Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: August, 2020

རེས་གཟའ་ཟླ་བ། ༢༠༢༠།༠༨།༣༡

Download ༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུ་དགོས། ཞི་ཅིན་ཕིང་གིས་ཁ་བྲལ་ལ་གདོང་ལེན་དང་རྒྱལ་ཞེན་གྱི་བསམ་བློ་ཆེ་རུ་གཏོང་དགོས་པ་བརྗོད་འདུག ཕ་རན་སིའི་སྲིད་འཛིན་ Macron ལགས་ཀྱིས་ཝང་ཡིར་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་བ། འཛིན་རིམ་དགུ་པ་ནས་བཅིུས་དབར་ལ་ཅུང་གུ་ཡངས་ཡོད་པའི་བཀོད་ཁྱབ། བོད་ཀྱི་ན་གཞོན་རིག་རྩལ་འཁྲབ་སྟོན་ཞེས་པ་དྲྭ་ཐོག་བརྒྱུད་ཚོགས་པ། Monday 31/08/2020 Thiksey Rinpoche calls for Dalai Lama to be honored with Bharat Ratna Step up anti ‘splittism’ efforts in Tibet: Xi Jinping French President raises rights issue with Wang Yi New MHA guidelines says schools to remain closed with exception for classes 9 to 12 Tibetan student group launched Youth Talent Show

༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས།

ལ་དྭགས་ཀྱི་ཁྲིག་སེ་དང་བདེ་སྐྱིད་དགོན་པའི་དབུ་བླ་དང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་གནང་མྱོང་མཁན་ཁྲིག་སེ་རིན་པོ་ཆེ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་དགོན་འདུན་ཆེད་བཏོན་གནང་འདུག

བོད་ནང་ཁ་བྲལ་ལ་གདོང་ལེན་དང་རྒྱལ་ཞེན་གྱི་བསམ་བློ་ཆེ་རུ་གཏོང་དགོས་པ་བརྗོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ ཐོག་བོད་ནང་ཁ་བྲལ་ལ་གདོང་ལེན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་གཞི་རིམ་སློབ་གྲྭར་སློབ་གསོ་སོགས་ཀྱི་ཐོག་ནས་རྒྱལ་ཞེན་གྱི་བསམ་བློ་ཆེ་རུ་གཏོང་དགོས་པ་སོགས་བརྗོད་འདུག

ཕ་རན་སིའི་སྲིད་འཛིན་ Macron ལགས་ཀྱིས་ཝང་ཡིར་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་བ།

རྒྱ་ནག་གྱི་ཕྱི་སྲིད་བློན་ཆེན་ Wang Yi ཟླ་ ༨ ཚེས་ ༢༥ ནས་ཨི་ཊ་ལི་དང་ནི་ཐར་ལན་ཌི། ནོར་ཝེ། ཕ་རན་སི། དེ་བཞིན་འཇར་མན་བཅས་ཡོ་རོབ་རྒྱལ་ཁབ་ལྔའི་ནང་གཞུང་འབྲེལ་སྐོར་སྐྱོད་བྱེད་བཞིན་ཡོད་པ་ལྟར་ཕྱི་ཚེས་ ༢༩ ནས་ཁ་སང་བར་ཡོ་རོབ་ཕ་རན་སི་རྒྱ་ཁབ་ནང་བསྐྱོད་དེ་སྲིད་འཛིན་ Emmanuel Macron ལགས་དང་ཕྱི་སྲིད་བློན་ཆེན་ Jean-Yves Le Drian ལགས་གཉིས་དང་ཐུག་འཕྲད་བྱས་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༢༠།༠༨།༣༠

Download བོད་དང་ཧཱི་མ་ལ་ཡའི་ལེ་ཚན། ལ་དྭགས་སུ་བོད་ནས་ཆས་པའི་ས་སྐྱ་བཀའ་རྙིང་གི་བསྟན་པ་དར་ཚུལ།ཡོ་རོབ་རྒྱལ་ཁབ་ལྔའི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཡི་སྐོར་སྐྱོད་བྱེད་བཞིན་པའི་གནད་འགག Sunday 30/08/2020 Tibet and the Himalayas: the monasteries of Ladakh (Part 2) Significance of Wang Yi's Europe tour: interview

༧གོང་ས་མཆོག་གིས་ཉི་ཧོང་གི་སྲིད་བློན་གྱི་འཕྲོད་བསྟེན་གྱི་གནས་བབ་ལ་ཐུགས་འཚབ་ཡོད་པའི་གསུང་འཕྲིན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་སྲིད་བློན་སྐུ་ཞབས་ Shinzo Abe མཆོག་གི་འཕྲོད་བསྟེན་གྱི་གནས་བབ་ཀྱི་རྐྱེན་གྱིས་སྲིད་བློན་གྱི་ལས་གནས་ལས་དགོངས་པ་ཞུས་ཏེ་སྨན་བཅོས་གནང་རྒྱུ་ཡིན་སྐོར་ལ་ཐུགས་གསོའི་འཚམས་འདྲི་ཞིག་བསྩལ་

རེས་གཟའ་སྤེན་པ། ༢༠༢༠།༠༨།༢༩

Download བོད་ནང་བོད་མི་བཙན་དབང་ཐོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་ཐོག་གླེང་གློང་། Saturday 29/08/2020 Enforced disappearance in Tibet: Analysis

རེས་གཟའ་པ་སངས། ༢༠༢༠།༠༨།༢༨

Download ཝང་ཡི་ལ་ཕྱིའི་དབུ་ཁྲིད་ཚོས་འདྲི་རྩད་དང་མི་མང་གིས་ངོ་རྒོལ་གནང་བ། ཝུ་ཡིང་ཅེས་༸གོང་ས་མཆོག་ལ་གདོང་ལེན་ནན་པོ་བྱེད་དགོས་པའི་སྐུལ་མ། དམར་ཤོག་སྲིད་གཞུང་དབུ་བརྙེས་པའི་ཉིན་མོར་ལས་འགུལ་སྤེལ་འཆར། བཙན་བྱོལ་བོད་མིའི་གནས་སྟངས། དོན་གྲུབ་ཚེ་རིང་ལགས་ཀྱི་རྐང་འཁོར་ཚོང་གཉེར་སྐོར། Friday 28/08/2020 Dutch minister raises concern with Wang Yi, protests in Oslo and Paris CCP leader urges struggle against Dalai Lama Activists to mark 'Global Day of Action' against China on CCP Founding day DIASPORA FEATURE: Dhondup Tsering and his Dhasa Bike Center

ཝང་ཡི་ལ་ཕྱིའི་དབུ་ཁྲིད་ཚོས་འདྲི་རྩད་དང་མི་མང་གི་ངོ་རྒོལ་སྐད་འབོད།

ཉེ་ཆར་ཟླ་ ༨ ཚེས་ ༢༥ ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཨི་ཊ་ལི་དང་ནི་ཐར་ལན་ཌི། ནོར་ཝེ། ཕ་རན་སི། དེ་བཞིན་འཇར་མན་བཅས་ཡོ་རོབ་རྒྱལ་ཁབ་ལྔའི་ནང་གཞུང་འབྲེལ་སྐོར་སྐྱོད་བྱེད་བཞིན་ཡོད་པ་ལྟར། འདས་པའི་ཉིན་གྲངས་གསུམ་གྱི་རིང་ལ་ཁོ་པ་ཨི་ཊ་ལི་དང་ནི་ཐར་ལན་ཌི། ནོར་ཝེ་བཅས་སུ་འགྲོ་སྐབས་ཡུལ་དེ་དག་གི་ཕྱི་སྲིད་བློན་ཆེན་དབུས་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་འདྲི་རྩད་གནང་བ་མ་ཟད། ས་གནས་མི་མང་ཚོས་ཝང་ཡིའི་སྐོར་སྐྱོད་དེར་མི་འདོད་པའི་རྣམ་པ་ཆེད་འདོན་དང་ངོ་རྒོལ་སྐད་འབོད་སོགས་གནང་འདུག

Latest news