Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2021

རེས་གཟའ་པ་སངས། ༢༠༢༡།༡༢།༣༡

ཉན་པ།: Listen ཕབ་ལེན། Download རྒྱ་ནག་གཞུང་ཚབ་ཁང་གི་བྱེད་སྟངས་དེ་ནི་གྲོས་འཐུས་ཀྱི་རང་དབང་ལ་དོ་ཕོག་དང་རྒྱ་གར་གྱི་གནད་དོན་ལ་ཐེ་བྱུས་བྱས་པ་ཞིག་རེད། ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ཅིག་ལ་རྒྱ་གཞུང་གིས་མིང་གསར་པ་བཏགས་པར་རྒྱ་གར་བས་སྐྱོན་བརྗོད། འདས་པའི་གཟའ་འཁོར་ནང་བོད་མི་བཅིུས་ལ་གཉན་རིམས་ཕོག་པ། རྒྱ་ནག་ཏུ་ལོ་ལྟར་མི་སྟོང་ཕྲག་མང་པོ་གསང་བའི་བཀག་སྐྱིལ་འོག་གར་སོང་ཆ་མེད་འགྱུར་བཞིན་པ་མངོན་གསལ། སྲིད་སྐྱོང་མཆོག་གིས་དྲ་ལམ་བརྒྱུད་བོད་དོན་རྒྱབ་སྐྱོར་བ་ཞིག་གི་དགོངས་རྫོགས་རྗེས་དྲན་གྱི་ཚོགས་འདུར་ལྷན་ཞུགས། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། དོན་གྲུབ་ཚེ་རིང་ལགས་ཀྱི་རྟ་ནག་པོ་ཞེས་སྐྱེལ་འདྲེན་སྐོར། Friday 31/12/2021 HHDL representative in Delhi slams Chinese threat to Indian MPs over Tibet China issues ‘official’ names for 15 places in Arunachal Pradesh 12 Tibetans test positive for Covid, CTA issues Omicron warning Activists denounce China’s secret residential surveillance system Sikyong joins condolence meeting in honor of late Krishan Varma’s Memory DIASPORA FEATURE: Black Horse Delivery

རྒྱ་ནག་གཞུང་ཚབ་ཁང་གི་བྱེད་སྟངས་དེ་ནི་གྲོས་ཚོགས་འཐུས་མི་སྐུ་སྒེར་གྱི་རང་དབང་ལ་དོ་ཕོག་དང་རྒྱ་གར་ནང་ཁུལ་གྱི་གནད་དོན་ལ་ཐེ་བྱུས་ཆེན་པོ་ཞིག་རེད།

ཕྱི་ཟླ་ ༡༢ ཚེས་ ༡༤ ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཉིས་ཙམ་གྱི་རིང་བོད་མི་མང་སྤྱི་འཐུས་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་དགུན་དུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུག་སོགས་གནང་བ་མ་ཟད་ཞུ་གཏུག་གི་ལས་ཉིན་མཐའ་མའི་མཚམས་ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཕགས་བོད་འབྲེལ་མཐུད་ལས་ཁུངས་ནས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་འཚམས་འདྲིའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་ཡོད།སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཆེད་བཅར་ཐོག་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས Shri Sujeet Kumar ལགས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་སྤྱི་མོས་ཐོག་ནས་བསྐོ་གཞག་གནང་ཡོད། ལས་དོན་དེ་དག་ལེགས་གྲུབ་ཟིན་ཏེ་ད་ཆ་བདུན་ཕྲག་གཅིག་ཙམ་འགྲོ་བཞིན་པའི་མཚམས་འདིར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པ་ Zhou Yongsheng  ཟེར་བས་སྐུ་ཞབས་སི་ཇིཏ་ཀུ་མཱར་ ལགས་གཙོས་གསོལ་སྟོན་ཐོག་ཕེབས་པའི་གྲོས་ཚོགས་འཐུས་མི་གཞན་རྣམས་ལ་ཕྱག་བྲིས་ཤིག་ཕུལ་བ་བརྒྱུད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམ་པས་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་སྐོར་ལ་གྲོས་བསྡུར་གནང་བ་དང་ཆབས་ཅིག ལྷག་དོན་རྒྱ་གར་གཞུང་གི་ངོས་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་གནང་བཞིན་ཡོད་ཀྱང་། གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་སྐུ་ཚབ་དང་མཇལ་འཕྲད་ཞུས་བའི་ཁ་བྲལ་གྱི་བྱ་སྤྱོད་ལ་མཐའ་ཅིག་ཏུ་དགག་པ་ཡོད་ཅེས་གསུངས་འདུག སྐབས་དེར་བཅར་བའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་གནས་བབ་སྐོར་ཤེས་པའི་ཐོག་ནས་མ་འོངས་པར་བོད་མིའི་སྐུ་ཚབ་དང་ཐུག་འཕྲད་བྱ་རྒྱུ་དང་བོད་རང་བཙན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་དག་མཚམས་འཇོག་བྱས་ཏེ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏང་རྒྱུར་མདུན་སྐྱོད་བྱེད་དགོས་པ་སོགས་གསུངས་ཡོད།སྤྱི་མོས་ཐོག་ནས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་གཞག་བྱུང་བ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས Shri Sujeet Kumar ལགས་ཀྱིས་འཛམ་གླིང་ཐོག་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཀྱི་གྲོས་ཚོགས་འཐུས་མི་ཚོར་ཐད་ཀར་ཡིག་འབྲེལ་ཐོག་ནས་ལན་འདེབས་བྱེད་མཁན་རྒྱ་ནག་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པ་ཡིན་ཟེར་བ་དེ་སུ་རེད་དམ་ཞེས་དྲིས་པ་དང་སྦྲགས། གལ་སྲིད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཚོས་གནང་བའི་ལས་དོན་ལ་འདོད་པ་མ་ཁེངས་ཚེ་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་ནས་གནད་དོན་སྙན་སེང་ཞུ་དགོས་ཀྱི་རེད་ཅེས་གསུངས་པ་དང་ཆབས་ཅིག གནད་དོན་འདིའི་ཐོག་རྒྱ་གར་ཕྱི་སྲིད་ཁུངས་ནས་ཀྱང་ཐག་གཅོད་ནན་པོ་ཞིག་གནང་དགོས་པར་གསུངས་འདུགསྐུ་ཞབས་ Sujeet Kumar ལགས་སྐུ་སྒེར་གྱི་ངོས་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་གནང་གི་མེད་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཀྱང་ཁ་བྲལ་གྱི་ལས་དོན་ལ་རྒྱབ་སྐྱོར་གནང་བ་ཞིག་མིན་པར་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་རྒྱུ་དང་། རྒྱ་གར་གྱི་ཡུལ་མི་དང་བོད་མིས་གཙོས་པའི་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་བ་རྒྱུན་འཛིན་ཐུབ་རྒྱུ་སོགས་ལ་ཕྱག་ལས་གནང་བཞིན་ཡོད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག་ཏུ་རྒྱ་ནག་གཞུང་ཚབ་ཁང་ནས་སྒེར་ལ་ཡི་གེ་ལྔ་ཙམ་འབྱོར་བྱུང་བ་དེ་དག་ལ་ལན་འདེབས་འོས་ཤིང་འཚམས་པ་བརྒྱབ་ཡོད་ཅེས་གསུངས་ཡོད།རླུང་འཕྲིན་ཁང་ནས་གནད་དོན་འདི་དང་འབྲེལ་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཞལ་པར་བརྒྱུད་བཀའ་འདྲི་ཁག་ཅིག་ཞུས་པར་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་གནང་སྟངས་དེ་ནི་ཧམ་ཕོད་ཅན་ཞིག་ཡིན་པ་མ་ཟད་ལྷག་པར་དུ་མང་གཙོའི་ལུང་པའི་གྲོས་ཚོགས་འཐུས་མིའི་ལས་དོན་ལ་གཞུང་ཚབ་ཁང་ཞིག་གིས་ཚོད་འཛིན་བྱས་པ་དེ་ནི་གྲོས་ཚོགས་འཐུས་མི་སྐུ་སྒེར་གྱི་རང་དབང་ལ་དོ་ཕོག་དང་རྒྱ་གར་ནང་ཁུལ་གྱི་གནད་དོན་ལ་ཐེ་བྱུས་ཆེན་པོ་བྱས་པ་ཞིག་ཡིན་པར་གསུངས་ཡོད།    རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་དཔྱད་ཞིབ་པ་ཁག་ཅིག་ནས་ད་རེས་རྒྱ་ནག་གཞུང་ཚབ་ཁང་གིས་ཐད་ཀར་རྒྱ་གར་གྱི་གྲོས་ཚོགས་འཐུས་མིའི་ལས་དོན་སྐོར་མི་འདོད་པའི་ཡི་གེ་བཏང་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་མ་ཟད་རྒྱ་ནག་གཞུང་ཚབ་ཁང་གི་བྱེད་སྟངས་དེ་ནི་ཕྱི་འབྲེལ་སྐུ་ཚབ་མི་སྣ་ཞིག་གི་ངོས་ནས་གནང་སྟངས་དང་མི་མཐུན་པ་ཞིག་རེད་སོགས་གསུང་མཁན་འདུག་ལ། སྐབས་དེའི་གསོལ་སྟོན་ཐོག་ཕེབས་ཏེ་བོད་མི་མང་སྤྱི་འཐུས་ཚོ་དང་ཐུག་འཕྲད་གནང་མཁན་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Rajeev Chandrasekhar ལགས་ནས་ཁོང་རང་ཉིད་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཞིག་ཡིན་པའི་ཆ་ནས་མཛད་རིམ་དེར་མཉམ་ཞུགས་གནང་བ་ཡིན་ཞེས་གསུངས་འདུགགྲོས་ཚོགས་འཐུས་འཐུས་མི་སྐུ་ཞབས་ Jairam Ramesh ལགས་ཀྱིས་དུས་རྒྱུན་མཛད་རིམ་གང་འདྲ་ཞིག་ཡིན་ཡང་མཉམ་ཞུགས་དེ་ཙམ་གནང་གི་མེད་སྐོར་གསུངས་པ་དང་འབྲེལ་ཏེ་ཁོང་ཉིད་སྟོན་པའི་མཛད་འཕྲིན་ལ་ཡི་རངས་དང་༸གོང་ས་མཆོག་ལ་དད་གུས། དེ་བཞིན་ད་བར་༸གོང་ས་མཆོག་དབུས་པའི་བོད་མི་ཚོས་རྒྱ་གར་དུ་ནང་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་ཐོག་ལ་ཞབས་འདེགས་ཆེན་པོ་བསྒྲུབས་དང་སྒྲུབ་བཞིན་པ་ཁག་ལ་ཆེ་བསྟོད་དང་གུས་ཞབས་མཚོན་ཕྱིར་གསོལ་སྟོན་གྱི་མཛད་རིམ་ཐོག་ཕེབས་པ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་པ་མ་ཟད། སྤྱིར་རྒྱ་གར་གཞུང་གི་བཞེངས་ཕྱོགས་དེ་བོད་རང་སྐྱོང་ལྗོངས་ཟེར་བ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་ངོས་འཛིན་གནང་བཞིན་ཡོད་ཀྱང་། རྒྱ་གར་གཞུང་ནས་རྒྱུན་དུ་བོད་མིའི་འགོ་ཁྲིད་ཚོ་ལ་རྒྱབ་སྐྱོར་དང་ལྷག་པར་དུ་བོད་དང་རྒྱ་ནག་གཉིས་ཀྱི་གནད་དོན་འདི་ཕྱོགས་གཉིས་ཀའི་འདོད་མོས་ཐོག་ནས་སེལ་ཐུབ་རྒྱུར་རེ་བ་གནང་གི་ཡོད་པ་སོགས་གསུངས་ཡོད་པ་རེད།གཞི་རྩའི་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་རྒྱ་གར་དབུས་གཞུང་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏོང་སླད་རྒྱ་གར་གྱི་གནད་ཡོད་འགོ་ཁྲིད་རྣམས་ནས་བོད་དོན་དང་འབྲེལ་བའི་མཛད་སྒོ་དང་ལས་འགུལ་སོགས་ལ་མཉམ་ཞུགས་གནང་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། འདས་པའི་ལོ་ཤས་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་ཕྱིན་ཡོད་མེད་ལ་མ་ལྟོས་པར་ཕྱོགས་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་ཇེ་ཆེར་སོང་བར་བརྟེན་མཐའ་སྲུང་དམག་མི་ཕན་ཚུན་དབར་གདོང་ཐུག་གིས་དམག་མིའི་ཚེ་སྲོག་ཤོར་བའི་གནས་སྟངས་སོགས་བྱུང་ཡོད།

འདས་པའི་གཟའ་འཁོར་ནང་བོད་མི་བཅིུས་ལ་གཉན་རིམས་ཕོག་པ་བྱུང་འདུག

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ ༡༩ ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༩༢ པ་སྤེལ་བའི་ཐོག་ད་ཆ་རྒྱ་གར་གྱི་མངའ་སྡེ་མི་ཉུང་བ་ཞིག་གི་ནང་དུ་ཏོག་དབྱིབས་གཉན་རིམས་ ༡༩ འི་རྣམ་པ་འགྱུར་བའི་གཉན་སྲིན་གསར་པ་ Omicron ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྐབས་འདིར་འདས་པའི་གཟའ་འཁོར་ནང་བོད་མི་ ༡༡ ལ་ཏོག་དབྱིབས་ནད་གཞི་ཕོག་ཡོད་པར་གསུངས་སོང་།གསར་འགོད་གསལ་བསྒྲགས་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་སྙན་སེང་དང་རེ་སྐུལ། དེ་བཞིན་འདས་པའི་དུས་ཡུན་ལས་སློབ་གསོ་གང་ལེན་དགོས་པ་སོགས་དོན་ཚན་བརྒྱད་ངོ་སྤྲོད་གནང་བ་དང་སྦྲགས་ཏེ། ཁོང་གིས་རྣམ་པ་འགྱུར་བའི་གཉན་སྲིན་གསར་པ་ Omicron ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་རྒྱལ་སྤྱིའི་ཁྲོད་ཀྱི་མཁས་དབང་མང་པོས་དེར་ཛ་དྲག་དེ་ཙམ་མེད་སྐོར་གསུང་བཞིན་ཡོད་པ་དེ་ལྟར་ནའང་། གཉན་སྲིན་གསར་པའི་ཁྱབ་གདལ་གྱི་མྱུར་ཚད་མགྱོགས་པོ་ཡོད་སྟབས་གཟབ་ནན་གནང་དགོས་པར་གསུངས་སོང་། དེ་བཞིན་ཁོང་གིས་བོད་ཕྲུག་ཚོའི་ཕ་མས་ཕྲུ་གུ་ལོ་ན་ ༡༥ ནས་ ༡༨ བར་ཡིན་པ་ཚོར་རྒྱ་གར་གཞུང་གི་ངོས་ནས་སྔོན་ཁབ་རྒྱག་རྒྱུའི་གསལ་བསྒྲགས་གནང་སྐབས་ཐོ་གཞུང་ཏག་ཏག་འབུལ་ལམ་ཞུ་ཐུབ་ཕྱིར་ས་གནས་འགོ་འཛིན་དང་ཉེ་འཁོར་གྱི་སྨན་ཁང་ཁག་ལ་མིང་ཐོ་འགོད་གལ་དང་མི་རྒན་པའི་ཁྲོད་ནས་སྔོན་ཁབ་མ་རྒྱག་པའི་གནས་སྟངས་བྱུང་ཡོད་སྟབས་ངེས་པར་དུ་སྔོན་ཁབ་རྒྱག་དགོས་པའི་གཞེན་སྐུལ་གནང་ཡོད།སྤྱིར་འདས་པའི་གཟའ་འཁོར་ནང་བཙན་བྱོལ་འདུས་སྡོད་རྒྱ་བལ་གཉིས་ནང་ཏོག་དབྱིབས་གཉན་རིམས་ ༡༩ འི་ནད་གཞི་ཕོག་པ་འཕྲོད་བསྟེན་ལས་ཁུངས་སུ་གྲངས་ཐོ་འབྱོར་བ་དེ་མི་གྲངས་ ༡༢ དང་དེའི་ཁོངས་ནས་སྐྱེས་པ་ ༨ དང་སྐྱེས་མ་ ༤ ལོ་ན་བགྲེས་ཤོས་ ༦༢ དང་ལོ་ན་ཆུང་ཤོས་ ༡༩ ཆགས་ཀྱི་ཡོད་པ་རེད་འདུག གསར་འགོད་ལྷན་ཚོགས་སྐབས་ད་དུང་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོན་ལགས་ཀྱིས་ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་གཞི་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་འདུག་པ་མ་ཟད། ལྷག་པར་དུ་ཨ་རི་དང་ཕ་རན་སི། ཨི་ཊ་ལི། ཨིན་ཡུལ། ཨོསི་ཊི་ལི་ཡ། ལྷོ་ཨ་རིའི་ལུང་པ་མང་དག་ཅིག་གི་ནང་ནད་པའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་རྒྱ་གར་ནང་དུའང་ནད་པའི་གྲངས་འབོར་ཉིན་རེ་བཞིན་འཕེལ་བཞིན་ཡོད་པའི་གནས་སྟངས་སོགས་ངོ་སྤྲོད་གནང་བ་འབྲེལ་ཏེ། ཆེད་ལས་མཁས་དབང་མང་པོས་རྒྱ་གར་ནང་ལ་རིམ་བཞིན་ཏོག་དབྱིབས་གཉན་རིམས་ ༡༩ འི་རྣམ་པ་འགྱུར་བའི་གཉན་སྲིན་གསར་པ་ Omicron ཁྱབ་གདལ་ཇེ་ཆེར་འགྲོ་བར་ཚོད་དཔག་གནང་དོན་ལྟར་བོད་མི་ཚོའི་ངོས་ནས་སྔོན་འགོག་གི་གནང་སྒོ་ཁག་འཐུས་ཚང་གནང་དགོས་པའི་གཞེན་སྐུལ་གནང་ཡོད། གཞི་རྩའི་ད་བར་རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ནང་ཏོག་དབྱིབས་ཀྱི་ནད་གསར་ཨོ་མི་ཁོ་རོན་ཁྱབ་གདལ་ཤུགས་ཆེ་འགྲོ་མུས་ཡིན་པ་དང་དེ་རིང་བར་མི་གྲངས་ ༨༢༤༠༢ ལྷག་ལ་ཏོག་ནད་ཀྱི་རིགས་གསར་པ་དེ་ཕོག་འདུག འོན་ཀྱང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེ་ནང་དེ་སྔ་ཏོག་ནད་གསར་པ་ཨོ་མི་ཁོ་རོན་ཐོན་མཁན་མེད་ཀྱང་ཉེ་ལམ་ཕྱི་ཚེས་ ༢༦ ཉིན་མན་ཌི་རྫོང་ནས་ཡིན་པའི་ཁེ་ན་ཌ་ནས་ཕེབས་པའི་བུད་མེད་ལོ་ན་ ༤༥ ཡིན་པ་ཞིག་ལ་ཏོག་ནད་གསར་པ་ཐོན་ཏེ་མངའ་སྡེ་ནང་ཏོག་ནད་གསར་པ་ཐོན་མཁན་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།དེ་དོན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Jai Ram Thakur མཆོག་གིས་དེ་སྔ་མངའ་སྡེ་ནང་ཏོག་ནད་གསར་པ་ཐོན་མཁན་ཁོ་མོའི་གནས་སྟངས་ཛ་དྲག་མིན་པ་དང་ཁོང་དང་འབྲེལ་བ་བྱུང་ས་ཚང་མར་ནད་གཞི་ཕོག་མེད་སྟབས།  མང་ཚོགས་ནས་དེར་ཞེད་སྣང་གནང་མི་དགོས་པ་དང་། མང་ཚོགས་ནས་རྣམ་ཀུན་ནས་སྔོན་འགོག་གི་ལམ་སྟོན་ཁག་མུ་མཐུད་བསྟེན་དགོས་གལ་ཡིན་པར་གསུངས་འདུགཕྱོགས་མཚུངས་ཧི་མཱ་ཅལ་ནང་ཕྱི་ལོ་གསར་པ་དང་བསྟུན་ད་ཆ་ཡུལ་སྐོར་སྤྲོ་འཆམ་པ་མང་དག་ཅིག་ཡོང་མུས་ཁྲོད་འདིར་མངའ་གཞུང་དང་འཕྲོད་བསྟེན་ལྷན་ཁང་ནས་རྫོང་སོ་སོའི་འགོ་འཛིན་ལ་ཏོག་ནད་གསར་པ་ཨོ་མི་ཁོ་རོན་འགོག་ཐབས་སུ་ཏོག་དབྱིབས་ཀྱི་ལམ་སྟོན་ཁག་དོ་ནན་པོའི་ཐོག་ནས་ལག་བསྟར་དགོས་པའི་བཀོད་མངགས་གནང་འདུག་པ་མ་ཟད།  ཡུལ་སྐོར་སྤྲོ་འཆམ་པའི་ས་གནས་ཁོངས་གཅིག་བཞུགས་སྒར་ཆགས་ཀྱི་ཡོད་སྟབས་ཉེ་ལམ་ Whatsapp སྐད་འཕྲིན་བརྒྱུད་མེག་ལོཌ་གྷན་ཇི་ཉེན་རྟོག་པའི་མིང་ནས་མེག་ལོཌ་ཁུལ་དུ་མང་ཚོགས་དང་ཚོང་གཉེར་ཁང་སོགས་ནས་ཁྱབ་གདལ་མྱུར་བའི་ རྣམ་པ་འགྱུར་བའི་གཉན་སྲིན་གསར་པ་ Omicron འགོག་ཐབས་སུ་སྔོན་འགོག་གི་ལམ་སྟོན་ཁག་ངེས་པར་དུ་ལག་བསྟར་དགོས་པ་དང་ལྷག་པར་ཁྲོམ་རར་ཕེབས་ཚེ་ཁ་རས་གྱོན་མེད་ཚེ་ཧིན་སྒོར་ ༥༠༠ ནས་ ༢༠༠༠ བར་གྱི་དངུལ་ཆད་པ་འབབ་རྒྱུ་ཡིན་སྐོར་གསུངས་པའི་འཕྲིན་ཞིག་ཁྱབ་སྤེལ་གནང་བཞིན་འདུག

རྒྱ་ནག་ཏུ་ལོ་ལྟར་མི་སྟོང་ཕྲག་མང་པོ་གསང་བའི་བཀག་སྐྱིལ་འོག་གར་སོང་ཆ་མེད་འགྱུར་བཞིན་པ་མངོན་གསལ།

རྒྱ་ནག་ནང་དུ་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་བརྟན་བརླིང་། དེ་བཞིན་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་སོགས་ཀྱི་བསྙད་འདོགས་འདྲ་མིན་འོག་མི་མང་གང་བྱུང་འཛིན་བཟུང་དང་འབྲེལ། དམིགས་བསལ་གྱི་བཀག་སྐྱིལ་ས་ཚིགས  Residential Surveillance at a Designated location འམ་ RSDL ཞེས་པའི་འོག་ལོ་ལྟར་མི་ ༤༠༠༠ ནས་ ༥༠༠༠ བར་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པ་མངོན་གསལ་གནང་འདུགདེའང་སི་པཱན་(Spain)དུ་རྟེན་གཞི་བྱས་པའི་ Safeguard Defenders ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་ནག་གི་གོང་རིམ་ཁྲིམས་ཁང་ལས་ཐོབ་པའི་ཡིག་ཆ་ཁག་དང་། གསང་བའི་བཀའ་སྐྱིལ་ཁང་དེ་དག་ནས་སྡུག་རྩུབ་མྱང་མྱོང་མཁན་གྱི་བཙོན་ཟུར་དང་ཁྲིམས་རྩོད་པ་ཁག་གཅིག་ལ་འདྲི་ཞིབ་བྱས་པའི་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དུ། ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གིས་ཉེས་དོན་ཁྲིམས་གཞི་ལ་བསྐྱར་བཅོས་བྱས་པ་ནས་བཟུང་། རྒྱ་ནག་གི་ཉེན་རྟོག་པས་དོགས་ཡོད་སུ་ཡིན་ཡང་གང་བྱུང་འཛིན་བཟུང་གིས་ཟླ་བ་དྲུག་གི་བར་དུ་བཀག་སྐྱིལ་བྱས་ཏེ། འཛིན་བཟུང་བྱས་པ་རྣམས་ཀྱི་གནས་ཚུལ་གང་ཡང་ཕྱི་ལ་བསྒྲགས་མི་དགོས་བར་བཟོས་པ་ལྟར། ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་ད་ལྟའི་བར་དུ་རྒྱ་ནག་གི་ཉེན་རྟོག་པས་མི་ ༢༧༢༠༨ ནས ༥༦༩༦༣ ལྷག་དམིགས་བསལ་གྱི་བཀག་སྐྱིལ་ས་ཚིགས་དེར་བཅུག་ནས་མནར་གཅོད་བཏང་ཡོད་པ་ཡོངས་གྲགས་གནང་འདུགསྙན་ཐོའི་ནང་སྔར་ལོ་རྒྱ་ནག་གིས་ཁྲིམས་རྩོད་སོགས་ཀྱི་ཁེ་དབང་གང་ཡང་མེད་པར་ཉིན་གཅིག་སྟོང་ལྷག་བཀག་ཉར་བྱས་རྗེས་གློད་གྲོལ་བཏང་བའི་ཁ་ན་ཊའི་མི་ཟེར་Michael Spavorདང་MichaelKovrig ལགས་ཀྱང་RSDL ཞེས་པའི་གསང་བའི་བཀག་སྐྱིལ་འོག་བཞག་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གིས་དམིགས་བསལ་གྱི་བཀག་སྐྱིལ་ཁང་དེ་དག་ཏུ་མང་ཚོགས་ལ་མི་སྤྱོད་ལས་འདས་བའི་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པ་ཡོངས་གྲགས་གནང་སྟེ། གསང་བའི་བཀག་སྐྱིལ་ཁང་དེ་དག་སྒོ་རྒྱག་དགོས་བའི་ཞུ་སྐུལ་གནང་འདུག མ་ཟད་ད་ལྟ་བར་དུ་རྒྱ་ནག་གི་གསང་བའི་བཀག་སྐྱིལ་ཁང་དེར་བཅུག་པའི་ཁྲོད་ནས་ཡོངས་གྲགས་ཡིན་པའི་མི་སྣ་གཞན་ཁག་ཅིག་མིང་འདོན་གནང་བའི་ནང་དུ། རྒྱ་ནག་གི་སྒྱུ་རྩལ་བ་ Ai Wei Wei དང་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ Wang Yu དང་ Wang Quanzhang སོགས་ཚུད་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་མི་སེར་ཡིན་པ་སི་ཝི་ཊན་གྱི་ཁྲིམས་རྩོད་པ་Peter Dahlin ལགས་དང་ཁ་ཎ་ཊའི་ཡི་ཤུའི་ཆོས་སྤེལ་མཁན་Kevin དང་ Julia Garrett སོགས་ཀྱང་ཚུད་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། Safeguard defenders ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེ་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་Michael Caster ཞུ་བའི་ཁྲིམས་རྩོད་པས་ཞིབ་འཇུག་བྱས་པ་ལྟར་ན། རྒྱ་ནག་གི་གསང་བའི་བཀག་སྐྱིལ་ས་ཚིགས་དེར་ལོ་རེར་མི་ ༤༠༠༠ ནས་༥༠༠༠ ལྷག་འཛིན་བཟུང་གིས་བཀག་ཉར་བྱེད་ཀྱི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ལོར་གཅིག་པོར་མི་ ༡༠༠༠༠ ནས་ ༡༥༠༠༠ ལྷག་བཀག་སྐྱིལ་བྱས་པར་ཡོངས་གྲགས་གནང་འདུགChina Human Rights Defenders ཞེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སྲུང་སྐྱོབ་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་William Nee ལགས་ཀྱིས་བརྗོད་པ་ལྟར་ན། རྒྱ་ནག་གི་ནང་དུ་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་སུ་མ་གཏོགས་པའི་དམིགས་བསལ་གྱི་གསང་བའི་བཀག་སྐྱིལ་ཁང་དེ་དག་ལོ་ངོ་བཅུ་ལྷག་གི་སྔོན་ནས་ལག་བསྟར་བྱེད་བཞིན་པ་ཞིག་ཡིན་པ་མ་ཟད། ཁྲིམས་འགལ་གྱི་བཀག་སྐྱིལ་ལས་དོན་དེ་བཞིན་ད་སྐབས་ཁྱབ་ཆེན་པོའི་ཐོག་ནས་ལག་བསྟར་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གིས་དེ་སྔོན་སྒྱུ་རྩལ་བ་Ai Wei Wei ལགས་བཀག་སྐྱིལ་བྱེད་སྐབས། ཆབ་སྲིད་ཀྱི་ལྟ་བ་དང་འབྲེལ་བའི་དོན་དངོས་ཀྱི་རྒྱུ་མཚན་ཡོངས་གྲགས་མ་བྱས་བར་ཁོང་གི་ཚོང་ལས་དང་ཁྲལ་འབབ་དང་འབྲེལ་བའི་གནས་ཚུལ་ལ་ཁ་གཡར་བྱས་ཡོད་ཀྱང་། ད་ཆ་རྒྱ་ནག་གི་ནང་དུ་དམིགས་བསལ་གྱི་བཀག་སྐྱིལ་ས་ཚིགས་དེ་ཁྲིམས་མཐུན་གྱི་ངོ་བོར་བསྒྱུར་བཞིན་པ་དེ་ནི་ཞེད་སྣང་སྐྱེ་གཞི་ཞིག་ཆགས་ཡོད་པར་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་ཆེས་མཐོ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ནང་དུ། ཕྱི་ལོ་ ༢༠༡༨ ལོ་ནས་རྒྱ་ནག་གིས་ liuzhi ཞེས་པའི་བཀག་སྐྱིལ་ས་ཚིགས་གཞན་ཞིག་ངོ་སྤྲོད་བྱས་ཡོད་པ་དང་། བཀག་སྐྱིལ་ས་ཚིགས་དེར་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་དམར་ཤོག་ཚོགས་མི་རྣམས་ཀྱི་དམངས་དོན་དང་འབྲེལ་བའི་གནད་དོན་བརྒྱུད་ནས་བཀག་སྐྱིལ་བྱེད་ཀྱི་ཡོད་པའི་ཁྲོད།  ལོ་རེར་མ་མཐའ་ཡང་མི་ ༡༠༠༠༠ ནས་༢༠༠༠༠ ལྷག་བཀག་སྐྱིལ་གྱིས་མནར་གཅོད་གཏོང་གི་ཡོད་པར་འཁོད་འདུག Al Jazeera གསར་ཁང་གིས་རྒྱ་ནག་གིས་བཀག་སྐྱིལ་ཁང་ནས་ཐར་བ་རྣམས་ཀྱིས་འགྲེལ་བརྗོད་བྱས་པ་ལུང་འདྲེན་བྱས་པ་ལྟར་ན། བཀག་སྐྱིལ་ས་ཚིགས་དེར་མང་ཚོགས་ལ་མི་སྤྱོད་ལས་འདས་བའི་མནར་གཅོད་གཏོང་བཞིན་པའི་ཁྲོད་དུ། མི་སྒེར་ལ་ཁྲིམས་རྩོད་ཀྱི་ཐོབ་ཐང་གང་ཡང་སྤྲོད་ཀྱི་མེད་པ་མ་ཟད། གཉིད་གཅོག་ཏུ་འཇུག་པ་དང་། ཁེར་རྐྱང་གིས་བཀག་སྐྱིལ་བྱེད་པ། དེ་བཞིན་གཅར་རྡུང་གིས་ལྕགས་ཁྲབ་ལ་བསྡམས་ནས་ཡུན་རིང་འཇོག་བཞིན་པ་སོགས་ཀྱི་མནར་གཅོད་གཏོང་གི་ཡོད་པ་ར་སྤྲོད་བྱུང་འདུག གསར་ཁང་གིས་གོང་གི་གནས་ཚུལ་དེ་དང་འབྲེལ་ནས་རྒྱ་ནག་གི་གཞུང་ཚབ་ཁང་ལ་འབྲེལ་གཏུགས་བྱས་ཏེ་གནད་དོན་དེའི་ཐད་འདྲི་རྩད་བྱས་ཀྱང་། གཞུང་ཚབ་ཁང་གིས་དེར་འབྲེལ་གྱི་གནད་དོན་ལ་བརྡ་ལན་གང་ཡང་སྤྲད་མི་འདུག

ཨ་རིའི་གྲོས་ཚོགས་གོང་མའི་མང་མོས་དབུ་ཁྲིད་ཟུར་པ་ Harry Reid དགོངས་པ་རྫོགས་པར་ཐུགས་གསོ།

  ཁ་སྔོན་ཕྱི་ཚེས་ ༢༨ ཉིན་དགུང་ལོ་ ༨༢ ལ་ཨ་རིའི་གྲོས་ཚོགས་གོང་མའི་མང་མོས་དབུ་ཁྲིད་ཟུར་པ་ Harry Reid དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁོང་གི་སྐུ་ཟླ་ལྕམ་སྐུ་ Landra Reid ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་ཕྱག་ཡིག་ཞིག་ཕུལ་འདུགདེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་འདོན་སྤེལ་གནང་བར་གཞིགས་ན། ངས་སྐུ་ཞབས་ Harry Reid མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཤེས་རྟོགས་བྱུང་སྐབས་ཧ་ཅང་བློ་ཕམ་བྱུང་བ་དང་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྨོན་ལམ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག་པ་དང་ཆབས་ཅིག ལྷག་དོན་བོད་མི་རྣམས་ནས་དམ་པ་ཁོང་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་གླེང་སློང་དང་བོད་དོན་ཐད་རྒྱབ་སྐྱོར་གནང་བ་རྣམས་དྲན་གསོ་ཞུས་ནས་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུས་འདུག དམ་པ་ཁོང་དེ་སྔ་ཨ་རིའི་གྲོས་ཚོགས་གོང་མའི་མང་མོས་དབུ་ཁྲིད་ཡིན་པའི་སྐབས་སུ་ཕྱི་ལོ་ ༢༠༡༤ ལོར་ཁོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོས་ཚོགས་གོང་མ་དབུ་འབྱེད་ཀྱི་སྨོན་ལམ་སླད་མགྲོན་འབོད་ཞུས་ཡོད། དམ་པ་ཁོང་གི་ལོ་ངོ་བཅུ་ཕྲག་མང་པོའི་རིང་མང་ཚོགས་དང་རྒྱལ་ཁབ་ཀྱི་ཆེད་ཞབས་ཞུ་རླབས་ཆེན་བསྒྲུབས་ཏེ་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད་པ་མ་ཟད་ཁོང་ནི་དབུ་ཁྲིད་ཁྱད་དུ་འཕགས་པ་དང་མི་མང་གི་ཞབས་འདེགས་སྒྲུབ་པའི་མཛད་རྗེས་རྣམས་དུས་རྟག་ཏུ་དྲན་ངེས་ཡིན་ཞེས་གསུངས་འདུག གཞི་རྩའི་སྐུ་ཞབས་ Harry Reid  མཆོག་ཕྱི་ལོ་ ༡༩༣༩ ལོའི་ཟླ་ ༡༢ ཚེས་ ༢ ཉིན་ Nevada མངའ་སྡེའི་ Searchlight ཞེས་པའི་ས་ཁུལ་དུ་སྐུ་འཁྲུངས་པ་དང་ཁོང་ཨ་རིའི་ཁྲིམས་རྩོད་པ་གཅིག་ཡིན་པ་མ་ཟད་ཁོང་ནས་ཕྱི་ལོ་ ༢༠༠༧ ནས་ ༢༠༡༥ བར་ཨ་རིའི་གྲོས་ཚོགས་གོང་མའི་མང་མོས་ཀྱི་དབུ་ཁྲིད་གནང་ཡོད། དམ་པ་ཁོང་ pancreatic འབྲས་ནད་རྐྱེན་གྱིས་དགོངས་པ་རྫོགས་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༢༡།༡༢།༣༠

ཉན་པ།: Listen ཕབ་ལེན། Download ཨ་རིའི་གྲོས་ཚོགས་གོང་མའི་མང་མོས་དབུ་ཁྲིད་ཟུར་པ་ Harry Reid དགོངས་པ་རྫོགས་པར་ཐུགས་གསོ། འཇར་མན་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་ཨོ་རྩལ་ལ་ཞུགས་རྒྱུ་མིན་པར་བསྒྲགས་པ། ཧོང་ཀོང་མང་གཙོའི་ལས་འགུལ་བ་ཌེ་ནི་སི་གཙོས་གསར་འགོད་པ་རྣམས་གློད་བཀྲོལ་དགོས་པའི་དགོས་འདུན། རྒྱལ་སྲུང་བློན་ཆེན་རཱཇ་ནཱཐ་སིཾཧ་མཆོག་གིས་ས་མཚམས་ཁུལ་གྱི་འཛུགས་སྐྲུན་ལས་གཞི་ཉེར་བདུན་དབུ་འབྱེད། ཀེ་ལ་ཤའི་ལས་འཆར་སྐོར་དམིགས་བསལ་བཅར་འདྲི། Thursday 30/12/2021 Tibetan leadership condoles demise of former Senate Majority leader Harry Reid German foreign minister demands forced-labor ban, says will not attend Olympics Rights group demand release of Denise Ho and other journalists arrest by HK police Defence Minister Rajnath Singh inaugurates 27 BRO projects, many close to China border Special Program: Interview on Kailash Project

རྒྱལ་སྲུང་བློན་ཆེན་རཱཇ་ནཱཐ་སིཾཧ་མཆོག་གིས་ས་མཚམས་ཁུལ་གྱི་འཛུགས་སྐྲུན་ལས་གཞི་ཉེར་བདུན་དབུ་འབྱེད།

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་སྐུ་ཞབས་རཱཇ་ནཱཐ་སིཾཧ་ (राजनाथ सिंह )མཆོག་གིས་ས་མཚམས་ཁུལ་གྱི་འཛུགས་སྐྲུན་སྡེ་ཚན་གྱི་བཟོ་སྐྲུན་གནང་བའི་རྒྱ་ལམ་དང་ཟམ་པ་བཅས་ལས་གཞི་ཁག་ ༢༧ དབུ་འབྱེད་གནང་ཡོད།རྒྱ་གར་གྱི་གསར་ཁང་ Indian Express གིས་གནས་ཚུལ་སྤེལ་བར་ཉེ་ཆར་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh མཆོག་གིས་ས་མཚམས་ས་ཁུལ་དུ་ཧིན་སྒོར་བྱེ་བ་ ༢༢༤༥ ཙམ་གྱི་འགྲོ་གྲོན་གཏང་རྒྱུའི་ལས་གཞི་དབུ་བྱེད་གནང་བ་དང་འབྲེལ་ཏེ་རྒྱ་ནག་གི་མིང་མངོན་གསལ་མ་གནང་བའི་ཐོག་ནས་ཉེ་དུས་ནང་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་མཚམས་དང་འབྲེལ་བའི་གནད་དོན་བྱུང་ཁག་ལ་རྒྱ་གར་གཞུང་གི་ངོས་ནས་གདོང་ལེན་ནན་པོ་གནང་ཡོད་པ་རྣམས་འཛུགས་སྐྲུན་གྱི་རྨང་གཞི་དེ་དག་མེད་ཚེ་དཀའ་གནད་ཆགས་ཡོད་པ་གསུངས་པ་དང་ཆབས་ཅིག ད་ལྟའི་ཆར་ངེས་བརྟན་མེད་པའི་ཁོར་ཡུག་ནང་གདོང་ཐུག་གི་གནད་དོན་མི་བྱུང་བར་ཁ་ཚོན་གཅོད་དཀའ་བ་ཡིན་སྟབས། ང་ཚོའི་ངོས་ནས་ས་མཚམས་ཁུལ་དུ་མུ་མཐུད་ནས་འཛུགས་སྐྲུན་གནང་དགོས་ངེས་རེད་ཅེས་གསུངས་འདུགབློན་ཆེན་མཆོག་གིས་སྐབས་དེར་རྒྱ་གར་གྱི་ Border Roads Organisation ཞེས་ས་མཚམས་ས་ཁུལ་དུ་རྒྱ་ལམ་གྱི་འཛུགས་སྐྲུན་སྡེ་ཚན་གྱི་ཕྱག་ལས་ལ་ཡི་རངས་བསྔགས་བརྗོད་གནང་བ་དང་འབྲེལ་ཏེ། འཛུགས་སྐྲུན་ཡར་རྒྱས་དང་ལྷན་དུ་ས་ཁུལ་དེ་དག་ནང་ལྟ་སྲུང་གི་ལས་གཞི་རྒྱ་གང་ཆེར་སྤེལ་དགོས་པར་གསུངས་ཡོད།རྩ་བའི་རྒྱ་གར་ས་མཚམས་ཁུལ་གྱི་འཛུགས་སྐྲུན་ལས་གཞིའི་ཁོངས་ནས་འཕགས་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་འདས་པའི་ཟླ་བ་ཉི་ཤུ་ཙམ་གྱི་རིང་རྩོད་རྙོག་འོག་ཡོད་པའི་མཐོ་ཚད་ཕི་ཊི་ ༡༩༠༠༠ ས་བབ་ཐོག་འཛུགས་སྐྲུན་བྱས་པའི་ Chisumle Demchok རྒྱ་ལམ་དེ་གནད་ཆེ་ཆགས་ཡོད་པ་མ་ཟད་འདི་བཞིན་འཛམ་གླིང་ནང་ས་བབ་མཐོ་ཤོས་ཀྱི་རྒྱ་ལམ་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས། བློན་ཆེན་མཆོག་གིས་རྒྱ་ལམ་འཛུགས་སྐྲུན་དེས་རྒྱ་གར་དམག་གི་འགྲུལ་སྐྱོད་ལས་སླ་པོ་ཆགས་ཀྱི་ཡོད་པ་དང་། ས་ཁུལ་དེར་ཡུལ་སྐོར་སྤྲོ་འཆམ་དང་འབྲེལ་བའི་འཛུགས་སྐྲུན་ལའང་རམ་འདེགས་ཆེན་པོ་ཐུབ་ངེས་ཡིན་སྐོར་གསུངས་འདུགབློན་ཆེན་མཆོག་གིས་དབུ་བྱེད་གནང་བའི་འཛུགས་སྐྲུན་ལས་གཞི་དེའི་ཁྲོད་ཟམ་པ་ ༢༤ གསར་རྒྱག་བྱས་པ་དེ་དག་ལས་ལ་དྭགས་ཁུལ་དུ་ ༥ དང་ཀམྨཱུ་ཀཤྨིར་ ༩ དང་། ཨུཏྟརཱཁཾཌ་ ༣  དེ་བཞིན་ཧི་མཱ་ཅལ་ས་མཚམས་ས་ཁུལ་དུ་ ༥ བྱང་ཤར་ཨ་རུ་ནཱ་ཅལ་ཁུལ་དུ་ ༡ ཡོད་པ་རེད། ཟམ་པ་དེ་དག་མི་ཊར་ ༢༠ ནས་ ༡༤༠ བར་འཛུགས་སྐྲུན་གནང་འདུག

འཇར་མན་ནིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་ཨོ་རྩལ་ལ་ཞུགས་རྒྱུ་མིན་པར་བསྒྲགས་འདུག

རྒྱ་ནག་གིས་བོད་དང་ཤིན་ཅང་།དེ་བཞིན་ནང་སོག་སོགས་ཀྱི་གཙོ་བྱས་པའི་རྒྱ་ནག་གི་དབང་བསྒྱུར་ས་ཁུལ་གྱི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཆོས་རིག་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་འབྲེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་རྒྱ་ནག་ཏུ་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་འོས་བབ་མེད་པའི་ཐད་ནས་གླེང་སློང་ཤུགས་ཆེར་གནང་བཞིན་པའི་སྐབས་འདིར། འཇར་མན་གྱི་ཕྱི་སྲིད་བློན་ཆེན་ལྩམ AnnalenaBaerbock ལགས་ཀྱིས་ཁོང་སང་ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་མིན་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ། ཡུ་རོབ་ཁྱོན་དུ་བཙན་དབང་གི་ངལ་རྩོལ་འོག་བཟོ་སྐྲུན་བྱེད་བཅུག་པའི་དངོས་ཟོག་བཀག་སྡོམ་དགོས་པར་བསྒྲགས་འདུགདེ་ཡང་ཁོང་ལ་འཇར་མན་ཁུལ་གྱི་dpaགསར་ཁང་གིས་བཅར་འདྲི་ཞུས་པའི་ནང་དུ། ཁོང་མོ་སང་ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་མིན་པར་བསྒྲགས་པ་དང་ལྷན་དུ། དུས་རྒྱུན་ནས་འཇར་མན་གྱི་ཕྱི་སྲིད་བློན་ཆེན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་སྲོལ་མེད་པ་ཞིག་ཡིན་པར་མངོན་གསལ་གྱིས། ཐེངས་འདིར་ཁོང་ཡང་རྒྱ་ནག་ཏུ་བསྡུ་འཆར་གྱི་ཨོ་རྩལ་ལ་ཞུགས་རྒྱུ་མིན་པའི་ཐག་གཅོད་དེ་ནི་ཁོང་མི་སྒེར་གྱི་ཐག་གཅོད་ཡིན་པ་ལས་གཞུང་འབྲེལ་གྱི་ལངས་ཕྱོགས་མིན་པར་བསྒྲགས་འདུག ཁོང་གིས་ད་དུང་། ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གིས་ཡུ་གུར་མི་རིགས་རྣམས་ངལ་རྩོལ་བསྒྱུར་བཀོལ་བྱས་ཏེ་ཐོན་སྐྱེད་བྱས་པའི་དངོས་ཟོག་གི་རིགས་ཆ་ཚང་བཀག་སྡོམ་བྱེད་རྒྱུའི་གླེང་གཞི་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པར་བསྒྲགས་པ་མ་ཟད། གནད་དོན་དེ་ནི་ཁོང་གི་དུས་རྒྱུན་ནས་བསམ་བློ་འཁོར་བསྡད་པ་ཞིག་ཡིན་པར་མངོན་གསལ་གྱིས། ཁོང་དུས་རྒྱུན་ནས་རྩེད་རིགས་ལ་དགའ་མོས་ཆེན་པོ་བྱེད་མཁན་ཞིག་ཡིན་ཡང་། སང་ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་རྒྱུ་མིན་པར་ཐག་གཅོད་གཙང་མ་བྱས་ཡོད་པར་ཡོངས་གྲགས་གནང་འདུགགཞི་རྩའི་ཟླ་བ་འདིའི་ཟླ་སྟོད་དུ། ཕྱི་སྲིད་བློན་ཆེན་མཆོག་གིས་སྣེ་ཁྲིད་པའི་ལྗང་ཁུ་ཚོགས་པས་ཁུལ་དེའི་ཆབ་སྲིད་ཚོགས་པ་ཆེ་གྲས་གཉིས་དང་མཉམ་འབྲེལ་གྱིས་འཇར་མན་གྱི་གཞུང་འཛིན་ཚོགས་པ་དང་། ཚོགས་པ་དེའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་གནད་དོན་ལ་ཐུག་དུས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ལངས་ཕྱོགས་སྲ་བརྟན་བཟོས་ཡོད་པ་དེ་ལྟར་ཡང་། ད་ལྟའི་ཆར་རྒྱ་ནག་དང་ལྷན་ཚོང་འབྲེལ་གོང་འཕེལ་འདོད་མཁན་འཇར་མ་ནིའི་སྲིད་བློན་ངོས་ནས་ཕྱི་སྲིད་བློན་ཆེན་མཆོག་གི་ལངས་ཕྱོགས་དེར་རྒྱབ་སྐྱོར་ཅི་ཙམ་བྱེད་མིན་གསལ་པོ་མེད་པ་རེད།སྤྱིར་ཨ་རིའི་ངོས་ནས་བདུན་ཕྲག་སྔོན་མའི་ནང་དུ་རྒྱ་ནག་གིས་ཤིན་ཅང་མི་རིགས་རྣམས་ངལ་རྩོལ་བསྒྱུར་བཀོལ་བྱས་པའི་ཐོན་སྐྱེད་རིགས་ནང་འདྲེན་བྱེད་རྒྱུར་བཀག་སྡོམ་གྱི་ཁྲིམས་གཞི་གཏན་འབེབས་བྱས་ཡོད་པ་དང་། ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོའི་ངོས་ནས་ཀྱང་ཡུ་རོབ་མངའ་ཁུལ་དུ་ངལ་རྩོལ་བསྒྱུར་བཀོལ་གྱི་དངོས་ཟོག་ཁག་བཀག་སྡོམ་བྱ་འདོད་ཡོད་པའི་འགྲེལ་བརྗོད་གནང་ཡོད་པ་ལྟར་ད་ལྟའི་ཆར་བཀག་སྡོམས་ཀྱི་བྱ་རིམ་སྐོར་ལ་གྲོས་བསྡུར་གནང་མུས་ཡིན་པར་གསུང་ཡོད། རྩ་བའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་གཞོན་ནུ་ཚོགས་པ་སོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་ཐོབ་ཐང་གི་ཚོགས་སྐྱིད་༡༨༠ ལྷག་གིས་འདས་བའི་ལོ་གཅིག་གི་ནང་དུ་ལས་འགུལ་རབ་དང་རིམ་པ་སྤེལ་ཏེ་རྒྱ་ནག་གིས་དུས་རྒྱུན་ནས་བོད་མི་དང་ཡུ་གུར་མི་རིགས་ཀྱི་གཙོ་བྱས་པའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐབ་ཐང་ལ་རྩིས་མེད་རྡོག་རོལ་བྱེད་བཞིན་པའི་གནད་དོན་དྲིལ་བསྒྲགས་ཤུགས་ཆེར་གནང་སྟེ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གོང་འཕེལ་མ་ཕྱིན་བར་དུ་རྒྱ་ནག་ལ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་འོས་བབ་མེད་པའི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་དང་། ད་ལྟའི་ཆར། ཨ་རི་དང་དབྱིན་ཡུལ། དེ་བཞིན་ཨོ་གླིང་དང་ཁ་ན་ཊ། གཞན་ཡང་ནེའུ་ཛི་ལནཊི་སོགས་ཀྱིས་རྒྱ་ནག་གི་ཨོ་རྩལ་ལ་གཞུང་འབྲེལ་གྱི་མི་སྣ་གཏོང་རྒྱུ་མིན་པར་ཡོངས་གྲགས་གནང་ཟིན་པ་ལྟར། བོད་ཀྱི་གཞོན་ནུ་ཚོགས་པའི་ངོས་ནས་རྒྱ་གར་རྒྱལ་ཡོངས་ལ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་མུས་ཀྱིས་རྒྱ་གར་གཞུང་གིས་ཀྱང་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་གནང་རྒྱུ་མེད་པའི་ཞུ་སྐུལ་གྱི་ལས་འགུལ་ཞིག་སྤེལ་བཞིན་པ་རེད།  

རེས་གཟའ་ལྷག་པ། ༢༠༢༡།༡༢།༢༩

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་རྗེ་རིན་པོ་ཆེར་དྲན་གསོ་བྱེད་སྟངས་ལེགས་ཤོས་དེ་སློབ་གཉེར་མཛད་རྒྱུ་ཡིན་པར་བཀའ་སྩལ། རྒྱ་གཞུང་ནས་བོད་ནང་དགོན་པ་དང་སློབ་གྲྭ་ཁག་གཏོར་བཤིག་མཚམས་འཇོག་དགོས། རྒྱ་གཞུང་གིས་བོད་ཁུལ་དུ་མི་གཟུགས་འཕྲུལ་འཁོར་ཕོན་ཆེ་འོར་འདྲེན་བྱེད་བཞིན་པ་མངོན་གསལ། ༸གོང་ས་མཆོག་རྒྱ་གར་གྱི་ས་ཐོག་ཏུ་༸ཞབས་སོར་འཁོད་སྐབས་རྒྱ་གར་གྱི་སྐུ་སྲུང་ཕེབས་བསུར་བཅར་མཁན་ཙནྡྲ་དཱས་འདས་གྲོངས། ལྡི་ལིར་གཉན་རིམས་སྔོན་འགོག་གི་ཉེན་བརྡ་སེར་པོའི་བཀའ་རྒྱ་བསྒྲགས་པ། ཧོང་ཀོང་གི་མང་གཙོར་ཕྱོགས་པའི་གསར་ཁང་གི་གསར་འགོད་པ་དྲུག་འཛིན་བཟུང་། Wednesday 29/12/2021 Study and practice Je Tsongkhapa’s teaching: Dalai Lama Solidarity vigil for Tibetans in Draggo, China urged to stop its draconian policy Chinese army using robot vehicles in Tibet Last of Assam Rifles veterans to escort Dalai Lama to India dies Yellow Alert in Delhi amid Omicron scare, local Tibetans concerned Hong Kong police raid online new outlet, arrest 6

Latest news