Tibetan Royal Year of 2151 | Year of the Wood Dragon

ཧོང་ཀོང་དུ་གྱེན་ལོག་གི་ཀུན་སློང་སྤེལ་བའི་བྱིས་དེབ་བདག་བཟུང་དང་འབྲེལ་ནས་མི་གཉིས་འཛིན་བཟུང་།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

ཧོང་ཀོང་གི་ཉེན་རྟོག་པས་གྱེན་ལོག་གི་ཀུན་སློང་སྤེལ་བའི་བྱིས་དེབ་བདག་བཟུང་བྱས་པའི་ཉེས་འཛུགས་འོག་རང་ལོ་ ༣༨ དང་། ༥༠ སོན་པའི་ཧོང་ཀོང་གི་ཡུལ་མི་གཉིས་འཛིན་བཟུང་བྱས་ཡོད་པ་དང་། དེའང་ཁུལ་དེའི་ནང་འདི་ལྟ་བུའི་ཉེས་འཛུགས་འོག་མི་སྣ་འཛིན་བཟུང་བྱས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། 

དེའང་ The guardian གསར་ཤོག་གིས་ཧོང་ཀོང་ཉེན་རྟོག་པའི་གསར་འགོད་གསལ་བསྒྲགས་ལུང་འདྲེན་དང་སྦྲགས་གནས་ཚུལ་སྤེལ་བར་གཞིགས་ན། ཧོང་ཀོང་རྒྱལ་ཁབ་བདེ་སྲུང་གི་ཉེན་རྟོག་པ་དང་སྒོ་ཁྲལ་ཉེན་རྟོག་པས་ཧོང་ཀོང་གི་ཡུལ་མི་དེ་དག་གཉིས་ཀྱི་ཁྱིམ་དང་ལས་ཁུངས་བཅས་ལ་སྔོག་གཤེར་བྱས་སྐབས་སུ་རྒྱ་གཞུང་དང་ཧོང་ཀོང་གཞུང་། དེ་བཞིན་ཁྲིམས་ཞིབ་ཁང་བཅས་ལ་གྱེན་ལོག་གི་ཀུན་སློང་སྤེལ་བའི་བྱིས་དེབ་ལག་སོན་བྱུང་བར་ཉེས་འཛུགས་བྱས་ཡོད་པ་དང་། ཉེན་རྟོག་པས་བྱིས་དེབ་དེའི་ཐོག་ནས་གང་ཟག་གཞན་ལ་འཚེ་བ་དང་ཁྲིམས་སྒྲིག་ལ་མི་བརྩི་བའི་ལས་གཞི་ངན་སྐུལ་བྱེད་ཀྱི་ཡོད་སྐོར་བཤད་ཡོད་པར་མ་ཟད། ཉེ་ལམ་ཁུལ་དེའི་ནང་སྲིད་གཞུང་མགོ་རྟིང་སློག་པའི་ལས་གཞི་དང་འབྲེལ་བའི་ཁ་མཆུ་ཞིག་བྱུང་བ་དང་འབྲེལ་བ་ཆགས་ཀྱི་ཡོད་སྐོར་བཤད་འདུག

ཧོང་ཀོང་གི་ Mingpao གསར་ཤོག་གིས་ཐེངས་འདིའི་བྱིས་དེབ་དེ་ནི་དབྱིན་ཡུལ་ནས་ཧོང་ཀོང་ལ་བཏང་བ་ཞིག་དང་དེབ་དེར་པར་རིས་ཅན་གྱི་འདོན་ཐེངས་འགའ་ཤིག་ཡོད་པར་མ་ཟད། དེའང་གཙོ་བོ་ཕྱི་ལོ་ ༢༠༡༩ ལོའི་ཧོང་ཀོང་ནང་གི་ངོ་རྒོལ་དང་འབྲེལ་བ་བཏགས་ཏེ་ཧོང་ཀོང་བ་ཚོ་ལུག་དང་རྒྱ་ནག་དེ་བཞིན་སྤྱང་ཀིའི་འདྲ་རིས་བཟོ་ནས་གྲོང་གསེབ་པ་ཚོས་སྤྱང་ཀི་ཁ་ནས་སྐྱོབ་ཐབས་ཀྱི་རྣམ་པ་བཅས། རྒྱ་ནག་མི་གཅིག་དབང་བསྒྱུར་རིང་ལུགས་པའི་བྱ་སྤྱོད་ལ་ཁུངས་གཏུགས་ཀྱིས་མངོན་གསལ་གནང་བའི་བྱིས་དེབ་ཅིག་ཆགས་ཀྱི་ཡོད་པ་གསལ་འདུག

གསར་ཤོག་དེའི་ནང་གསལ་བར་གཞིགས་ཚེ་ད་ལྟའི་ཆར་ཧོང་ཀོང་གི་ཉེན་རྟོག་པས་མི་སྣ་གཉིས་པོ་དེ་ཁག་འཁྱག་འོག་གནས་སྐབས་གློད་བཀྲོལ་བཏང་ཡོད་པ་དང་། ཟླ་བ་རྗེས་མར་ཉེན་རྟོག་ལས་ཁུངས་ལ་འགྲོ་དགོས་ཀྱི་ཡོད་པ་རེད་འདུག

རྩ་བའི་ཧོང་ཀོང་གི་ཁྲིམས་ཁང་གིས་སྔ་ལོར་བྱིས་དེབ་དེ་ཉིད་རྒྱལ་ཁབ་ལ་གྱེན་ལོག་གི་ཀུན་སློང་སྤེལ་མཁན་ཞིག་ཡིན་པར་ཁྲིམས་ཐག་བཅད་ཡོད་པ་དང་། དེ་འབྲེལ་ཁྲིམས་ཁང་ནས་ཁུལ་དེའི་ Speech Therapist ཞེས་ངག་བརྗོད་གསོ་དཔྱད་པ་ལྔས་ལོ་ ༤ ནས་ ༧ བར་གྱི་བྱིས་པའི་ཆེད་དུ་ད་རེས་ཀྱི་བྱིས་དེབ་དེ་གཙོས་འགུལ་རིས་སྒྲུང་དེབ་ཁག་གསུམ་པར་བསྐྲུན་བྱས་པ་དེས་བྱིས་པའི་བསམ་བློ་བཅོས་བསྒྱུར་བྱས་ནས་ཁོ་ཚོའི་རྒྱུད་ལ་ཁ་བྲལ་གྱི་ཀུན་སློང་སྤེལ་ཐབས་བྱས་པའི་ཉེས་མིང་འོག་ཁོང་རྣམས་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་གྱིས་ལོ་གཅིག་དང་ཟླ་བ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་ཡོད་པ་རེད།

ཧོང་ཀོང་གི་ཉེན་རྟོག་པས་སྐབས་དེར་ཁུལ་དེའི་ཕྲུ་གུའི་ཕ་མ་རྣམས་ལ་བྱིས་དེབ་དེ་ཉིད་ངེས་པར་དུ་མེད་པ་བཟོ་དགོས་ཞེས་དང་། དེ་ནི་ཕྱོགས་ལྷུང་དང་རིམ་པས་བྱིས་པར་གཞུང་ལ་ཁ་གཏད་གཅོག་པའི་ཀུན་སློང་སྤེལ་ཉེན་ཡོད་སྐོར་བཤད་ཡོད་ལ། ཉེན་རྟོག་པས་བསྒྲགས་གཏམ་ནང་དུའང་གྱེན་ལོག་གི་ཀུན་སློང་སྤེལ་བའི་བྱིས་དེབ་དེ་བདག་གཉེར་བྱས་པ་ནི་ཚབས་ཆེན་གྱི་འཁྲིམས་འགལ་ཆགས་ཡོད་པར་བཤད་འདུག

རྩ་བའི་དཔེ་དེབ་དེ་དག་ནང་སྒྲུང་གི་རྣམ་པའི་ཐོག་ནས་རྒྱ་ནག་གིས་ཧོང་ཀོང་ནང་བཙན་དྲག་གནོན་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༩ ལོའི་ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་བ་ཚོས་ངོ་རྒོལ་དང་ཕྱི་ལོ་ ༢༠༢༠ ནང་མང་གཙོའི་ལས་འགུལ་བ་ ༡༢ ཧོང་ཀོང་ནས་མཚོ་གྲུ་བརྒྱུད་བྲོས་བྱོལ་དུ་ཕེབས་ཏེ་ཕྱིས་སུ་རྒྱ་ནག་གི་མཚོ་ཁའི་སྐོར་སྲུང་བས་འཛིན་བཟུང་བྱས་པ་སོགས་ཀྱི་ལོ་རྒྱུས་འཁོད་ཡོད་པར་མ་ཟད། སྤྱང་ཀིས་ལུག་རྣམས་འཚོ་སྡོད་བྱེད་སའི་གྲོང་གསེབ་ཅིག་བཙན་འཛུལ་བྱས་ཏེ་ལུག་རྣམས་བཟའ་འདོད་ཀྱི་རྣམ་པ་བཏོན་པ་དེ་ལྟར་ཡང་། ལུག་རྣམས་ཀྱི་ཕར་འཐབ་རྒོལ་བྱས་ཡོད་པ་སོགས་ཀྱི་རྣམ་པ་ཤུགས་ཆེར་བཏོན་པའི་ནང་དོན་ལྡན་པ་ཞིག་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།