Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2021

ཨིན་ཡུལ་གྲོས་ཚོཊ་འོག་མར་སླར་ཡང་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ངོ་སྤྲོད།

ཁ་སང་ཕྱི་ཚེས་ ༢༢ ཉིན་དྲ་ཐོག་བརྒྱུད་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས TimLoughton ལགས་ཀྱིས་གཙོ་སྐྱོང་གནང་སྟེ་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམ་པ་ལྷན་འཛོམས་ཐོག་བོད་དོན་སྐོར་བགྲོ་གླེང་གནང་བ་བརྒྱུད་ All Party Parliamentary Group for Tibet ཞེས་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་གསར་དུ་བསྐོ་གཞག་གནང་རྒྱུའི་ཐད་བགྲོ་བསྡུར་གནང་འབྲས་སུ་གྲོས་ཚོགས་འཐུས་མི་ ChrisLaw ལགས་དང་ Tim Loughton ལགས་རྣམ་གཉིས་སླར་ཡང་ཚོགས་གཙོར་བསྐོ་བཞག་དང་སྐུ་ཞབས་ Navendu Mishra ལགས་ཚོགས་གཞོན་དུ་བསྐོ་གཞག་གནང་འདུགསྐབས་དེར་ Free Tibet ཞེས་པའི་དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲིལ་བསྒྲགས་འགན་འཛིན་སྐུ་ཞབས་ John Jones ལགས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་པའི་ད་ལྟའི་གནས་བབ་སྤྱི་དང་རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་འོག་ཉེ་ལམ་འདས་གྲོངས་སུ་གྱུར་བའི་ཆབ་སྲིད་བཙོན་ཟུར་དཀོན་མཆོན་སྦྱིན་པ་ལགས་ཀྱི་གནད་དོན་མངོན་གསལ་གནང་བར་མ་ཟད་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ད་ལྟའི་ཆར་གློད་བཀྲོལ་ཐོབ་ཡོད་ཀྱང་། ཁོང་གི་གནས་སྟངས་ཤེས་རྟོགས་ཐུབ་ཀྱི་མེད་སྟབས་གྲོས་ཚོགས་འཐུས་མི་རྣམས་ནས་དེ་འབྲེལ་ཐོག་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་རེད། དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tim Loughton མཆོག་གིས་ཕྱི་ཟླ་ལྔ་པའི་ནང་སླར་ཡང་ཨིན་ཡུལ་གྲོས་ཚོགས་འོག་མར་བོད་ནང་རང་དབང་གི་སྒོ་ནས་ཕར་འགྲོ་ཚུར་འོང་ཆོག་པའི་ཁྲིམས་འཆར་ངོ་སྤྲོད་གནང་རྒྱུ་ཡིན་སྐོར་གསུངས་འདུག་པར་མ་ཟད། འདི་ལོའི་ལོ་དཀྱིལ་ནས་སྲིད་སྐྱོང་མཆོག་གི་ལས་ཡུན་རྫོགས་ཀྱི་ཡོད་སྟབས་ལས་ཡུན་མ་རྫོགས་གོང་ལ་སྲིད་སྐྱོང་མཆོག་དང་ཐུག་འཕྲད་གནང་རྒྱུ་ཡིན་པར་གསུངསའདུག ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ པ་དེ་བྷིར་ཊིན་བོད་རིགས་ཚོགས་པ་དང་བོད་རང་དབང་ལས་འགུལ་ཚོགས་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག་དྲ་ཐོག་ནས་སྲུང་བརྩི་ཞུ་རྒྱུ་ཡིན་སྐོར་གསུངས་པ་དང་འབྲེལ། སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ནས་གསུང་བཤད་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུག ཚོགས་འདུའི་ཐོག་ཨིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲིལ་བསྒྲགས་ཀྱི་འགན་འཛིན་སྐུ་ཞབས་ John Jones ལགས་ཀྱིས་ཨིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་ལམ་པིག་རྩེད་འགྲན་དེ་པེ་ཅིང་ལ་འཚོགས་རྒྱུར་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག་ཏུ་གྲོས་ཚོགས་འཐུས་མི་རྣམས་ནས་ལས་འགུལ་དེར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་ཡོད།

བསྟན་པ་དར་རྒྱས་ལགས་ཀྱི་ལས་འགུལ་ས་ཚིགས་གཞན་དུ་སྤོ་རུ་འཇུག་པ།

འདི་ལོའི་བོད་པའི་ལོ་གསར་ཚེས་ ༡ ནས་བོད་མིའི་གསུམ་བཅུའི་དུས་དྲན་བར་ཕ་རན་སི་རྒྱལ་ས་པེ་རིས་ནང་འགྲོ་བ་མིའི་ཐོབ་ཐང་ཆེན་དུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་པ་བསྟན་པ་དར་རྒྱས་ལགས་དང་ལོ་གསར་ཚེས་ ༤ ནས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ལྷ་རི་ཡེ་ཤེས་ལགས་རྣམ་གཉིས་ཉེ་ཆར་ཕ་རན་སི་ས་གནས་ཉེན་རྟོག་པས་རྒྱུ་མཚན་མང་དག་ཅིག་གི་ཐོག་ནས་ཁོང་གཉིས་མུ་མཐུད་ Effiel Tower མདུན་ངོས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེན་དུ་མུ་མཐུད་ལས་འགུལ་སྤེལ་རྒྱུའི་ཆོག་མཆན་མ་སྤྲད་པར་ལས་འགུལ་གྱི་ས་ཚིགས་གཞན་དུ་གནས་སྤོས་རུ་འཇུག་བཞིན་འདུགབསྟན་པ་དར་རྒྱས་ལགས་ཀྱིས་ངོ་དེབ་ཐོག་འགྲེལ་བརྗོད་གནང་བར་ད་ལྟའི་ཆར་ལས་འགུལ་དེའི་ཐོག་ས་གནས་མང་ཚོགས་ནས་དོ་སྣང་ཇེ་ཆེར་གནང་བཞིན་པའི་དུས་སྐབས་འདིར་ཉེ་ཆར་ས་གནས་ཉེན་རྟོག་པས་ཁོང་གཉིས་ཀྱི་ལས་འགུལ་སྤེལ་ཡུལ་ས་ཚིགས་སུ་ཡོང་ནས་ས་གནས་འབྲེལ་ཡོད་ལས་ཁུངས་ཀྱི་བཀོད་ཁྱབ་དང་འབྲེལ་ཡོད་ནས་ལས་འགུལ་བ་ཁོང་གཉིས་ཀྱི་གཟུགས་གཞིའི་བདེ་ཐང་སེམས་འཚབ་ཡོད་ལུགས་སོགས་ཀྱི་རྒྱུ་མཚན་མང་དག་ཅིག་ལ་ཁ་གཡར་ཏེ་ཁོང་གཉིས་པེ་རིས་འགྲོ་བ་མིའི་ཐོབ་ཐང་ཆེན་ནས་ Place de la republique ལས་འགུལ་ས་ཚིགས་སུ་གནས་སྤོ་རུ་འཇུག་པར་མ་ཟད་ལས་འགུལ་སྤེལ་ཆོག་པའི་དུས་ཡུན་ཉུང་འཕྲི་གནང་འདུགད་ལན་བོད་པའི་ལོ་གསར་ཚེས་གཅིག་ནས་འགོ་བརྩམས་པའི་བསྟན་པ་དར་རྒྱས་ལགས་ཀྱི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ལ་ཕ་རན་སི་གཙོ་བོར་གྱུར་པའི་འཛམ་གླིང་ས་ཕྱོགས་གང་སར་གནས་བཞུགས་བོད་མི་ཚོས་དོ་སྣང་ཆེན་པོ་གནང་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་། ངོ་དེབ་ཐོག་ཁོང་གི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་དང་བརྒྱུད་སྤེལ་དང་མཆན་བཀོད་གནང་མཁན་མང་པོ་བྱུང་འདུགབསྟན་པ་ལགས་ཀྱི་ངོས་ནས་ཐེངས་འདིའི་བོད་དོན་ལས་འགུལ་མུ་མཐུད་སྤེལ་རྒྱུར་ཕ་རན་ས་གནས་འབྲེལ་ཡོད་གཞུང་དང་ས་གནས་ཉེན་རྟོག་པས་ཆོག་མཆན་མ་སྤྲད་པའི་གནད་དོན་དེ་ནི་གཙོ་བོ་རྒྱ་ནག་གཞུང་གིས་ཕ་རན་སིའི་འབྲེལ་ཡོད་ལས་ཁུངས་ལ་གནོན་ཤུགས་ཆེས་ཆེར་སྤྲད་པའི་དབང་གིས་ཡིན་པར་ཚོད་དཔག་གནང་བཞིན་འདུགབོད་མི་ལས་འགུལ་བ་ཁོང་གཉིས་ལ་ Effeil Tower མདུན་ངོས་སུ་མུ་མཐུད་ལས་འགུལ་སྤེལ་རྒྱུར་ཆོག་མཆན་མ་སྤྲད་པར་ས་གནས་གཞན་དུ་གནས་སྤོ་རུ་བཅུག་པར་བརྟེན་ཁ་སང་རེས་གཟའ་ལྷག་པའི་ཉིན་ཕ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་མི་ལས་འགུལ་བ་བསྟན་པ་དར་རྒྱས་ལགས་དང་ལྷ་རི་ཡེ་ཤེས་ལགས་གཉིས་ཀྱི་ཞི་བའི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་བ་དང་འབྲེལ། ཁོང་གཉིས་དང་ལྷན་དུ་ལས་འགུལ་སྤེལ་ཡུལ་གྱི་ས་ཚིགས་སུ་ས་གནས་བོད་མི་བསྡུ་སྐོང་གིས་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་འདུག ཕ་རན་སི་ནང་བོད་དོན་ལས་འགུལ་བ་བསྟན་དར་རྒྱས་ལགས་དང་ལྟ་རི་ཡེ་ཤེས་ལགས་གཉིས་ཀྱིས་ཞི་བའི་བོད་དོན་དྲིལ་བསྒྲགས་ལས་འགུལ་དེ་རིང་མིན་བོད་མིའི་རང་དབང་སྒེར་ལངས་གནང་སྟེ་མི་ལོ་ ༦༢ འཁོར་བའི་གསུམ་བཅུའི་དུས་དྲན་བར་སྤེལ་རྒྱུ་ཡིན་པ་དེ་ལྟར་ཡང། ད་ཆར་ས་གནས་ཉེན་རྟོག་པས་ཁོང་གཉིས་ལ་བདུན་ཕྲག་འདིའི་རེས་གཟའ་པ་སངས་བར་ལས་འགུལ་སྤེལ་རྒྱུའི་ཆོག་མཆན་སྤྲད་འདུག འོན་ཀྱང་ཁོང་གཉིས་ནས་མུ་མཐུད་འབྲེལ་ཡོད་ལས་ཁུངས་ལ་ཞུ་གཏུག་གནང་སྟེ་ཆོག་མཆན་རག་ཐབས་གནང་མུས་ཡིན་པ་རེད།

ཁེ་ན་ཌ་གཞུང་ལ་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩེད་འགྲན་ཚོགས་ལས་ཕྱིར་འཐེན་གནང་དགོས་པའི་ལས་འགུལ་སྤེལ།

རྒྱ་ནག་ནང་གི་གྲོང་ཁྱེར་པེ་ཅིང་དུ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་འཚོགས་འཆར་གྱི་གནད་དོན་ཕྱི་ལ་ཐོན་མ་ཐག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་དང་མང་གཙོ་ལས་འགུལ་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་མང་དག་ཅིག་གིས་རྒྱ་ནག་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་མ་བཏང་བར་དུ་རྒྱ་ནག་ཏུ་རྩེད་འགྲན་དེ་འཚོགས་རྒྱུའི་གོ་སྐབས་སྤྲོད་རྒྱུ་མེད་པར་སྐྱོན་བརྗོད་གནང་བཞིན་ཡོད་པ་ལྟར། ཁེ་ན་ཌ་ནང་དུ་རྟེན་གཞི་བྱས་པའི་ Canadian Friends of Hong Kong ཞེས་ཁེ་ན་ཌའི་ཧོང་ཀོང་མཛའ་འབྲེལ་ཚོགས་པ་དང་ Students for a Free Tibet Canada ཞེས་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་ Uyghur Rights Advocacy Project ཞེས་ཡུ་གུར་ཞུ་གཏུག་ལས་འཆར་ཚོགས་པ་བཅས་ཀྱིས་ཁེ་ན་ཌ་གཞུང་གི་ངོས་ནས་རྒྱ་གཞུང་གིས་བོད་དང་ཡུ་གུར་མང་ཚོགས་ལ་མི་སྤྱོད་ལས་འདས་པའི་དྲག་གནོན་དང་མི་རིགས་རྩ་མེད། ངལ་རྩོལ་བསྒྱུར་བཀོད་སོགས་ཀྱི་སྲིད་བྱུས་ལག་བསྟར་ཁྲོད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་ངོས་འཛིན་གྱིས་འཚོགས་ལ་ཉེ་བའི་ ༢༠༢༢ ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩེད་འགྲན་ཚོགས་ལས་ཕྱིར་འཐེན་གནང་དགོས་པའི་ཞུ་སྐུལ་གྱི་ལས་འགུལ་སྤེལ་འདུགདེའང་ཁ་ཉིན་ཚེས་ ༢༣ ཉིན་ཡུ་གུར་ཞུ་གཏུག་ལས་འཆར་ཚོགས་པའི་དྲྭ་རྒྱར་གནས་ཚུལ་སྤེལ་བར་གཞིགས་ན། ཁེ་ན་ཌ་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོགས་ཁག་ཁྱོན་ཚོགས་སྡེ་ ༡༤༠ ཡི་མང་ཚོགས་ ༡༥༠ ལྷག་གིས་མཚན་རྟགས་ཆེད་བཀོད་ཀྱིས་རེས་གཟའ་མིག་དམར་ཉིན་ཁེ་ན་ཌ་གཞུང་ལ་རྒྱ་ནག་གཞུང་གིས་ཡུ་གུར་མང་ཚོགས་རྩ་མེད་བཟོ་བཞིན་པ་དང་། བོད་དང་ནང་སོག་ལ་དྲག་གནོན། ངལ་རྩོལ་བསྒྱུར་བཀོད། དེ་བཞིན་ལུས་པོའི་མ་ལག་ཕྱིར་འདོན་གྱིས་གཙོས་པའི་ཧོང་ཀོང་མང་གཙོ་དོན་གཉེར་བའི་ཐོག་དྲག་གནོན་དང་བཙོན་འཇུག་དོ་དམ་འོག་ཡོད་པའི་ཁེ་ན་ཌའི་ Michael Spavor དང་  Michael Kovrig གཉིས་ཀྱི་གནས་སྟངས་སོགས་ཆེས་མངོན་གསལ་གནང་སྟེ་ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་གི་དགུན་དུས་ཨོ་ལམ་པིག་འགྲན་ཚོགས་ལས་ཕྱིར་འཐེན་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།དེ་བཞིན་ Uyghur Rights Advocacy Project ཚོགས་པའི་མགྲིན་ཚབ་པ་ Ivy Li ཡིས་ང་ཚོའི་འདོད་པར་ཁེ་ན་ཌ་གཞུང་དང་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཚོགས་ཆུང་གཉིས་ལ་ཁེ་ན་ཌའི་མང་ཚོགས་རྣམས་ཀྱི་དགོངས་པར་ཁེ་ན་ཌའི་རྒྱལ་ཁབ་དེ་ ༢༠༢༢ ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩེད་འགྲན་ཚོགས་ལས་ཕྱིར་འཐེན་གནང་རྒྱུའི་འདུན་པ་ཡོད་པ་དང་དེ་ལྟར་མ་གནང་ཚེ་མང་ཚོགས་ཀྱིས་ངོ་རྒོལ་གནང་ངེས་ཡིན་པར་གསུངས་འདུག ད་དུང་ཁོང་གིས་མི་མང་མང་དག་ཅིག་གིས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་གཏན་འཁེལ་བ་ལས་ཕྱིར་བཤོལ་གནང་རྒྱུར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན་ཡོད་ཀྱང་། རྒྱ་ནག་ཏུ་ནང་མི་ཡོད་མཁན་དང་ཚོང་དོན་གྱི་འབྲེལ་བ་ཡོད་པའི་མང་ཚོགས་དེ་དག་གི་ངོས་ནས་རྒྱ་ནག་གི་གནོན་ཤུགས་ལ་འཇིགས་ནས་རང་ཉིད་ཀྱི་མིང་མངོན་གསལ་གནང་དཀའ་བའི་གནས་སྟངས་སུ་གྱུར་སྐོར་གསུངས་འདུག་པར་མ་ཟད། རྒྱ་ནག་གི་ཨོ་རྩེད་འགྲན་ཚོགས་དེའི་ཐོག་ནས་ང་ཚོའི་རྩེད་འགྲན་པ་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་འཁྱོག་བཤད་ཀྱི་དྲིལ་བསྒྲགས་སྤེལ་བའི་ལག་ཆ་ཆགས་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་ལྷག་དོན་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་སྲིད་དབང་སྒེར་སྤྱོད་རིང་ལུགས་ཀྱི་ནུས་ཤུགས་ཁྱབ་སྤེལ་བཅས་ལ་དམིགས་ནས་སྤྱོད་ཀྱི་ཡོད་པར་བརྗོད་འདུགགཞི་རྩའི་རྒྱ་ནག་གིས་ཕྱི་ལོ་ ༢༠༠༨ ལོའི་ཨོ་རྩེད་འགྲན་ཚོགས་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུའི་ཁས་ལེན་རིམ་པ་བྱས་ཡོད་པ་ཁག་ལག་བསྟར་དོན་འཁྱོལ་མ་བྱུང་མ་ཟད། བོད་དང་ཤིན་ཅང་། ནང་སོག་དང་ཧོང་ཀོང་བཅས་ཀྱི་ནང་དུ་སྔར་ལྷག་དམ་དྲག་བྱེད་བཞིན་ཡོད་སྟབས། ཉེ་སྔོན་རྒྱ་ནག་གི་འདི་ལོའི་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་རྒྱལ་སྤྱིའི་ཚོགས་སྡེ་བརྒྱ་ལྷག་གིས་མཉམ་རུབ་ཀྱི་ཐོག་ནས་བསྒྲགས་གཏམ་སྤེལ་ཏེ་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་ནང་དུ་དགུན་དུས་ཀྱི་ཨོ་རྩེད་འཚོགས་འཆར་ལ་དགག་ལན་གནང་ཡོད་པར་མ་ཟད། རྒྱལ་སྤྱིའི་ཨོ་རྩེད་ལས་ཁུངས་ཀྱིས་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཀྱི་ཨོ་རྩེད་འགྲན་ཚོགས་དེ་ཕྱིར་བསྡུ་བྱེད་དགོས་བའི་རེ་སྐུལ་གནང་ཡོད་པ་རེད། དེ་བཞིན་ ༢༠༢༢ ལོའི་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་ལིམ་སྤིང་རྩེད་འགྲན་ཆེན་མོར་བོད་མི་རྣམས་ཀྱིས་སྣེ་ཁྲིད་དེ་ཤར་ཏུ་ཀི་སི་ཐན་དང་ནང་སོག ཐེ་ཝན། ཧོང་ཀོང་སོགས་ཀྱི་མང་ཚོགས་མཚོན་པའི་རྒྱལ་སྤྱིའི་ཚོགས་སྡེ་ ༡༨༠ ལྷག་མཉམ་རུབ་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་སྐྱོན་བརྗོད་ཀྱིས་རྒྱལ་སྤྱིའི་ཨོ་ལམ་སྤིག་རྩེད་འགྲན་ཚོགས་ཆུང་ལ་རྒྱ་ནག་ཏུ་འགྲན་ཚོགས་དེ་བསྡུ་སྐོང་གནང་རྒྱུའི་ཐོབ་ཐང་གནང་ཐབས་མེད་པའི་ལས་འགུལ་སྣ་མང་སྤེལ་ཡོད་ཀྱང་། ད་བར་དུ་ཨོ་རྩེད་འགྲན་ཚོགས་ཀྱི་ངོས་ནས་རྒྱ་ནག་ནང་དུ་ཨོ་རྩེད་འགྲན་ཚོགས་འཚོགས་གཏན་ཁེལ་བ་དེ་ཕྱིར་བཤོལ་བྱས་མེད་སྟབས། ད་ལྟའི་ཆར་ལས་འགུལ་གྱི་ཁ་ཕྱོགས་ལ་འགྱུར་བ་བཏང་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་རྩེད་འགྲན་པ་རྣམ་པར་ཞུ་སྐུལ་གནང་སྟེ་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་རྩེད་འགྲན་དེར་འཛུལ་ཞུགས་མི་གནང་བར་ངོ་རྒོལ་གནང་དགོས་བའི་གཞེན་སྐུལ་གནང་བཞིན་ཡོད་པ་རེད།

ཤིན་ཅང་ནང་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་པ།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་འདས་པའི་ལོ་ཤས་ནས་ཤིན་ཅང་ནང་གི་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་གཞི་རྩ་མེད་པའི་ཁྲིམས་གཏུག་བརྒྱུད་དུས་ཡུན་རིང་པོའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུའི་གནས་ཚུལ་ཇེ་མང་འགྲོ་བཞིན་ཡོད་པ་མངོན་གསལ་གནང་འདུགཁ་སང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་། དེའི་ནང་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནང་ཤིན་ཅང་གི་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་ཁུངས་ལུང་མེད་པའི་ཁྲིམས་གཏུག་བརྒྱུད་དུས་ཡུན་རིང་པོའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཀྱི་ཡོད་པ་མངོན་གསལ་གནང་བར་མ་ཟད། རྒྱ་གཞུང་གིས་དེ་སྔ་ ༢༠༡༦ ལོར་རྒྱལ་ཁབ་ཁ་བྲལ་གཏོང་མཁན་ལ་འགོག་རྒོལ་བྱེད་ཆེད་ཤིན་ཅང་ཁུལ་དུ་རྡུང་རྡེག་ཚ་ནན་གྱི་ལས་འགུལ་ཞིག་སྤེལ་བའི་ཁྲོད་གྲངས་ཉུང་མི་རིགས་འབུམ་གཉིས་དང་ཕྱེད་ཀ་ལྷག་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་ར་སྤྲོད་གནང་འདུགརྒྱ་གཞུང་གིས་བཙོན་འཇུག་འོག་ཚུད་པའི་མི་ ༦༠ ཙམ་གྱི་གནད་དོན་ལ་ཞིབ་འཇུག་གནང་སྐབས་དེ་དག་ཁྲོད་མང་དག་ཅིག་ནས་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་སྤེལ་མེད་ཀྱང་བཙན་དབང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པ་ཤ་སྟག་ཆགས་ཀྱི་ཡོད་པ་དང་ཁྲིམས་གཏུག་བྱ་ཕྱོགས་རྣམས་རྒྱ་ནག་གི་ལྟ་སྤྱོད་དང་མཐུན་པའི་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཕྱོགས་དང་ཐ་དད་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུག སྙན་ཐོའི་ནང་རྒྱ་ནག་གཞུང་འབྲེལ་གྱི་ཉེས་ཆད་འགེལ་བའི་རེའུ་མིག་ལ་གཞིགས་ཚེ་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༧ ནང་ཡུ་གུར་མི་རིགས་གཙོ་གྱུར་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་ཁུངས་མེད་ཀྱི་ཁྲིམས་གཏུག་བརྒྱུད་ལོ་མང་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནད་དོན་དེ་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ཕྱི་ལོ་ ༢༠༡༨ དང་ ༢༠༡༩ སོ་སོར་ཉེས་ཆད་འགེལ་བའི་གནས་ཚུལ་སྔར་ལྷག་འཕར་ཡོད་པ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་འབྲེལ་མཐུད་ཁང་གི་སྙན་ཐོ་དང་ནིའུ་ཡོག་ Times བཅས་སུ་འཁོད་ཡོད་པ་ལུང་འདྲེན་གནང་བར་མ་ཟད་ཤིན་ཅང་ཁྲིམས་ཁང་ནས་ཕྱི་ལོ་ ༢༠༡༧ ལོར་མི་ ༩༩༣༢༦ ལྷག་དང་ ༢༠༡༨ ལོར་ ༡༣༣༡༩༨ ལྷག་ལ་ཁྲིམས་ཐག་བཅད་ཡོད་པ་ཀྱང་། ཕྱི་ལོ་ ༢༠༢༩ ལོར་མང་ཚོགས་ཇི་ཡོད་ལ་ཉེས་ཆད་འགེལ་རྒྱུའི་རྣམ་གྲངས་རེའུ་མིག་ད་ལྟ་ཡང་མངོན་གསལ་བྱེད་ཀྱི་མེད་པ་གསུངས་འདུགའོན་ཀྱང་ཤིན་ཅང་ Victims Database ཞེས་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཚོགས་པའི་ཚོད་དཔག་གནང་བར་གཞིགས་ན་ཕྱི་ལོ་ ༢༠༡༩ ལོར་ཁྲིམས་ཐག་བཅད་པའི་གྲངས་ཐོ་དེ་གོང་གི་ཕྱི་ལོ་ ༢༠༡༧ དང་ ༢༠༡༨ གཉིས་ཀྱི་གྲངས་ཐོ་དང་ཆ་སྙོམས་ཆགས་ཀྱི་ཡོད་པར་ངོས་འཛིན་དང་ ༢༠༡༩ ནང་ཁྱོན་མི་སྟོང་ཕྲག་བཅུ་ཕྲག་མང་པོར་ཉེས་ཆད་བཏང་ཡོད་པར་ཚོད་དཔག་གནང་གི་འདུགའགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ཉམས་ཞིབ་པ་བགྲེས་པ་ལྕམ་ Maya Wang ལགས་ཀྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་བསྟུད་མར་སྤྲད་པའི་རྐྱེན་གྱིས་རྒྱ་གཞུང་གིས་ཤིན་ཅང་གི་ཆབ་སྲིད་སློབ་གསོའི་བསྟི་གནས་ཁང་ནས་མི་ཁག་ཅིག་གློད་བཀྲོལ་བཏང་ཡོད་སྟབས་ད་ཆ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཤིན་ཅང་ནང་རང་དབང་ལྡན་པའི་ཞིབ་འཇུག་ཡོང་བར་རྒྱ་ནག་གཞུང་ལ་མུ་མཐུད་གནོན་ཤུགས་འཕར་མ་སྤྲོད་དགོས་པ་དང་། དེ་ནི་དྲང་བདེན་མེད་པར་བཀག་སྐྱིལ་དང་བཙོན་འཇུག་བྱས་པ་རྣམས་གློད་བཀྲོལ་ཐུབ་པའི་རེ་བ་བཟང་ཤོས་དེ་ཡིན་པར་གཞེན་སྐུལ་གནང་འདུག

རེས་གཟའ་ལྷག་པ། ༢༠༢༡།༠༢།༢༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་བཀའ་ཆོས་སྩལ་གཏན་འཁེལ་བ། མགོ་མཇུག་འཆོལ་བའི་ཡར་རྒྱས་འཛུགས་སྐྲུན་གྱི་སྲིད་བྱུས་ལ་ཡིད་ཆེས་གནང་མི་རུང་། ཡོ་རོབ་མཐུན་ཚོཊ་ཀྱིས་རྒྱ་གཞུང་ལ་ཤིན་ཅང་དུ་རྟོག་ཞིབ་སླད་བསྐྱོད་འཇུག་དགོས་པའི་ཞུ་སྐུལ། ཐེ་ཝན་ནང་བོད་རང་དབང་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། ལྡི་ལིར་ཡོང་མཁན་ཚོས་གཉན་རིམས་ཕོག་མེད་པའི་དཔང་ཡིག་འཁྱེར་དགོས་པ། བཀའ་སློབ་ལས་རིམ། ༸གོང་ས་མཆོག་གིས་མང་གཙོའི་དགོངས་པ་དེ་གློ་བུར་དུ་འཁོར་མེད་སྐོར་བཀའ་སྩལ་བ། Wednesday 24/02/2021 Dalai Lama to confer teaching on ‘Chotrul Duechen’, day of miracles Distorted Development: New report critiques Chinese model of development in Tibet EU demands China allow 'meaningful access' to rights observers to Xinjiang Cycling for a Free Tibet: Interview People travelling to Delhi from 5 States need negative COVID-19 report FEATURE: Dalai Lama on Democracy

༸གོང་ས་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་བཀའ་ཆོས་སྩལ་གཏན་འཁེལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༢༧ སྟེ་ཆོ་འཕྲུལ་དུས་ཆེན་ཉིན་བཀའ་ཆོས་དང་འབྲེལ་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་མ་ཟད་ཕྱི་ཟླ་ ༤ ཚེས་ ༧ བར་དྲྭ་རྒྱ་བརྒྱུད་ནས་བཀའ་ཆོས་དང་བཀའ་སློབ་ཀྱི་མཛད་འཆར་ཁག་བཞི་ཙམ་བསྐྱང་བསྐྱང་གཏན་འཁེལ་འདུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་གནས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷརྨ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་ལམ་བརྒྱུད་བཀའ་ཆོས་དང་བཀའ་སློབ་ཁག་ཅིག་སྩལ་གཏན་འཁེལ་བའི་གསལ་བསྒྲགས་གནང་གསལ་གཞིགས་ན། མགོན་པོ་༸གང་ཉིད་མཆོག་གིས་ལོ་ལྟར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་གིས་མཆུ་ཟླའི་ཡར་ཚེས་གཅིག་ནས་བཅོ་ལྔའི་བར་བདུད་དང་མུ་སྟེགས་ཅན་ལ་སོགས་པ་ཆོ་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་ཚར་བཅད་པའི་དུས་ཆེན་ནམ་ཆོ་འཕྲུལ་དུས་ཆེན་ནམ་ཡིན་ལ་སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་དང་འབྲེལ་བའི་སྐྱེས་རབས་ཀྱི་བཀའ་ཆོས་སྩལ་གྱི་ཡོད་པ་བཞིན། འདི་ལོར་དུས་ཆེན་ཉིན་༸གོང་ས་མཆོག་གིས་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བཀའ་ཆོས་བསྡུས་པ་ཞིག་སྩལ་རྒྱུ་དང་ལ་དྭགས་སེམས་བསྐྱེད་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སེམས་བསྐྱེད་ཀྱི་ཆོས་འབྲེལ་ཡང་བཀའ་དྲིན་སྩལ་རྒྱུ་རེད་འདུག མཛད་འཆར་ལྟར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༣ ཚེས་ ༥ ཉིན་སིང་ག་པོར་གྱི་བོད་བརྒྱུད་ནང་པའི་ཆོས་ཚོགས་གཙོས་པའི་ཚོགས་པ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་གྱི་ནང་པའི་ལྷག་པའི་བསླབ་པ་གསུམ་གྱི་བརྗོད་གཞིའི་ཐོག་ཉིན་གསུམ་རིང་གི་བགྲོ་གླེང་གནང་རྒྱུའི་དྲྭ་ཐོག་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཚོགས་མགོན་དུ་དབུ་བཞུགས་དང་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་ཟླ་ ༣ ཚེས་ ༡༡ ནས་ཚེས་ ༡༣ བར་ཉིན་གསུམ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠༌༣༠ བར་དྲ་ལམ་བརྒྱུད་ནང་ཆོས་དང་ཚན་རིག་སྐོར་ལ་བགློ་གྲེང་དང་ཆོས་འབྲེལ་ཁག་ཅིག་བཀའ་དྲིན་སྩལ་རྒྱུ་རེད་འདུགདེ་ཡང་ཚེས་ ༡༡ ཉིན་མགོན་པོ་༸གང་ཉིད་མཆོག་གིས་སོག་རིགས་གཞོན་སྐྱེས་ཚོར་ནང་ཆོས་དང་ཚན་རིག་གི་སྐོར་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་དང་། ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་སོག་པོའི་དད་ལྡན་མི་མང་ལ་ནཱ་ལེནྡཱའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་བཀའ་དྲིན་བསྐྱང་རྒྱུ་ཡིན་པ་རེད། དེ་བཞིན་ཕྱི་ཟླ་ ༤ ཚེས་ ༧ ཨི་ཊ་ལིའི་ནང་པའི་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཆུ་ཚོད་ ༩ ནས་ ༡༠༌༣༠ བར་བདེན་པ་བཞི་དང་བདེན་པ་གཉིས་ཀྱི་བཀའ་ཆོས་སྩལ་རྒྱུ་དང་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་བསྩལ་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་འཁེལ་འདུག གཞི་རྩའི་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་ཆོས་དང་བཀའ་སློབ་དེ་དག་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་བོད་དབྱིན་རྒྱ་སྐད་གཙོས་པའི་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་གནང་གི་ཡོད་པ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པའི་གཞེན་སྐུལ་གནང་འདུག

མགོ་མཇུག་འཆོལ་བའི་ཡར་རྒྱས་འཛུགས་སྐྲུན་གྱི་སྲིད་བྱུས་ལ་ཡིད་ཆེས་གནང་མི་རུང་།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གི་ངོས་གིས་མགོ་མཇུག་འཆོལ་བའི་ཡར་རྒྱས་འཛུགས་སྐྲུན་ཏེ་བོད་ནང་དུ་རྒྱ་གཞུང་གིས་ཡར་རྒྱས་འཛུགས་སྐྲུན་བྱས་པའི་དཔྱད་ཞིབ་སྙན་ཐོ་ཞིག་འདོན་སྤེལ་གནང་བ་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གི་མགོ་མཇུག་འཆོལ་བའི་ཡར་རྒྱས་འཛུགས་སྐྲུན་གྱི་སྲིད་བྱུས་ལ་ཡིད་ཆེས་གནང་མི་རུང་བར་ནན་བརྗོད་སོང་།ཁ་སང་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་རྣམ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་བརྒྱུད་རྒྱ་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་ཀྱི་ཐོབ་ཐང་བེད་སྤྱོད་ལོག་པར་བཏང་ནས་ཆབ་སྲིད་དང་སྤྱི་དམངས། རིག་གཞུང་གི་གཞི་རྩའི་ཐོབ་ཐང་ཁག་རྡོག་རོལ་གཏོང་བཞིན་ཡོད་པའི་དཔྱད་ཞིབ་སྙན་ཐོ་འདོན་སྤེལ་དང་འབྲེལ་ཏེ་དེ་ནི་གཙོ་བོ་ཉེ་ལམ་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༠ ཉིན་རྒྱ་གཞུང་གིས་རྒྱལ་སྤྱིའི་ཡར་རྒྱས་ཐོག་རོགས་འདེགས་གང་དང་གང་བྱེད་ཀྱི་ཡོད་པའི་རྒྱབ་ཤ་དཀར་པོ་ཞིག་ཆེད་བཏོན་བྱས་པའི་ནང་བོད་ནང་འཛུགས་སྐྲུན་ཡར་རྒྱས་དང་འབྲེལ་ནས་འཛམ་གླིང་མི་མང་མགོ་སྐོར་གཏོང་ཆེད་དངོས་བདེན་མིན་པའི་གནས་ཚུལ་ཁག་ལ་ཐད་ཀར་ལན་འདེབས་གནང་ཕྱིར་ཡིན་པར་གསུངས་སོང་བར་མ་ཟད། ཕྱི་ལོ་ ༡༩༨༦ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་ཡར་རྒྱས་འཛུགས་སྐྲུན་གྱི་ཡོངས་ཁྱབ་གསལ་བསྒྲགས་ནང་རྒྱལ་ཁབ་ཅིག་གིས་དཔལ་འབྱོར་གྱི་འཛུགས་སྐྲུན་གནང་སྐབས་ངེས་པར་དུ་ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་རྣམས་བརྩི་སྲུང་གནང་དགོས་སྐོར་འཁོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་དུ་རྒྱ་ལམ་སོགས་འཛུགས་སྐྲུན་བྱེད་སྐབས་ས་གནས་མི་མང་གི་མངོན་འདོད་ལ་ལྟོས་མེད་རང་སྣང་གང་ཤར་བྱེད་ཀྱི་ཡོད་པ་དང་། ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་ལས་དཔལ་འབྱོར་དང་ཡར་རྒྱས་ཀྱི་ཐོབ་ཐང་རྣམས་གལ་ཆེར་འཛིན་བཞིན་པ་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡར་རྒྱས་འཛུགས་སྐྲུན་ལས་འཆར་གྱི་ཚད་གཞི་དང་ཡོངས་སུ་འགལ་གྱི་ཡོད་པར་སྐྱོན་བརྗོད་གནང་སོང་།སྙན་ཐོར་རྒྱ་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་ཀྱི་ཐོབ་ཐང་ལ་ཁ་གཡར་ཏེ་འཛུགས་སྐྲུན་ལས་གཞི་ཁག་ཁྲིམས་ཡིག་དགོངས་དོན་ས་གནས་མི་མང་གི་དགོས་མཁོ་དང་མངོན་འདོད་ལྟར་མ་ཡིན་པར་ལག་བསྟར་བྱས་ཏེ་བོད་མིའི་སྤྱི་དམངས་དང་ཆབ་སྲིད། རིག་གཞུང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་དེ་མངོན་གསལ་གནང་བ་མ་ཟད། རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཟེར་བ་དེ་ནི་མི་དམངས་ཀྱི་འཚོ་གནས་དངོས་ལ་བཕན་པ་ཞིག་མིན་པར་མགོ་འཇུག་འཆོལ་བའི་ལས་འཆར་གྱི་རྣམ་གྲངས་མང་དག་ཅིག་ལག་བསྟར་བྱེད་བཞིན་རྐྱེན་ཟུར་ཕུད་དང་ནུས་མེད་བཟོས་པའི་མི་རིགས་སྤྱིའི་ཐོབ་ཐང་བརྡལ་བཤིག་བཏང་ཡོད་སྐོར་གསུངས་པ་དང་ཆབས་ཅིག པེ་ཅིང་གཞུང་གིས་སྒྲིག་བཟོ་བྱས་པའི་རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་གྱི་ལས་འཆར་ཟེར་བ་ནི་དམར་ཤོག་སྲིད་གཞུང་གི་ཁེ་ཕན་དང་ཆབ་སྲིད་ལས་དོན་གཙོ་བོར་བཟུང་ནས་བོད་མིའི་འཚོ་གནས་ཡར་རྒྱས་གཏོང་རྒྱུ་ལས་ལྡོག་སྟེ་བོད་མི་རིགས་དེ་རྒྱ་མི་རིགས་ལ་བསྒྱུར་ཐབས་ཤིག་ཡིན་པར་མ་ཟད་བོད་ཡུལ་ནི་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ལས་གཞིའི་ཚོད་ལྟ་ཁང་ལྟ་བུར་གྱུར་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་སྡེ་ཁག་གིས་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་དེ་ནས་ལེགས་ཉེས་གང་ཡོང་གསལ་པོར་ཤེས་རྟོགས་གནང་གལ་ཡིན་པ་སོགས་ཆེད་བཀོད་གནང་འདུགསྙན་ཐོ་བརྒྱུད་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་ཡར་རྒྱས་འཛུགས་སྐྲུན་ཐོག་ཕྱག་ལས་གནང་མཁན་ཚོགས་སྒེར་ཡོངས་ལ་འབོད་སྐུལ་དོན་ཚན་ ༣༡ ཞུས་པའི་ནང་རྒྱ་ནག་གཞུང་གིས་ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་ལས་དཔལ་འབྱོར་ཐོབ་ཐང་དེ་ཉིད་གཙིགས་ཆེར་འཛིན་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགག་བྱ་གནང་དགོས་པ་དང་རྒྱ་གཞུང་གིས་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་རང་གི་ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་ངོས་འཛིན་བྱེད་ཕྱོགས་དང་ཡར་རྒྱས་གྱི་འགྲེལ་བརྗོད་ཁྱབ་སྤེལ་བྱེད་བཞིན་པར་ངོས་ལེན་གནང་རྒྱུ་མེད་སྐོར། དེ་བཞིན་རྒྱ་ནག་གཞུང་ལ་བོད་ནང་ཡར་རྒྱས་འཛུགས་སྐྲུན་གྱི་སྲིད་བྱུས་གང་འདྲ་ཞིག་སྤེལ་རུང་བོད་མིའི་མངོན་འདོད་དང་ཡུལ་སྲོལ་གོམས་གཤིས་གཞིར་བཟུང་མིང་དོན་མཚུངས་པའི་བོད་མིའི་འཚོ་གནས་ཡར་རྒྱས་གཏོང་དགོས་པ། བོད་ནང་བཙན་དབང་གིས་གནས་སྤོས་དང་བོད་མི་རྣམས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་མཚམས་འཇོག་དགོས་པ། བོད་ཀྱི་རང་བྱུང་གཏེར་ཁ་སྔོན་འདོན་སོགས་ཀྱི་ལས་གཞི་འཕྲལ་མར་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག

ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་གཞུང་ལ་ཤིན་ཅང་དུ་རྟོག་ཞིབ་སླད་བསྐྱོད་འཇུག་དགོས་པའི་ཞུ་སྐུལ།

ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་མཆོག་གིས་ཤིན་ཅང་ཁུལ་གྱི་དངོས་ཡོད་གནས་ཚུལ་རྟོག་ཞིབ་དཔྱིས་ཕྱིན་པ་ཞིག་གནང་སླད་རྒྱ་ནག་གཞུང་གི་ངོས་ནས་ཁུལ་དེར་དམ་དྲག་གང་ཡང་མེད་པར་རང་དབང་ཐོག་བསྐྱོད་འཇུག་དགོས་པ་གསུངས་འདུགཁ་སང་རྒྱལ་ཚོགས་ཀྱི་རྒྱལ་སྲུང་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་ Josep Borrell མཆོག་གིས་རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོངབཞིན་པ་གཙོས་བེུད་རྣམས་ལ་མནར་གཅོད། དེ་བཞིན་གསར་འགོད་པར་སོ་མྱུལ་དང་གནས་ཚུལ་རྫུན་གཟོ་བྱ་རྒྱུ། འདི་ལོར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་འཕྲོད་བསྟེན་གྱི་དཀའ་ངལ་ཆེན་པོ་བཟོས་ཡོད་པར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱ་ནག་རང་ཉིད་ཀྱི་ཁས་ལེན་བྱས་པའི་ཁྲིམས་སྒྲིག་དང་ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་གུས་བརྩི་ཞུས་པའི་སྒོ་ནས་བོད་གཙོས་ཤིན་ཅང་དང་ནང་སོག་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་བྱེད་དགོས་ཀྱི་རེད་ཅེས་བསྐྱར་ནན་གནང་འདུག ཤིན་ཅང་ནང་གི་གནད་དོན་ངོ་མ་དེ་ཕྱི་གསལ་ནང་གསལ་ཤེས་རྟོགས་ཐུབ་སླད་རྒྱ་ནག་གཞུང་གི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་ Michelle Bachelet ལགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་རྟོག་ཞིབ་རུ་ཁག་ཤིན་ཅང་དུ་དོན་ཕན་ལྡན་པའི་གཟིགས་སྐོར་གནང་འཇུག་དགོས་ཞེས་གསུས་འདུགཁོང་གིས་རྒྱ་ནག་གཞུང་གིས་ཡུ་གུར་ས་ཡ་མང་པོ་བཀག་སྐྱིལ་ཁང་དུ་བཙན་ཁྲིད་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཐེ་བྱུས་ཀྱིས་ཆོས་ལུགས་རང་དབང་བཙན་འཕྲོག་བྱས་པར་འཛམ་གླིང་ཤར་ནུབ་གང་སར་ནས་ཁ་རྡུང་བཏང་དང་གཏོང་བཞིན་ཡོད་པ་རེད། འོན་ཏང་རྒྱ་གཞུང་གིས་འཛེམ་ཟོན་མེད་པར་ཤིན་ཅང་ཁུལ་དུ་རང་དབང་ཡོད་ཚུལ་བརྗོད་བཞིན་པ་དེ་ལྟར་ཡང་གསར་འགོད་པ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གིས་ཤིན་ཅང་གི་ཁུལ་དུ་ཚད་ལས་བརྒལ་བའི་སྡུག་སྦྱོང་མནར་གཅོད་ཀྱི་བྱ་སྤྱོད་སྤེལ་མུས་ཡིན་པར་སྙན་ཐོ་རིམ་པ་ཆེད་བཏོན་དང་། རྒྱ་ནག་གཞུང་གིས་ མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་མྱོང་མཁན་མང་ཚོགས་ཚོས་གསལ་པོ་བཟོས་ཡོད་པ་རེད་ཅེས་གསུངས་འདུག

ཐེ་ཝན་ནང་བོད་རང་དབང་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ།

བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༡ སྟེ་ཉི་ཤུ་དགུ་དང་༸རྒྱལ་བའི་༸སྐུའི་བླ་གཟའ་ལྷག་དཀར་ཉིན་མོ་དང་བསྟུན་ཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པས་གོ་སྒྲིག་འོག་བོད་ཀྱི་གནད་དོན་གསལ་བཤད་དང་དྲིལ་བསྒྲགས་གནང་ཕྱིར་བོད་རང་དབང་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་རེད།དེ་རིང་རེས་གཟའ་ལྷག་པའི་ཉིན་ལས་འགུལ་ཐེངས་གསུམ་པ་དེ་གནང་འདུག་པར་མ་ཟད་ལས་འགུལ་དེ་ཕྱི་ཟླ་ ༢ ཚེས་ ༡༡ སྟེ་རེས་གཟའ་ལྷག་པ་ཉིན་ནས་དབུ་འཛུགས་ཀྱིས་བོད་རང་དབང་སྒེར་ལངས་གནང་ནས་འདི་ལོར་མི་ལོ་ ༦༢ འཁོར་བའི་གསུམ་བཅུའི་དུས་དྲན་བར་རེས་གཟའ་ལྷག་པ་ནམ་ཡིན་ལ་སྤེལ་གནང་གི་ཡོད་པ་རེད།རླུང་འཕྲིན་ཁང་གིས་དེ་རིང་བོད་རང་དབང་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐོག་མར་དབུ་འཛུགས་གནང་མཁན་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲིས་ཚེ་རིང་ལགས་སུ་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་སྐོར་ལ་ཞལ་པར་བརྒྱུད་བཀའ་འདྲི་ཁག་ཅིག་ཞུས་ཡོད།

Latest news