Tibetan Royal Year of 2151 | Year of the Wood Dragon

ཨོ་གླིང་དང་ཨ་རིའི་གསར་ཁང་གིས་རྒྱ་ནག་དང་ལག་འབྲེལ་བྱེད་མཚམས་བཞག་འདུག

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

ཨོ་གླིང་གི་གསར་ཁང་དང་ཨ་རིའི་ Wall Street Journal ཞེས་པའི་གསར་ཁང་སོགས་ཀྱིས་རྒྱ་ནག་ལ་ལག་འབྲེལ་གྱིས་ད་བར་རྒྱ་ནག་གི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་བཞིན་པའི་འབྲེལ་ལམ་དེ་ཡོངས་སུ་མཚམས་འཇོག་བྱས་འདུག
དེ་ཡང་དབྱིན་ཡུལ་གྱི་ནང་དུ་རྟེན་གཞི་བྱས་པའི་Free tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་ཨོ་གླིང་བོད་དོན་ལྷན་ཁང་སོགས་ཀྱི་གཙོ་བྱས་པའི་རྒྱལ་སྤྱིའི་ཚོགས་ལས་འགུལ་གྱི་ཚོགས་པ་༡༢༠ ལྷག་གིས་འདས་བའི་ལོ་གཅིག་གི་ནང་ལ་གསར་ཁང་ཁག་ཅིག་གིས་རྒྱ་ནག་ནས་དངུལ་དངོས་ཀྱི་ཁེ་བཟང་བླངས་ཏེ་རྒྱ་ནག་གིི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཀྱི་རིགས་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་མཚམས་འཇོག་དགོས་བའི་ལས་འགུལ་རིམ་པ་སྤེལ་བ་ལྟར། ད་ལྟ་ཨོ་གླིང་གི་གསར་ཁང་ཁག་ཅིག་དང་ཨ་རིའིི་གསར་ཁང་ཁག་ཅིག་གིས་རྒྱ་ནག་དང་ལག་འབྲེལ་བྱེད་མཚམས་བཞག་འདུག
ཚོགས་པ་དེ་དག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་ Wall Street Journal ཞེས་པའི་གསར་ཤོག་གིས་འདས་བའི་ལོ་གསུམ་གྱི་ནང་དུ་རྒྱ་ནག་ལ་ལག་འབྲེལ་བྱས་ཏེ་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་ཀྱི་རྩོམ་ཡིག་ཁྱབ་སྤེལ་བྱས་བ་བརྒྱུད། རྒྱ་ནག་ནས་ཨ་སྒོར་ས་ཡ་དྲུག་ཙམ་གྱི་དངུལ་རྐྱང་གི་མ་འཛུགས་བླངས་ཡོད་པ་དེ་ལྟར་ཡང་། གསར་ཁང་དེས་འདི་ལོའི་ཕྱི་ཟླ་༧ པ་ནས་བཟུང་རྒྱ་ནག་གི་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་ཁྱབ་སྤེལ་རིགས་ཀྱི་རྩོམ་ཡིག་བརྒྱུད་བསྒྲགས་བྱེད་མཚམས་བཞག་ཡོད་པར་མངོན་གསལ་གནང་འདུགདེ་བཞིན་བདུན་ཕྲག་སྔོན་མའི་ནང་། ཨོ་གླིང་ Fairfax Media ཞེས་པའི་གསར་ཁང་གི་ཁྱབ་ཁོངས་སུ་གཏོགས་པའིི་ Sydney Morning Herald དང་ཨོ་གླིང་གི་Financial Review དེ་བཞིན་ The Age ཞེས་པ་སོགས་ཀྱིས་ཀྱང་སྤྱི་ལོ་ ༢༠༡༦ ནས་བཟུང་རྒྱ་ནག་གི་དྲིལ་བསྒྲགས་རིགས་ཁྱབ་སྤེལ་བྱེད་བཞིན་ཡོད་ཀྱང་། འདི་ལོའི་དབྱར་ཐོག་ནས་བཟུང་རྒྱ་ནག་གི་ཉིན་རེའི་ཚགས་པར་དང་འབྲེལ་ཐག་ཡོངས་སུ་བཅད་ཟིན་པའི་གནས་ཚུལ་ཐོན་པའི་ཁྲོད། ད་ཆ་འཇར་མན་གྱི་གསར་ཁང་ Handelsblatt དང་དེ་བཞིན་ཨ་རིའི་ Los Angeles Times སོགས་ལ་དེ་མཚུངས་བྱེད་དགོས་པའི་སྐུལ་མ་བྱེད་མུས་རེད་འདུག
རྩ་བའི་གསར་ཤོག་དེ་དག་གིས་འདི་ལོའི་ཟླ་བ་ ༥ ནས་༡༠ བར་དུ་དྲིལ་བསྒྲགས་ཀྱི་མ་དངུལ་ཨ་སྒོར་ ༣༤༠༠༠༠ ལྷག་བླངས་ཏེ་དེ་གའི་གསར་ཤོག་ཐོག་རྒྱ་ནག་ལྟ་ཞིབ་ཅེས་པའི་སྡེ་ཚན་འོག་བོད་དང་ཤིན་ཅིང་སོགས་ཀྱི་གནད་དོན་སྐོར་ལ་འཁྱོགས་བཤད་དྲིལ་སྒྲགས་མང་དག་ཅིག་སྤེལ་ཡོད་པ་རེད་འདུག

ཐེངས་འདིར་གསར་ཁང་ཁག་ཅིག་གིས་རྒྱ་ནག་དང་ལག་འབྲེལ་བྱེད་མཚམས་བཞག་པའི་གནད་དོན་དང་འབྲེལ་ནས། Free tibet ཞེས་པའི་དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲིལ་བསྒྲགས་ཀྱི་འགན་འཛིན་སྐུ་ཞབས་ John Jones ལགས་ཀྱིས་བོད་མི་དང་ཧོང་ཀོང་བ། དེ་བཞིན་ཡུ་གུར་བ་སོགས་ཀྱིས་རྒྱ་ནག་གི་དབང་བསྒྱུར་ལས་རང་དབང་འཐབ་རྩོད་བྱེད་རྒྱུ་ཁོ་ན་ཞིག་མིན་པར། རྒྱ་ནག་གི་རྫུན་བསྒྲགས་ལ་གདོང་ལེན་བྱེད་དགོས་བ་ཞིག་ཡིན་དུས། ཐེངས་འདིར་གསར་ཁང་ཁག་གིས་རྒྱ་ནག་དང་ལག་འབྲེལ་མཚམས་འཇོག་གནང་བ་དེ་ནི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པར་བསྒྲགས་འདུག


དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་དྲིལ་བསྒྲགས་ཀྱི་འབྲེལ་མཐུད་པ། ལྕམ་སྐུ Gloria Montgomery ལགས་ཀྱིས་ཀྱང་རྒྱ་ནག་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་བོད་ནང་གི་གསར་འགོད་རང་དབང་བཀག་སྡོམ་བྱས་ཡོད་པར་བསྒྲགས་པ་དང་འབྲེལ་ནས། The Wall Street Journal གསར་ཁང་གིས་རྒྱ་ནག་གི་དངུལ་དངོས་བླངས་ནས་དྲིལ་བསྒྲགས་རིགས་ཁྱབ་སྤེལ་བྱས་པ་དེས་རྒྱ་ནག་གིས་བོད་མི་དང་ཡུ་གུར་བ་སོགས་ལ་དྲག་གནོན་བྱས་པར་ངན་འབྲེལ་བྱས་པ་ཞིག་ཆགས་ཡོད་སྐོར་མངོན་གསལ་གྱིས། ང་ཚོས་ད་དུང་རྒྱ་ནག་གི་ཕྱོགས་གཏོགས་ཀྱི་གསར་ཁང་གཞན་གྱིས་ཀྱང་ངན་འབྲེལ་བྱས་ཏེ་གནས་ཚུལ་ཁྱབ་སྤེལ་བྱེད་བཞིན་པ་ཁག་ཡོངས་སུ་མཚམས་འཇོག་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པར་བསྒྲགས་འདུགམ་ཟད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ། སྐུ་ཞབས་བུ་ཆུང་ཚེ་རིང་ལགས་ཀྱིས་ཀྱང་། Wall Street Journal གསར་ཁང་ལྟ་བུས་མི་མང་ལ་དངོས་ཡོད་གནས་ཚུལ་ར་སྤྲོད་བྱས་ནས་མང་ཚོགས་ལ་ཕན་རླབས་སྐྲུན་ཐབས་གནང་དགོས་བ་ཞིག་ཡིན་ནའང་། དེ་ལས་ཟློག་སྟེ་རྒྱ་ནག་ནས་དངུལ་དངུལ་གྱི་ཁེ་བཟང་བླངས་ནས་རྒྱ་ནག་གི་དྲིལ་བསྒྲགས་ཀྱི་རིགས་ཁྱབ་སྤེལ་བཏང་བ་དེ་ནི་གསར་ཁང་གི་གཞི་རྩའི་ལྟ་གྲུབ་དང་འགལ་ཡོད་པ་ཞིག་ཆགས་ཡོད། གནས་ཚུལ་རྫུན་བསྒྲགས་ཀྱི་དུས་སྐབས་འདིར། ང་ཚོས་ནན་ཏན་གྱིས་དོ་སྣང་གནང་སྟེ་རྒྱ་ནག་གི་རྫུན་བསྒྲགས་ཀྱིས་མང་གཙོའི་སྤྱི་ཚོགས་ལ་ཤུགས་རྐྱེན་མི་ཐེབས་པར་འབད་བརྩོན་ཞུ་དགོས་བར་ཡོངས་གྲགས་ཀྱིས། རྒྱ་ནག་གིས་དངུལ་དངོས་ཀྱི་ཁེ་བཟང་གི་འོག་ཏུ་གནས་ཚུལ་ཁྱབ་སྤེལ་མཁན་གྱི་གསར་ཁང་ཡོངས་ཀྱིས་ངན་པ་ལག་འབྲེལ་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་བའི་ཞུ་སྐུལ་གནང་འདུག
དེ་བཞིན་ཨོ་གླིང་གི་བོད་དོན་ལྷན་ཁང་གི་རྒྱུན་ལས་ལྕམ་སྐུ་ Zoë Bedford ལགས་ཀྱིས། ཨོ་གླིང་གི་གསར་ཁང་ཁག་གིས་རྒྱ་ནག་གི་ཉིན་རེའི་ཚགས་པར་ཁང་དང་ལག་འབྲེལ་གྱིས་གནས་ཚུལ་ཁྱབ་སྤེལ་བྱས་པ་དེ་ཡིས་ཨོ་གླིང་མི་མང་གི་གསར་འགོད་རང་དབང་ལ་གདེང་ཚོད་མེད་པར་བསྒྱུར་ཡོད་པར་ལུང་འདྲེན་བྱས་ཏེ། ཐེངས་འདིར་གསར་ཁང་ཁག་གིས་རྒྱ་ནག་དང་ལག་འབྲེལ་མཚམས་འཇོག་གནང་བ་དེ་ཡིས་མི་མང་གིས་གསར་ཁང་ལ་ཡིད་ཆེས་བྱེད་རྒྱུའི་གདེང་ཚོད་བསྐྱར་གསོ་བྱས་པ་ཞིག་དང་། དེ་བཞིན་རྒྱ་ནག་གི་དབང་བསྒྱུར་འོག་གུ་སྡུག་སྦྱོང་གིས་མནར་བཞིན་པའི་བོད་མི་རྣམས་ལ་ཕྱི་ལོག་ནས་ཁོང་ཚོའི་ཐོབ་ཐང་ལ་རྩོད་ལེན་གནང་བཞིན་པའི་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད་པར་བསྒྲགས་འདུག

རྒྱ་རྩའི་རྒྱ་ནག་གི་དྲིལ་བསྒྲགས་ཀྱི་རིགས་དེ་དག་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྟངས་འཛིན་གྱི་འོག་ནས་ཕྱི་ལོགས་སུ་གནས་ཚུལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་ལྟར། ཕྱི་ལོག་གི་སྡེ་ཚན་དེ་དག་གིས་རྒྱ་ནག་གི་ལྟ་ཞིབ་ཞེས་པའི་ལེ་ཚན་གྱི་མིང་ཐོག་ནས་གནས་ཚུལ་བརྒྱུད་བསྒྲགས་བྱེད་ཀྱི་ཡོད་པའི་ཁྲོད། འདི་ལོ་ཟླ་བ་ ༡༡ པའི་ཚེས་ ༢༩ ཉིན། ཨ་རིའི་ Los Angeles Times ཞེས་པའི་སྟེང་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁྱབ་སྤེལ་བྱས་པའི་ནང་། བོད་མི་རྣམས་ཀྱིས་མི་ཚེ་ནང་དུ་འགྱུར་བ་གསར་བ་ཞིག་བསུ་བཞིན་ཡོད་པའི་གནས་ཚུལ་དྲིལ་བསྒྲགས་བྱས་ཡོད་པ་རེད། དེ་ལྟ་བུའི་དྲིལ་བསྒྲགས་ཀྱི་རིགས་ནི་གཙོ་བོ་རྒྱ་ནག་གི་ཉིན་རེའི་ཚགས་པར་དང་རྒྱ་ནག་གི་པེ་ཅིན་དཔྱད་ཞིབ་ཞེས་པ་གཉིས་ཀྱིས་གཙོ་སྐྱོང་གིས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་ཞིག་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།