Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་གོང་མར་ཨ་རུ་ནཱ་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ས་ཁུལ་ཡིན་པའི་གྲོས་ཆོད་བཏོན་པ།

Tibetan News Headlines

  • གཞིས་ལུས་བོད་མི་རྣམས་ཀྱི་ལྷག་བསམ་ལ་ཆེ་བསྟོད་དང་བོད་དོནབདེན་མཐའ་གང་མགྱོགས་སེལ་རྒྱུའི་ཐུགས་རེ་ཡོད་པ་བཀའ་སྩལ།
  • རྒྱ་ནག་གཞུང་ཚབ་པས་ཧ་ཝར་ཌི་ཀེ་ནེ་ཌི་སློབ་གྲྭར་གཏམ་བཤད་བྱེད་པར་ས་གནས་་བོད་མིས་ངོ་རྒོལ།
  • ཆབ་སྲིད་བཙོན་ཟུར་ཞིག་གིས་རྒྱ་མིའི་བཙོན་འཇུག་མནར་གཅོད་སྐོར་ཕྱིར་བསྒྲགས།
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken རྒྱ་ནག་ཏུ་ཕེབས་འཆར།
  • G7 འགོ་ཁྲིད་ཚོས་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་སེམས་འཚབ་སྟོན་པ།
  • རྩམ་པ་ཟ་མ་ཎི་བགྲང་མཁན་ཚང་མས་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་ལམ་སྟོན་སྩལ་གནང་སོང་།

Monday 22/04/2024

  • Dalai Lama grants audience to participants of Shoton Festival and TWA members
  • Tibetan and Taiwanese activists disrupt Chinese ambassador’s address at Harvard
  • Tibetan political prisoner shares harrowing accounts of experiences in Chinese prisons
  • Blinken to visit China to bolster relations amid global turbulence
  • G7 Foreign ministers express concern over China’s human rights violations in Xinjiang, Tibet
  • Sakya Gongma Trichen gives teaching to Tibetan students in Delhi

ཁ་སང་ཨ་རིའི་གྲོས་ཚོགས་གོང་མར་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jeff Markley ལགས་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Bill Haggerty ལགས། དེ་བཞིན་སྐུ་ཞབས་ John Cornyn ལགས་བཅས་གསུམ་གྱིས་ Reaffirming the state of Arunachal Pradesh as Indian Territory and condemning the People’s Republic of China’s provocations in South Asia ཞེས་པའི་གྲོས་ཆོད་གྲོས་འཆར་བསྣམས་པ་དང་འབྲེལ་ཨ་རུ་ནཱ་ཅལ་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ས་ཁུལ་ཡིན་པ་དང་། རྒྱ་ནག་གིས་འཕགས་བོད་ས་མཚམས་ཁུལ་དུ་དཔུང་འཇུག་གི་བྱ་སྤྱོད་སྤེལ་བཞིན་པར་སྐྱོན་བརྗོད་གནང་འདུག

དེ་རིང་ Hidustan Times གསར་ཁང་གིས་གནས་ཚུལ་སྤེལ་བར་ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ཐོག་གྲོས་ཆོད་ཆེས་ཐོག་མ་ཆེད་བཏོན་གནང་བར་ཨ་རིའི་ངོས་ནས་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་ཡོད་པའི་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ས་ཁུལ་རྣམས་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ས་ཁུལ་ཡིན་པའི་བཞེངས་ཕྱོགས་ཁ་གསལ་དགོས་པ་དང་འབྲེལ། རྒྱ་གར་གྱི་ས་ཁོངས་བདག་དབང་ལ་རྒྱབ་སྐྱོར་གནང་དགོས་པ། ས་མཚམས་ས་ཁུལ་དུ་གྲོང་ཚོ་གསར་བསྐྲུན། ཨ་རུ་ནཱ་ཅལ་གྱི་གྲོང་ཁྱེར་ཁག་གཅིག་ལ་རྒྱ་ཡིག་ཐོག་མིང་གསར་པ་བཏགས་པའི་ས་ཁྲ་འདོན་སྤེལ་བྱས་པ། དེ་བཞིན་འབྲུག་གི་ས་ཁུལ་དུའང་བཙན་འཛུལ་བྱེད་བཞིན་པ་བཅས་ངན་བྱུས་རྣམས་ལ་སྐྱོན་བརྗོད་ནན་པོ་གནང་འདུག

རྒྱ་གར་གྱི་ངོས་ནས་ས་མཚམས་ཁུལ་དུ་འབྲེལ་གཏུག་དང་རྒྱང་སྲིང་གཙོས་སྲུང་སྐྱོབ་དང་འབྲེལ་བའི་འཛུགས་བསྐྲུན་ལས་གཞི་རྒྱ་སྐྱེད་བཏང་བ་དང་། བཅའ་དངོས་ཉོ་ཚོང་གི་བརྒྱུད་རིམ་བཟང་དུ་བཏང་བ། དེ་བཞིན་འཕྲོད་བསྟེན་གཙོས་སྡེ་ཚན་གཞན་གྱི་ནང་དུ་ཐེ་ཝན་དང་འབྲེལ་ལམ་ཤུགས་ཆེ་རུ་བཏང་བ་སོགས་རྒྱ་ནག་གི་བདེ་འཇགས་ཀྱི་ཉེན་ཚབས་ལ་ཁ་གཏད་ཀྱི་ལས་དོན་སྤེལ་ཕྱོགས་ལ་བསྔགས་བརྗོད་དང་སྦྲགས། ཨ་རི་དང་རྒྱ་གར་ཕྱོགས་གཉིས་ཀྱིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་རང་དབང་དང་འཛུགས་བསྐྲུན་ཡར་རྒྱས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་སོགས་ལ་མཐུན་འབྲེལ་ཤུགས་ཆེ་རུ་བཏང་བ་གཙོས་རྒྱ་ནག་ལ་གདོང་ལེན་ལས་གཞིའི་མ་དངུལ་ཞེས་པའི་འོག་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ USAID བཅས་བརྒྱུད་ནས་རྒྱ་གར་གྱི་ས་མཚམས་ས་ཁུལ་དུ་སྲུང་སྐྱོབ་དང་འཛུགས་བསྐྲུན་ལས་གཞིར་རོགས་སྐྱོར་ཤུགས་ཆེ་བྱས་ནས་ཨ་རི་དང་བློ་མཐུན་པའི་རྒྱལ་ཁབ་རྣམས་ལ་ཡང་དེ་ལྟར་གནང་དགོས་པའི་སྐུལ་མ་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཨ་རིའི་གྲོས་ཚོགས་གོང་མར་གྲོས་ཆོད་ཆེད་བཏོན་གནང་མཁན་ཁོངས་ནས་སྐུ་ཞབས་ Jeff Merkley ལགས་ལ་མཚོན་ན་ CECC ཞེས་པའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཡིན་པ་དང་། སྐུ་ཞབས་ Bill Haggerty ལགས་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་ཡིན་པ། དེ་བཞིན་ John Cornyn ལགས་གྲོས་ཚོགས་ཀྱི་རྒྱ་གར་སྡེ་ཚན་གསར་འཛུགས་གནང་མཁན་དང་ད་ལྟའི་ཚོགས་གཙོ་ཡང་ཡིན་པ་རེད།

སྤྱིར་ད་བར་ཨ་རིའི་གཞུང་གི་ངོས་ནས་ཨ་རུ་ནཱ་ཅལ་དེ་རྒྱ་གར་གྱི་ཆ་ཤས་སུ་ངོས་འཛིན་གནང་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོའི་གྷལ་ཝན་ས་ཁུལ་དུ་རྒྱ་ནག་གི་དཔུང་འཇུག་གི་བྱ་སྤྱོད་ལ་ཨ་རིའི་གྲོས་ཚོགས་འོག་མར་སྐྱོན་བརྗོད་ཀྱི་གྲོས་ཆོད་འགོད་འབུལ་ཞུས་ཡོད་ཀྱང་། ད་བར་གྲོས་ཚོགས་གོང་མའི་ནང་ཨ་རུ་ནཱ་ཅལ་གྱི་བདག་དབང་དང་རྒྱ་ནག་གི་དཔུང་འཇུག་གི་བྱ་སྤྱོད་སྐོར་ཞིབ་ཕྲ་འཁོད་པའི་གྲོས་ཆོད་ཆེད་བཏོན་གནང་བ་ཆེས་ཐོག་མ་དེ་ཆགས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།