Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2020

རེས་གཟའ་ཟླ་བ། ༢༠༢༠།༡༡།༣༠

ཉན་པ།: Listen ཕབ་ལེན། Download བཀྲིས་དབང་འདུས་ལགས་སྲིད་སྐྱོང་གི་འོས་གཞིའི་ཁོངས་ནས་ཕྱིར་འཐེན་གནང་བ། བོད་ཀྱི་ཁུ་ཚུར་འཐབ་རྒོལ་བ་བསོད་དར་རྒྱས་ལགས་སུ་རྒྱལ་ཁ་ཐོབ་པ། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་བལ་ཡུལ་ནང་འབྱོར་སྐབས་བོད་མིར་དམ་དྲག དྲ་ཐོག་བརྒྱུད་བོད་པའི་གློག་བརྙན་ ༣༠ ལྷག་གཟིགས་འབུལ་ཞུ་འཆར། བོད་མི་མང་སྤྱི་ལྷན་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་ཕྱི་ཟླ་གསུམ་པར་འཚོགས་རྒྱུ། དམིགས་བསལ་ལེ་ཚན། བོད་དང་མིང་རྒྱལ་རབས། Monday 30/11/2020 Tashi Wangdue withdraws from Sikyong candidacy Tibetan youth wins against Canada’s champion in UFC Fight Night Chinese defence minister visits Nepal, Tibetans face restrictions Tibetfilms.com to feature works of Tibetan diaspora filmmakers 10th session of 16th TPiE to be held from March 15 to 31 HISTORY FEATURE: Tibet and Ming dynasty

བཀྲིས་དབང་འདུས་ལགས་སྲིད་སྐྱོང་གི་འོས་གཞིའི་ཁོངས་ནས་ཕྱིར་འཐེན་གནང་བ།

ཁོང་རང་ཉིད་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་ནས་བརྒྱུད་ལམ་ཁག་ལ་སྲིད་སྐྱོང་གི་འོས་མི་གཞན་ཚོ་དང་སྡིངས་ཆ་གཅིག་གི་སྟེང་བགྲོ་གླེང་གོ་སྒྲིག་ཞུ་རྒྱུའི་འབོད་སྐུལ་ཞུས་ཀྱང་། ད་ལྟའི་གནད་དོན་མང་པོ་དབང་གིས་བགྲོ་གླེང་དེ་ལྟར་གོ་སྒྲིག་ཞུ་ཐབས་བྲལ་སྟབས་མང་གཙོའི་འགྲོ་ལུགས་བཞིན་འོས་མི་དང་རྒྱ་ཆེའི་མི་མང་དབར་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་ཚད་ལྡན་མ་བྱུང་བ་དང་། དེ་བཞིན་སྤྱི་ཚོགས་ཁྲོད་གལ་ཆེའི་ལས་འཆར་ཁག་ལ་བགྲོ་གླེང་ཟབ་མོ་མེད་པར་དེ་སྔ་ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུ་བཞིན་གཞི་མེད་སྐྱོན་བརྗོད་བྱེད་འགོ་ཚུགས་པ་བཅས་རྒྱུ་མཚན་དོན་ཚན་གཉིས་ཀྱི་ཐོག་ནས་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་གཞིའི་ཁོངས་ནས་ཕྱིར་འཐེན་གནང་རྒྱུ་ཡིན་ཞེས་གསུངས་འདུག

བོད་ཀྱི་ཁུ་ཚུར་འཐབ་རྒོལ་བ་བསོད་དར་རྒྱས་ལགས་སུ་རྒྱལ་ཁ་ཐོབ་པ།

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བསོད་དར་རྒྱས་ལགས་ཀྱིས་ཐེངས་འདིར་སྐར་ཆ་ ༤༤ ནང་དུ་འགྲན་ཡ་ས་ལ་འགྱེད་ཐུབ་པ་བྱུང་ཡོད་པ་ནི་རྒྱལ་སྤྱིའི་ཁུ་ཚུར་འགྲན་བསྡུར་ UFC ཞེས་པའི་ལོ་རྒྱུས་ཀྱི་ནང་དུ་འགྲན་ཡུན་ཆེས་ཐུང་ཤོས་གསུམ་པའི་ནང་འགྲན་རྒྱལ་བྱུང་བའི་ཟིན་ཐོ་གསར་བ་ཞིག་ཡིན་སྐོར་ཕྱིར་བསྒྲགས་གནང་འདུག

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་བལ་ཡུལ་ནང་འབྱོར་སྐབས་བོད་མིར་དམ་དྲག

Wei Fenghe ཀྱིས་བལ་ཡུལ་དུ་ཡོང་དགོས་དོན་ནི་རྒྱལ་ཁབ་གཉིས་ཀྱི་དབར་འབྲེལ་ལམ་དམ་ཟབ་གཏོང་རྒྱུ་གཙོས་དམག་བྱུས་ཐད་ལ་རོགས་སྐྱོར་དང་ད་བར་བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་གྱིས་ཤར་སྐྱོད་བྱས་དང་བྱེད་བཞིན་པར་བསྔགས་བརྗོད་ཡོད་སྐོར་བཤད་འདུག

དྲ་ཐོག་བརྒྱུད་བོད་པའི་གློག་བརྙན་ ༣༠ ལྷག་གཟིགས་འབུལ་ཞུ་འཆར།

DIFF ཞེས་དྷརྨ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་སྒྲུང་ Films གཉིས་ཟུང་འབྲེལ་གྱིས་ tibetfilms.com ཞེས་པའི་དྲ་ཚིགས་བརྒྱུད་བོད་པའི་གློག་བརྙན་ ༣༠ ལྷག་གཟིགས་འབུལ་ཞུ་རྒྱུ་རེད་འདུག

རེས་གཟའ་ཉི་མ། ༢༠༢༠།༡༡།༢༩

ཉན་པ།: Listen ཕབ་ལེན། Download དཀོན་མཆོག་ལགས་ཀྱི་སྦྱིན་གཏོང་ལས་གཞི་དང་ཁོང་གི་མི་ཚེའི་འགྱུར་ལྡོག་སྐོར་བཅར་འདྲི། Sunday 29/11/2020 Love and Compassion: In conversation with Tibetan youtuber TED Kunchok

རེས་གཟའ་སྤེན་པ། ༢༠༢༠།༡༡།༢༨

ཉན་པ།: Listen ཕབ་ལེན། Download ༢༠༢༡ སྲིད་སྤྱིའི་འོས་བསྡུ་ཆེན་མོ། སྤྱི་འཐུས་ཀྱི་འོས་འགན། Saturday 28/11/2020 Tibet Election 2021: Role and responsibilities of a Tibetan MP

རེས་གཟའ་པ་སངས། ༢༠༢༠།༡༡།༢༧

ཉན་པ།: Listen ཕབ་ལེན། Download རྔ་བའི་དགེ་འདུན་པ་ཞིག་འཛིན་བཟུང་གིས་ད་བར་གར་ཡོད་ཤེས་རྟོགས་མེད་པར་གྱུར་འདུག རྒྱལ་ཚོགས་ལ་རྒྱ་ནག་གི་ལན་འདེབས་སྙན་ཐོར་འདོད་བློ་ཁེངས་མི་འདུག རྒྱ་བལ་གཉིས་ཀྱི་ནང་བོད་མི་ ༤༤ ལ་ཏོག་དབྱིབས་གཉན་རིམས་ཕོག་པ་དང་བོད་མི་ ༢ འདས་གྲོངས། ཨ་རུ་ནཱ་ཅལ་ཁུལ་དུ་རྒྱ་ནག་ལ་རྒོལ་རྡུང་གི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ། སེ་ར་བླ་སྤྱིས་དགེ་འདུན་པས་་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྤེལ་མི་ཆོག་པའི་གྲོས་ཆོད་སྐོར་ལ་བཅར་དྲི། Friday 27/11/2020 Tibetan monk from Ngaba arrested, whereabouts unknown since 1 and half years UN discrimination experts not happy with China’s response 44 Tibetans test positive for covid-19, 2 dead Indian supporters march for Tibet in Tawang Interview on Sera Lachi’s resolution on monk’s participation in politics

 རྔ་བའི་དགེ་འདུན་པ་ཞིག་འཛིན་བཟུང་གིས་ད་བར་གར་ཡོད་ཤེས་རྟོགས་མེད་པར་གྱུར་འདུག

ཨ་མདོ་རྔ་བ་རྫོང་གི་ཉེན་རྟོགས་པས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ ཉིན་གྱི་དགོང་མོར་རྫོང་དེའི་ཀོར་མདོ་ཟེར་བའི་ས་ཚིགས་ཤིག་ནས་དགེ་འདུན་པ་ཚུལ་ཁྲིམས་ལགས་དང་ཁོང་གི་རོགས་པ་གྲྭ་བ་གཉིས་འཛིན་བཟུང་བྱས་ཡོད་པ་དང་། རོགས་པ་གཉིས་ཉིན་ཤས་རྗེས་གློད་བཀྲོལ་བཏང་ཡོད་ནའང་ཁོང་ད་ཆ་བཙོན་ཁང་གང་དུ་ཡོད་མིན་སོགས་ཀྱི་གནད་དོན་རྩ་བ་ནས་གསལ་ཁ་མེད་པར་ལུས་འདུག

Latest news