Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་སྡེབ་གསོད་གཏོང་གི་ཡོད་པར་བརྗོད་འདུག

Tibetan News Headlines

  • རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Kangana Ranaut ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་སོང་།
  • སྲིད་སྐྱོང་མཆོག་གིས་ Block Quebec ཞེས་པའི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་དང་མཇལ་མོལ་གནང་འདུག
  • Milton Keynes ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་ Philadelphia རུ་བོད་རང་བཙན་གྱི་ལས་འགུལ།
  • འཇར་མན་སྲིད་བློན་མཆོག་གི་ཕྱོགས་བསྐྱོད་དེ་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་ཚོད་ལྟ་ཞིག་ཆགས་ཀྱི་ཡོད་པ་གསུངས་འདུག
  • བལ་ཡུལ་ནས་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ལ་གདོང་ལེན་ནན་པོ་བྱ་དགོས་པ་བརྗོད་འདུག
  • དཔལ་འབྱོར་ལས་ཁུངས་ཀྱིས་དཔྱ་ཁྲལ་ཆག་ཡང་ཕར་འགྱངས་ཀྱི་གསལ་བསྒྲགས་སྤེལ་འདུག

Monday 15/04/2024

  • Kangana Ranaut receives audience with the Dalai Lama
  • Sikyong Penpa discusses human rights in Tibet with leaders of Bloc Québécois, visits Boston
  • Tibetan national flag hoisted at Milton Keynes, Tibetan independence protest at Philadelphia
  • Chancellor’s Visit a Test for Berlin’s Resolve on its China Strategy: Rights group
  • Nepal sounds alarm over Chinese encroachment, calls for international intervention
  • CTA announces extension of ‘Chatrel’ exemption, urges Tibetans not to miss out the opportunity

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་ཡུ་གུར་མི་རིགས་གཙོ་བོར་གྱུར་བའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་སྤེལ་ཏེ་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པའི་སྐྱོན་བརྗོད་གནང་འདུག

དེའང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཁ་སང་སྤེལ་བའི་གསར་འགོད་སྒྲགས་གཏམ་དེའི་ནང་དུ། རྒྱ་ནག་ནི་རང་ཉིད་ཀྱི་མི་མང་ལ་བཙན་དབང་གིས་སློབ་གསོ་བཅོས་བསྒྱུར་གཏོང་མཁན་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཨ་རིའི་གཞུང་ངོས་ནས་འདས་པའི་ལོ་བཞིའི་རིང་ལ་རྒྱ་ནག་གི་ངོ་བོ་དེ་ཕྱི་ཕྱོགས་སུ་དམར་རྗེན་དུ་བཏོན་པ་མ་ཟད། རྒྱ་ནག་གིས་ཞིན་ཅང་ཁུལ་གྱི་ཡུ་གུར་ཁ་ཆེ་མི་རིགས་ལ་དྲག་ཤུགས་སྤེལ་བཞིན་ཡོད་པའི་ཐོག་དམིགས་བསལ་གྱི་དོ་སྣང་སྤྲད་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་སྲིད་གཞུང་གིས་ཡུ་གུར་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པ་དེ་གང་མགྱོགས་མཚམས་འཇོག་བྱེད་དགོས་བ་མ་ཟད།  ཁུལ་དེར་བཀག་སྐྱིལ་བྱས་པའི་མི་མང་རྣམས་གློད་གྲོལ་གཏོང་དགོས་བའི་ཞུ་སྐུལ་གནང་འདུག

ཕྱི་སྲིད་ལས་ཁུངས་ཀྱི་བསྒྲགས་གཏམ་དེའི་ནང་དུ། ཨ་རིའི་ངོས་ནས་རྒྱ་ནག་གིས་ཡུ་གུར་མི་རིགས་ལ་རྕུབ་སྤྱོད་སྤེལ་བཞིན་པའི་ཡིག་ཆ་ཁག་འཚོལ་སྡུད་བྱས་པའི་བརྒྱུད་རིམ་ནས་གསལ་བོར་ཤེས་རྟོགས་བྱུང་བ་ཞིག་ནི། མ་མཐའ་ཡང་ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་། ཞིན་ཅང་ཁུལ་གྱི་རྒྱ་ནག་གི་ས་གནས་ཀྱི་དཔོན་རིགས་རྣམས་ཀྱིས་ལོ་ངོ་བཅུ་ཕྲག་རིང་གི་རྒྱ་ནག་གི་དྲག་གནོན་གྱི་དྲིལ་བསྒྲགས་ཁག་ལག་བསྟར་གྱིས་ཡུ་གུར་མི་རིགས་ཀྱི་གཙོ་བྱས་པའི་ Kazakhs དང་Kyrgyz  གྲངས་ཉུང་མི་རིགས་རྣམས་ལ་མི་སྤྱོད་ལས་འདས་བའི་རྩ་འཛུགས་རང་བཞིན་གྱི་དྲག་གནོན་རིམ་པ་བྱས་ཏེ། ཁུལ་དེར་ཡོད་པའི་ཁ་ཆེ་མི་རིགས་རྣམས་ཀྱི་འགྲོ་འདུག་གི་རང་དབང་བཀག་སྡོམ། དེ་བཞིན་སློབ་མ་རྣམས་ཀྱིས་སློབ་སྦྱོང་བྱེད་ཕྱོགས། གཞན་ཡང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་ལ་ཕྱོགས་ཡོངས་ནས་དྲག་གནོན་བྱས་ཡོད་པ་མ་ཟད།  དམར་ཤོག་སྲིད་གཞུང་གི་ས་གནས་ཀྱི་དཔོན་རིགས་རྣམས་ཀྱིས་ཡུ་གུར་བུད་མེད་རྣམས་ཀྱི་བྱིས་པ་མངལ་ནས་གསོད་དུ་བཅུག་པ། དེ་བཞིན་བཙན་དབང་གིས་ཁ་ཆེ་མ་ཡིན་པའི་མི་གཞན་ལ་གཉེན་སྒྲིག་བྱེད་དུ་བཅུག་པ། གཞན་ཡང་ཡུ་གུར་ཁ་ཆེ་བྱིས་པ་རྣམས་ཕ་མ་དང་མཉམ་དུ་སྡོད་དུ་མ་བཅུག་པར་ཟུར་བཀག་བྱས་ཡོད་པ་སོགས་མངོན་གསལ་གནང་འདུགམ་ཟད་ཨ་རིའི་གཞུང་ངོས་ནས་ཁུལ་དེའི་ནང་གི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་བྱས་པ་བརྒྱུད། རྒྱ་ནག་དམར་ཤོག་ཚོགས་པའི་སྟངས་འཛིན་དང་ལམ་སྟོན་འོག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ངོས་ནས་ཡུ་གུར་གཙོ་བྱས་པའི་ Kazakhs དང་Kyrgyz  གྲངས་ཉུང་མི་རིགས་རྣམས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་དང་སྤེལ་མུས་ཡིན་པ་ཁ་གསལ་ནན་བརྗོད་གནང་བ་དང་འབྲེལ། རྒྱལ་སྤྱིའིི་གཞུང་ཁག་དང་ཁྲིམས་ཀྱི་སྒྲིག་འཛུགས་རྣམས་ཀྱིས་ཨ་རི་དང་མཉམ་ལས་བྱས་ཏེ་རྒྱ་ནག་གི་མི་སྤྱོད་ལས་འདས་བའི་བྱེད་བབ་དེ་གསལ་བཟོ་བྱེད་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། ཨ་རིའི་ངོས་ནས་རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་ཞིན་ཅང་གི་ཁུལ་དུ་དྲག་གནོན་བྱེད་བཞིན་པར་དགག་གཞན་ནན་མོ་བྱས་ཏེ་དཔོན་རིགས་དེ་དག་གི་འགྲོ་འདུག་དང་འབྲེལ་བའི་བཀག་རྒྱ་བཟོས་ཡོད་པ་ལྟར། རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱ་ནག་གི་བྱེད་བབ་དེར་མངོན་སུམ་འཛེམ་མེད་ཀྱིས་གདོང་ལེན་བྱེད་དགོས་བར་གསུངས་འདུག

གོང་གི་གནད་དོན་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ཁུལ་གྱི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གི་ཞིན་ཅང་གི་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་ནི་བོད་ཁུལ་དུ་ཡང་སྔ་མོ་ནས་ལག་བསྟར་བྱས་ཡོད་པ་ཞིག་ཡིན་སྐོར་ངོ་སྤྲོད་གནང་སྟེ་ཐེངས་འདིར་ཨ་རིའི་ངོས་ནས་རྒྱ་ནག་གིས་གུ་ཡུར་མི་མང་གི་མི་རིགས་དམར་གསོད་དང་ཆོས་རིག་རྩ་གཏོར་གཏོང་གི་ཡོད་པའི་ངོས་འཛིན་གྱི་བསྒྲགས་གཏམ་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡང་རྒྱ་ནག་གི་བྱེད་བབ་དེར་མཉམ་མཐུན་གྱིས་རྒོལ་རྡུང་གཏོང་དགོས་བར་ཞུ་སྐུལ་གནང་བ་དེ་ནི་གལ་གནད་ཆེ་བའི་གནད་དོན་ཞིག་ཡིན་ལུགས་ངོ་སྤྲོད་གནང་སོང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གིས་ཡུ་གུར་མི་རིགས་སྡེབ་གསོད་གཏོང་གི་ཡོད་པའི་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་དེ་ཕྱི་ལ་ཐོན་མ་ཐག  ཨ་རིའི་སྲིད་གཞུང་གི་ USCIRF ཞེས་པའི་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་ཀྱིས་ཕྱི་སྲིད་ལྷན་ཁང་གི་བསྒྲགས་གཏམ་དེར་དགའ་བསུ་གནང་བ་དང་སྦྲགས།  རྒྱ་ནག་གིས་ཞིན་ཅང་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་ནི་ཡུ་གུར་མི་མང་དམར་གསོད་བཏང་བ་ཞིག་དང་། དེ་བཞིན་འགྲོ་བ་མིའི་རིགས་ལ་གནོད་པའི་ནག་ཉེས་ཤིག་ཡིན་པར་ཕྱིར་བསྒྲགས་གནང་སྟེ།  ད་ལྟའི་ཨ་རིའི་སྲིད་འཛིན་ Trump སྲིད་གཞུང་གིས་གིས་རྒྱ་ནག་གི་དྲག་གནོན་གྱི་བྱེད་བབ་དེར་ངོས་འཛིན་གསལ་བོར་གནང་ཡོད་པ་ལྟར། སྲིད་འཛིན་གསར་བ་ Biden མཆོག་གིས་ཀྱང་ད་ལྟའི་ཨ་རིའི་རྒྱ་ནག་ལ་གདོང་ལེན་བྱེད་ཕྱོགས་ཀྱི་གོ་སྐབས་དེ་མཇུག་སྐྱོང་གནང་དགོས་བར་སྐུལ་མ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།