱས་པ་དེ་ནི་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཡིན་པར་བསྒྲགས་ནས། ཀོང་ཧོང་མི་མང་ཆབ་སྲིད་ཀྱི་ཉེས་འཛུགས་ལ་མི་སྐྲག་ཅེས་ཡོངས་གྲགས་གནང་ཡོད་པ་རེད།
གཞན་ཡང་སྐུ་ཞབས་ཝང་ཟེར་བ་ཞིག་གིས། རྒྱ་ནག་སྲིད་གཞུང་གིས་ཧོང་ཀོང་གི་ལས་འགུལ་བ་རྣམས་ལ་དམ་དྲག་བྱེད་རྒྱུའི་ལས་འགུལ་རྩོམ་གྱི་ཡོད་པར་ཡོངས་གྲགས་གནང་སྟེ། ང་ཚོའི་སྐད་སྒྲ་མགྱོགས་པོར་ཕྱི་ལ་ཐོན་ཐབས་མེད་ནའང་། ག་ལེར་འཛམ་གླིང་ཧྲིལ་བོས་ཧོང་ཀོང་མི་མང་གི་རང་དབང་ཐོབ་ཐང་གི་གནས་བབ་ཐད་ནས་མུ་མཐུད་དུ་གླེང་སློང་བྱེད་རོགས་ཞེས་རེ་སྐུལ་གནང་འདུག་
ཡང་སྐབས་དེར་མར་མེ་ཁྲོམ་སྐོར་ལ་ཞུགས་མཁན་གཞན་ཞིག་གིས་གསར་ཁང་ལ་བརྗོད་པ་ལྟར་ན། རྒྱ་ནག་གི་དབང་ཤུགས་འོག་ནས། གཅིག་བྱས་ན་འདི་ལོ་ནི་དྲུག་བཞི་དོན་ལ་རྐྱེན་རྗེས་དྲན་ཞུ་བའི་ལོ་མཐའ་མ་དེ་ཡིན་སྲིད་པར་སེམས་འཚབ་ཡོད་སྐོར་བརྗོད་འདུག
གཞི་རྩའི་རྒྱ་ནག་གིས་ཧོང་ཀོང་གི་ནང་དུ་བདེ་འཇགས་ཀྱི་ཁྲིམས་འཆར་གསར་བ་དེ་ལག་བསྟར་བྱེད་འགོ་ཚུགས་པ་ནས། རྒྱལ་ཁབ་མགོ་རྟིང་སློག་པ་དང་ཁ་བྲལ་གཏོང་བ། དེ་བཞིན་འཇིགས་སྐུལ་གྱི་ལས་ལ་ཞུགས་པ་དང་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ལ་གསང་འབྲེལ་བྱེད་པ་སོགས་ཀྱི་གནད་དོན་ཡོད་ཚད་ལ་ཁྲིམས་ཆད་གཅོད་རྒྱུ་ཡིན་པར་བསྒྲགས་ཡོད་པ་ལྟར། ད་ཆ་རྒྱ་ནག་གིས་ཧོང་ཀོང་ནང་གི་ལས་འགུལ་བ་རྣམས་ལ་ཉེས་འདོགས་སྣ་ཚོགས་ཀྱི་འོག་ནས་བཀག་སྡོམ་བྱེད་འགོ་ཚུགས་ཡོད་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཀྱང་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་གིས་ཁྲིམས་གཞི་དེར་བསྐྱར་ཞིབ་བྱེད་རྒྱུའི་འབོད་སྐུལ་ཞུས་པ་བཞིན། དབྱིན་ཡུལ་དང་ཨོ་གླིང་སོགས་ཀྱིས་ཧོང་ཀོང་གི་མི་སེར་རྣམས་ཁུལ་དེའི་རང་རྒྱལ་དུ་ལེན་རྒྱུར་ཐུགས་བསམ་བཞེས་བཞིན་ཡོད་པ་ཡང་ཡོངས་གྲགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།