Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་ངོས་ནས་རྒྱ་གཞུང་ལ་ཡ་ལན་ནན་པོ་སྤྲད་དགོས་པའི་དགོས་འདུན།

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ པ་མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

ཁ་སང་ཕྱི་ཚེས་ ༢༤  ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་ཐོག་གི་ཐབས་བྱུས་ཚོགས་ཆུང་གིས་རྒྱ་གཞུང་གིས་ཐེ་ཝན་དང་ཡུ་གུར་བར་དྲམ་བསྒྲགས་དང་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་བཞིན་པར་འཐེར་འདོན་དང་སྦྲགས། ཨ་རི་གྲོས་ཚོགས་ངོས་ནས་རྒྱ་ནག་ལ་ཡ་ལན་ནན་པོ་སྤྲད་དགོས་པའི་དགོས་འདུན་བཏོན་འདུག

The Reuters གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན།  ཨ་རིའི་གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་ཐོག་གི་ཐབས་བྱུས་ཚོགས་ཆུང་གིས་ཐེ་ཝན་དང་ཡུ་གུར་སོ་སོའི་ཐོག་སྙན་ཐོ་ཁག་གཉིས་འདོན་སྤེལ་གནང་བ་དེའི་ནང་། ཨ་རི་གྲོས་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་ཁུལ་དེ་དག་གི་ནང་འཆར་གཞི་ལྡན་པའི་ཐོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་འཐེར་འདོན་གནང་སྟེ། དེ་ལྟ་བུའི་འགྲོ་བ་མིིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་འགོག་ཐབས་ཀྱི་ཁྲིམས་གཞི་ཁག་ལ་རྒྱབ་སྐྱོར་དགོས་པའི་ཞུ་སྐུལ་གནང་འདུག

ཡུ་གུར་དང་འབྲེལ་བའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་ཡུ་གུར་མི་རིགས་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་སྤེལ་ཏེ་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པའི་སྐོར་ཞིབ་བཀོད་གནང་འདུག་པ་དང་། ཁོང་རྣམས་འཛིན་བཟུང་བཀག་སྐྱིལ་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་འདོད་པ་མེད་བཞིན་དུ་ངལ་རྩོལ་གྱི་ལས་རིགས་འདྲ་མིན་གཉེར་འཇུག་བཞིན་པའི་གནད་དོན་རྣམས་གསལ་འདོན་གནང་བ་དང་སྦྲགས་ཏེ། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་རྒྱ་ནག་ཐོག་གི་ཐབས་བྱུས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Mike Gallagher ལགས་ཀྱིས་མི་རིགས་སྡེབ་གསོད་ནི་ནག་ཉེས་ཆེ་ཤོས་ཀྱི་བྱ་སྤྱོད་ཅིག་རེད་ཅེས་རྒྱ་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་འདུག

སྙན་ཐོ་དེའི་ནང་རྒྱ་གཞུང་གིས་ཡུ་གུར་མང་ཚོགས་ལ་དྲག་གནོན་སླད་ཆེད་དུ་དམིགས་ནས་གཉེར་བཞིན་པའི་བཟོ་ལས་ཁང་དེ་དག་ལ་གཞུང་འབྲེལ་ཐོག་ནས་ཉེས་ཆད་བཀལ་རྒྱུའི་ལས་དོན་མུ་མཐུད་མཇུག་སྐྱོང་གནང་དགོས་པ་དང་། Ugyur Forced Labor Prevention Act ཞེས་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་གཞི་དེའི་བརྒྱུད་ཤིན་ཅང་ནང་བཙན་དབང་གིས་ངལ་རྩོལ་ལས་རིགས་དང་དེ་ནས་བཟོ་བསྐྲུན་བྱས་པའི་ཚོང་ཟོག་རྣམས་རྒྱལ་ཁབ་གཞན་ལ་ཚོང་གཉེར་བྱ་རྒྱུར་བཀག་སྡོམ་གནང་དགོས་པ་མ་ཟད། ཡུ་གུར་གྲངས་ཉུང་མི་རིགས་ཀྱི་རང་དབང་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་ཚོར་གཞུང་འབྲེལ་གྱི་ཉེས་ཆད་བཀལ་རྒྱུའི་ལས་དོན་མུ་མཐུད་གནང་དགོས་པ་སོགས་བཀོད་འདུག

ཐེ་ཝན་དང་འབྲེལ་བའི་སྙན་ཐོ་དེའི་ནང་། སྤྱིར་རྒྱ་ནག་གིས་ཉེ་བའི་ལོ་ཤས་ནས་ཐེ་ཝན་ཐོག་དམག་ཤུགས་ཀྱི་འཇིགས་སྐུལ་ཆེས་ཆེར་གཏོང་བཞིན་པ་འཐེར་འདོན་དང་འབྲེལ། དེ་འབྲེལ་ཚོགས་ཆུང་གིས་འཐུས་མི་ Raja Krishnamoorthi ལགས་ཀྱིས་ཐེ་ཝན་མང་ཚོགས་ལ་རང་དབང་དང་ཞི་བདེའི་ངང་གནས་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་གསུངས་འདུག

མ་ཟད་སྙན་ཐོ་དེའི་བརྒྱུད། དེ་འབྲེལ་ཚོགས་ཆུང་གི་ངོས་ནས་ཨ་རིའི་སྲིད་འཛིན་མཆོག་ལ་མགྱོགས་མྱུར་ཐའེ་ཝན་རྒྱལ་སྲུང་ཆེད་མཐུན་འགྱུར་འཕར་མ་སྦྱར་དགོས་པ་དང་། རྒྱ་ནག་གི་དྲག་ཤུགས་ལ་ལྟོས་མེད་ཨ་རི་དང་ཐའེ་ཝན་གཉིས་ཟུང་སྦྲེལ་གྱིས་དམག་སྦྱོང་ནུས་པ་ཡར་རྒྱས་བཏང་དགོས་པ། དེ་བཞིན་རྒྱ་ནག་ལ་གདོང་ལེན་བྱེད་ཕྱོགས་སྐོར་ལས་དོན་ཚོགས་ཆུང་ཞིག་དགོས་ངེས་སོགས་ཀྱི་དགོས་འདུན་སྟོན་གནང་འདུག

གཞི་རྩའི་ཨ་རིའི་གྲོས་ཚོགས་ཀྱི་ཨ་རི་དང་རྒྱ་ནག་ཐོག་གི་ཚོགས་ཆུང་འདི་ནི་སྐུ་ཞབས་ Kevin Mckarthy ལགས་ཨ་རི་གྲོས་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་མ་ཐག་གསར་འཛུགས་གནང་པའི་ཨ་རི་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མི་ཡོད་པའི་ཚོགས་ཆུང་ཞིག་ཆགས་ཀྱི་ཡོད་པ་དང་། ད་རེས་ཐེ་ཝན་དང་ཡུ་གུར་ཐོག་འདོན་སྤེལ་གནང་བའི་སྙན་ཐོ་འདི་བཞིན་ཚོགས་ཆུང་གི་སྙན་ཐོ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།