Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: August, 2021

རེས་གཟའ་མིག་དམར། ༢༠༢༡།༠༨།༣༡

ཉན་པ།: Listen ཕབ་ལེན། Download འདས་པའི་ལོ་གསུམ་ནང་བོད་མི་བཞི་བཅུ་ཙམ་གར་སོང་ཆ་མེད་དུ་སྒྱུར་ཡོད་པར་བསྒྲགས་འདུག མི་རིགས་ལས་དོན་གྱི་སྲོག་རྩ་ནི་ཀྲུང་ཧྭ་མི་རིགས་གོང་བུ་གཅིག་འདུས་ཡིན་པར་བརྗོད་འདུག པན་ཇབ་མངའ་གཞུང་གིས་ཚེ་རིང་སྒྲོལ་དཀར་ལགས་སུ་འབུམ་གསུམ་གྱི་རོགས་དངུལ་ཞལ་བཞེས། ས་མཚམས་ཀྱི་དཀའ་རྙོག་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་འདོད་ཡོད། གླུ་གཞས་ལས་རིམ། གཞས་མ་ཨ་ལན་ཟླ་བ་སྒྲོལ་མ་ལགས་ཀྱིས་བླངས་པའི་ལས་འབྲས། Tuesday 31/08/2021 Tibetan rights group remember victims of enforced disappearance, records over 40 cases in Tibet Unification of motherland, crux of CCP’s ethnic work: Xi at Central Conference on Ethnic Affairs Punjab authority recognizes Tibetan mother Teresa’s work, announces 3 lac grant India wants solution to border dispute with China through dialogue: Rajnath MUSIC: ‘Leydrei’ by Alan Dawa Dolma

འདས་པའི་ལོ་གསུམ་ནང་བོད་མི་བཞི་བཅུ་ཙམ་གར་སོང་ཆ་མེད་དུ་སྒྱུར་ཡོད་པར་བསྒྲགས་འདུག

ཁ་སང་བཙན་དབང་འོག་ནས་གར་སོང་ཆ་མེད་དུ་བཏང་བའི་ཉིན་མོ་ཐེངས་ ༢༨ པའི་དུས་དྲན་དང་བསྟུན་ནས། བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདས་པའི་ལོ་གསུམ་ནང་རྒྱ་ནག་གཞུང་གིས་བོད་མི་ ༤༠ ལྷག་བཙན་དབང་འོག་གར་སོང་ཆ་མེད་དུ་བཏང་ཡོད་པའི་གནས་ཚུལ་སྤེལ་འདུགལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གིས་དུས་རྒྱུན་ནས་བོད་མི་རྣམས་ཉེས་མིང་སྣ་ཚོགས་ཀྱི་འོག་ནས་འཛིན་བཟུང་བཙན་ཁྲིད་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས། འདི་ལོའི་ཕྱི་ཟླ་གསུམ་པའི་ནང་མིང་ལ་བཀྲ་ཤིས་ཟེར་ཞིང་ལོ་ན་སུམ་ཅུར་སོན་པའི་བོད་མི་ཞིག་ལ་རྒྱ་གཞུང་སྤྱི་བདེ་མི་སྣས་བཀག་བསྐྱིལ་ཁང་དུ་མནར་གཅོད་ཚད་མེད་བཏང་བས་མ་བཟོད་པར་རང་སྲོག་བཅད་ཡོད་པ་དང་། དེ་བཞིན་མིང་ལ་དངོས་གྲུབ་ཕུན་ཚོགས་ཟེར་བའི་བགྲེས་པོ་ཞིག་ལ་ལོ་ངོ་བརྒྱད་ཀྱི་ཁྲིམས་ཐག་བཅད་དེ་བཀལ་སྐྱིལ་ཁང་ནས་ནད་གཅོང་དུ་སྒྱུར་བ། གཞན་ཡང་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཞེས་པ་ཞིག་ལ་བཙན་དབང་གིས་བཀག་སྐྱིལ་ཁང་ནས་སྨན་བཅོས་བྱ་དགོས་བར་བསྙལ་ནས་སྨན་ཁང་དུ་བཙན་ཁྲིད་བྱེད་པ་དེར་དགོས་མེད་ཀྱི་སྨན་བཅོས་བྱ་སྲིད་པ་སོགས། རྒྱ་ནག་གིས་མནར་གཅོད་གཏོང་བཞིན་པའི་བོད་མི་ཁག་ཅིག་གི་གནད་དོན་གསལ་འདོན་གྱིས། ད་ལྟའི་བར་གནས་ཚུལ་ཤེས་རྟོགས་བྱུང་དང་མ་བྱུང་ཅི་རིགས་ཀྱི་བོད་མི་བགྲང་ལས་འདས་པ་ཞིག་གིས་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྤྱད་པའམ། ཡང་ན། ཁྲིམས་མཐུན་གྱི་ལས་འགུལ་སྤེལ་བ་ཙམ་གྱིས་ཁོང་ཚོར་ཁྲིམས་ཀྱི་སྲུང་སྐྱོབ་གང་ཡང་མེད་པར་མངོན་གསལ་དང་གསང་བ་ཅི་རིགས་ཀྱི་སྒོ་ནས་འཇུ་བཟུང་བཀག་ཉར་གྱིས་མནར་གཅོད་སྣ་ཚོགས་མྱོང་དགོས་ཐུག་གི་ཡོད་པ་རེད་ཅེས་མངོན་གསལ་གནང་འདུགགསར་འགོད་པས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་འོད་ལགས་སུ་ཐེངས་འདིའི་ལྟེ་གནས་ཁང་གི་བསྒྲགས་གཏམ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས། མནར་གཅོད་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཁྲིམས་ཡིག་ནང་ཡོངས་གྲགས་ཀྱིས་བཀག་འགོག་བྱས་ཡོད་པ་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་རྒྱལ་ཁབ་བརྟན་བརླིང་ལ་ཁ་གཡར་བོད་མི་རྣམས་བཙན་དབང་གིས་གར་སོང་ཆ་མེད་དུ་གཏོང་བའི་རིགས་མཚམས་འཇོག་བྱ་དགོས་སྐོར་དང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་ཉེས་དོན་ཁྲིམས་ཡིག་དོན་ཚན་ ༧༣ དང་ ༨༣ གཉིས་ཕྱིར་འཐེན་དང་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པར་བསྐྱར་བཅོས་བྱ་དགོས་སྐོར་འགྲེལ་བརྗོད་གནང་བྱུང་།གཞན་ཡང་ཁོང་གིས་རྒྱ་ནག་གིས་དུས་རྒྱུན་ནས་ཆབ་སྲིད་དང་འབྲེལ་ནས་བོད་མི་རྣམས་འཇུ་བཟུང་བྱེད་སྐབས། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པ་དང་རྒྱལ་ཁབ་ཀྱི་བརྟན་བརླིང་ལ་གནོད་པའི་ནག་ཉེས་བསྙད་འདོགས་ཀྱིས་གནས་ཚུལ་འཚོལ་ཞིབ་བྱེད་ཐབས་བྲལ་བའི་ཁྱབ་ཆེ་བའི་ཐ་སྙད་རིགས་བེད་སྤྱོད་གཏོང་གི་ཡོད་སྐོར་གསུང་བ་དང་འབྲེལ། ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་བའི་འདས་བའི་ལོ་གསུམ་རིང་གར་སོང་ཆ་མེད་དུ་བསྒྱུར་བའི་བོད་མི་ ༤༠ ལྷག་ཀྱང་བསྙད་འདོགས་དེ་དག་གི་འོག་ནས་གར་སོང་ཆ་མེད་དུ་སྒྱུར་བ་ཞིག་ཡིན་སྐོར་གསུངས་སོང་།སྤྱིར་ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འཕྲུལ་སྒྲ་བརྒྱུད་ནས་བཙན་དབང་གིས་གར་སོང་ཆ་མེད་དུ་སྒྱུར་བའི་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ། འགྲོ་བ་མི་ཡོངས་རྫོགས་ས་ཕྱོགས་གང་དུ་གནས་མིན་དང་མི་སུ་ཡིན་མིན། དེ་བཞིན་དད་མོས་ཅི་ཡིན་སོགས་ལ་ལྟོས་བ་མེད་པར་ཐོབ་ཐང་དང་ཆེ་མཐོང་གཅིག་པ་ཡིན་པར་བསྒྲགས་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་ཁ་སང་གི་རྒྱལ་སྤྱིའི་བཙན་དབང་གིས་གར་སོང་ཆ་མེད་དུ་སྒྱུར་བའི་ཉིན་མོ་དང་བསྟུན་ནས། རྒྱལ་སྤྱིའི་ཆབ་སྲིད་བཙོན་པ་ཆུང་ཤོས་སམ། བོད་ཀྱི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གླེང་སློང་གིས། རྒྱ་ནག་གིས་ཆུང་སྲིད་མཆོག་གང་དུ་བཀག་སྐྱིལ་བྱས་ཡོད་མེད་གསལ་བོ་བཟོ་དགོས་བ་དང་། དེ་བཞིན་གང་ཉིད་མཆོག་ལ་སྨྲ་བརྗོད་ཀྱི་རང་དབང་སྤྲོད་དགོས་བའི་ཞུ་སྐུལ་གནང་འདུག་པ་དང་། གཞན་ཡང་ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་ཀྱིས་ཀྱང་རྒྱ་ནག་གིས་བོད་ཀྱི་པཎ་ཆེན་ཆུང་སྲིད་མཆོག་བཙན་ཁྲིད་བྱས་པ་ཡོད་པར་འགྲེལ་བརྗོད་ཀྱིས་རྒྱ་ནག་གིས་གང་ཉིད་གང་དུ་བཀག་ཉར་བྱས་ཡོད་པར་མངོན་གསལ་བྱེད་དགོས་བའི་སྐུལ་མ་གནང་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་གི་ཉིན་མོ་དང་སྟུན་ནས་འདོན་སྤེལ་གནང་བའི་སྒྲགས་གཏམ་ནང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་རྒྱ་ནག་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་ནས་ངོ་སྤྲོད་གནང་བ་ཞིག་ལུང་འདྲེན་གནང་ཡོད་པ་དང་། དེའི་ནང་དུ། བོད་ནང་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་མེད། བོད་མི་ཚོར་དུད་འགྲོ་སེམས་ཅན་གྱི་འདུ་ཤེས་འཛིན་གྱི་ཡོད། རྒྱ་གཞུང་གི་དབང་འཛིན་པ་ཚོས་བོད་མི་རྣམས་འགྲོ་བ་མི་ཞིག་ཡིན་པའི་ངོས་འཛིན་བྱ་ཐབས་ཤེས་ཀྱི་མེད། རྒྱ་ནག་གཞུང་གིས་ང་ཚོར་དུད་འགྲོའི་འདུ་ཤེས་ལས་འཛིན་གྱི་མེད་པས་དུད་འགྲོ་སེམས་ཅན་ལྟར་མནར་གཅོད་གཏོང་རྒྱུ་ཡིན་པ་བོད་མི་ཚོས་ཤེས་ཀྱི་ཡོད་པ་རེད། ང་རང་སྒེར་གྱི་ངོས་ནས་ཀླ་ཀློའི་སྤྱོད་པ་རྩིང་པོ་འདི་ལ་སྙིང་སྟོབས་ཞུམ་ནས་མགོ་སྒུར་མ་མྱོང་། རྒྱུ་མཚན་ནི་མནར་གཅོད་ཀྱི་སྦྱོར་བ་འདིས་ངའི་པུས་མོ་ས་ལ་འཛུགས་སུ་འཇུག་པ་ཤེས་ཀྱི་ཡོད། འོན་ཀྱང་མནར་གཅོད་ཀྱི་ན་ཟུག་ལ་གདོང་ལེན་གྱིས་ཕྱིར་རྐང་པ་གཉིས་ཀྱི་སྒང་ལ་ལངས་རྒྱུའི་སེམས་ཀྱི་དམ་བཅའ་དེ་ནམ་ཡང་འགྱུར་མ་མྱོང་། དེ་ང་གཅིག་བུ་མ་རེད། བོད་མི་ཚང་མར་དཀའ་སྡུག་གི་གདོང་ནས་ལངས་ཐུབ་པའི་སྙིང་སྟོབས་འདི་ཡོད་པ་རེད། ང་ཚོས་དུས་རྒྱུན་རྒྱ་ནག་གི་དབང་འཛིན་པ་ཚོས་ང་ཚོར་དུད་འགྲོའི་འདུ་ཤེས་འཛིན་གྱི་ཡོད་པ་ཤེས་ཀྱི་ཡོད་ལ། ང་ཚོས་དུས་རྒྱུན་མཚན་ཉིད་ཚང་བའི་འགྲོ་བ་མི་ཞིག་ལྟར་རང་ཉིད་རྐང་པ་གཉིས་ཀྱི་སྒང་ལ་ཡང་བསྐྱར་ལངས་ཏེ་རང་ཉིད་འགྲོ་བ་མི་ཞིག་བྱེད་པའི་སེམས་ཐག་བཅད་ཡོད། ཅེས་འགྲེལ་བརྗོད་གནང་འདུག

ཞི་ཅིན་ཕིང་གིས་མི་རིགས་ལས་དོན་གྱི་སྲོག་རྩ་ནི་ཀྲུང་ཧྭ་མི་རིགས་གོང་བུ་གཅིག་འདུས་ཀྱི་འདུ་ཤེས་བརྟན་དུ་གཏོང་དགོས་ལུགས་བརྗོད་འདུག

རྒྱ་ནག་གི་སྲིད་འཛིན་ཞིན་ཅིང་ཕིང་གིས་ཉེ་ཆར་རྒྱལ་ས་པེ་ཅིང་དུ་ཚོགས་པའི་མི་རིགས་ལས་དོན་ཚོགས་འདུ་ཐེངས་ ༥ པའི་ཐོག་མི་རིགས་ལས་དོན་གྱི་སྲོག་རྩ་ནི་ཀྲུང་ཧྭ་མི་རིགས་གོང་བུ་གཅིག་འདུས་ཀྱི་འདུ་ཤེས་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་གྱི་སྲོག་རྩ་ནི་ཀྲུང་ཧྭ་མི་རིགས་གོང་བུ་གཅིག་འདུས་ཀྱི་འདུ་ཤེས་བརྟན་དུ་གཏོང་དགོས་ལུགས་བརྗོད་འདུགཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིེས་ཟླ་བ་འདིའི་ཚེས་ ༢༧ དང་ ༢༨ ཉིན་གཉིས་སུ་རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཚོགས་པའི་མི་རིགས་ལས་དོན་ཚོགས་འདུ་ཐེངས་ལྔ་པ་དེ་ཚོགས་ཡོད་པའི་སྐོར་དང་འབྲེལ་ཏེ་ཐེངས་འདིའི་ཚོགས་འདུའི་ཐོག་སྲིད་འཛིན་ཞི་ཅིན་ཕིང་གི་གཏམ་བཤད་ཀྱི་ནང་དོན་ཁག་ཡོངས་གྲགས་བྱས་འདུག རྩ་བའི་རྒྱ་ནག་དབུས་གཞུང་གི་མི་རིགས་ལས་དོན་གྱི་ཚོགས་འདུ་ཞེས་པ་དེ་ནི་ཐོག་མར་ཕྱི་ལོ་ ༡༩༩༢ ལོར་གསར་འཛུགས་བྱས་པ་དང་དེ་ནས་ལོ་ ༧ རེའི་མཚམས་སུ་ཐེངས་རེ་ཚོགས་སྲོལ་ཡོད་པ་དང་། ཚོགས་འདུ་ཐེངས་ ༤ པ་དེ་ཕྱི་ལོ་ ༢༠༡༤ ལོར་པེ་ཅིང་དུ་ཚོགས་པའི་རྗེས་སུ་ད་རེས་ཚོགས་འདུ་ཐེངས་ ༥ པ་དེ་ཆགས་ཀྱི་འདུག ཚོགས་འདུའི་ཐོག་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན། ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་གཙོས་རྒྱ་ནག་དབུས་གཞུང་གི་དྲིལ་བསྒྲགས་དང་ཉེན་རྟོག་པ་བཅས་གནད་ཆེའི་ལས་ཁུངས་མང་དག་ཅིག་གི་དཔོན་རིགས་ཚོ་མཉམ་ཞུགས་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ལྗོངས་དང་ཁུལ་རིམ་པའི་ལས་ཀྱི་སྣེ་མོ་བ་ཡོངས་རྫོགས་དང་དབུས་ས་གཉིས་ཀྱི་མི་རིགས་དང་ཆོས་ལུགས་ལས་དོན་དང་འབྲེལ་བའི་ལས་བྱེད་ཡོངས་ལྷན་འཛོམས་ཀྱིས་མི་རིགས་ལས་དོན་དང་འབྲེལ་བའི་ཐོག་གཞུང་གི་སྲིད་བྱུས་ཐད་ལ་གྲོས་བསྡུར་དང་གཏན་འབེབས་ཀྱི་ཚོགས་འདུ་གལ་ཆེ་ཞིག་ཡིན་པ་རེད།རྒྱ་ནག་སྲིད་བློན་ལི་ཁེ་ཆིང་གི་གཙོ་སྐྱོང་འོག་ཚོགས་པའི་ཐེངས་འདིའི་ཚོགས་འདུར་སྲིད་འཛིན་ཞོི་ཅིན་ཕིང་གིས་ཏང་གི་ལོ་ ༡༠༠ ཡི་ལོ་རྒྱུས་ལ་ཕྱིར་མིག་བལྟ་སྐབས་ཏང་གི་མི་རིགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ནི་མི་རིགས་ཀྱི་གནད་དོན་ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུའི་འགྲོ་ལམ་གཅིག་ཡོད་པ་དེ་ཡིན་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་༡༨ པའི་རྗེས་སུ་ཏང་གིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་གྱི་འདུ་ཤེས་སྲ་བརྟན་དུ་གཏང་རྒྱུ་སོགས་ཀྱི་ལྟ་གྲུབ་ནན་བཤད་དང་། མི་རིགས་ཁ་བྲལ་བཏང་བ་དང་ཆོས་ལུགས་ཐལ་སྐྱོན་གྱི་བསམ་བློའི་དུག་རྒྱུན་མུ་མཐུད་གཙང་སེལ་བྱེད་དགོས་པ་སོགས་བརྗོད་འདུག གསར་འགོད་པས་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཐེངས་འདིའི་ཚོགས་འདུ་དང་འབྲེལ་བའི་གནས་ཚུལ་སྤེལ་བར་དུས་རྒྱུན་དང་མི་འདྲ་བར་ད་ལན་ཞི་ཅིན་ཕིང་གི་གཏམ་བཤད་རང་ལ་དམིགས་ནས་གནས་ཚུལ་སྤེལ་བ་ཞིག་ཏུ་གཟིགས་ཡོད་པ་དང་། གཏམ་བཤད་ལ་བལྟས་ན་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྣམས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་བསམ་བློ་ཡོད་པ་གསལ་པོ་ཡིན་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་དུ་ཁ་བྲལ་ལ་གདོང་ལེན་དང་ཆོས་ལུགས་ཐལ་སྐྱོན་གྱི་བསམ་བློའི་དུག་རྒྱུན་མུ་མཐུད་གཙང་སེལ་བྱེད་དགོས་ཞེས་པའི་འོག་ནས་གྲངས་ཉུང་མི་རིགས་ཀྱི་གཞུང་ལ་འདོད་བློ་མ་ཁེངས་པ་དང་སྐྱོན་བརྗོད་བྱས་པ་ཡོངས་རྫོངས་ཐོག་དྲག་གནོན་བྱ་འཆར་ཡོད་པ་གསལ་རྟོགས་ཐུབ་སྐོར་སོགས་གསུངས་ཡོད།

པན་ཇབ་མངའ་གཞུང་གིས་ཚེ་རིང་སྒྲོལ་དཀར་ལགས་སུ་འབུམ་གསུམ་གྱི་རོགས་དངུལ་ཞལ་བཞེས།

པན་ཇབ་མངའ་སྡེའི་སྲིད་སྐྱོང་ལས་ཁུངས་ནས་ཅན་རྡི་གྷར་དུ་གནས་བཞུགས་བྱེད་མཁན་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་ཚེ་རིང་སྒྲོལ་དཀར་ལགས་ཀྱི་དང་བླངས་སྤྱི་ཚོགས་ཞབས་ཞུའི་ལས་དོན་ལ་ཆེ་བསྟོད་དང་སྦྲགས། དབུལ་ཕོངས་དང་ནད་མནར་ཅན་ཚོར་རོགས་སྐྱོར་སླད་ཁོང་ལ་ཧིན་སྒོར་འབུམ་གསུམ་གནང་རྒྱུའི་ཞལ་བཞེས་གནང་འདུགགཞི་རྩའི་བཙན་བྱོལ་འདུས་སྡོད་བོད་མི་རྣམས་རྒྱ་གར་གི་སྨན་ཁང་ཆེ་ཁག་ཏུ་བསྟེན་གཏུག་སྐབས་ཁག་ཅིག་ལ་སྡོད་གནས་རག་དཀའ་བ་དང་།  དེ་བཞིན་སྨན་ཁང་གང་དུ་བསྐྱོད་དགོས་པ་དང་སྨན་པ་སུར་བསྟེན་གཏུག་དགོས་པའི་ཐད་སྐུ་ངལ་མི་ཉུང་བ་འཕྲད་ཀྱི་ཡོད་པ་ལྟར།   ཚེ་རིང་སྒྲོལ་དཀར་ལགས་ནས་ཅན་རྡི་གྷར་གྲོང་ཁྱེར་ནང་བོད་མི་གཙོས་ནད་པ་ཉམ་ཐག་ཚོར་དེ་འབྲེལ་ཐད་རིས་མེད་སྒོ་ནས་རོགས་སྐྱོར་གནང་གི་ཡོད་པ་རེད།  ལྷག་པར་ཁོང་གི་ལོ་མང་ནས་སྤྱི་ཚོགས་ཞབས་ཞུ་གནང་རྐྱེན་མང་ཚོགས་ཀྱིས་ཁོང་མོར་དགའ་མོས་གནང་གི་ཡོད་པ་མ་ཟད།  ཁོང་ལ་ཡོངས་གྲགས་སུ་ Tibetan Mother Teresa ཞེས་འབོད་ཀྱི་ཡོད་པ་རེད།  ཁོང་གི་ཡུན་རིང་གི་སྤྱི་ཚོགས་ཞབས་ཞུ་དེར་ཉེ་ལམ་པན་ཇབ་སྲིད་སྐྱོང་ལས་ཁུངས་ནས་ཆེ་བསྟོད་ངོས་འཛིན་དང་སྦྲགས་ཟླ་བ་འདིའི་ཚེས་ ༢༧ ཉིན་ཆེད་མངགས་དབུལ་ཕོངས་དང་ནད་མནར་ཚོར་རོགས་སྐྱོར་སླད་ཁོང་ལ་རོགས་དངུལ་ཧིན་སྒོར་འབུམ་ ༣ གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་མ་ཟད།  མངའ་སྡེའི་སྲིད་སྐྱོང་གི་དྲུང་ཆེ་སྐུ་ཞབས་ Shri JM Balamurugan ལགས་ཀྱིས་ཁོང་མགྲོན་འབོད་ཀྱིས་དངོས་སུ་མཇལ་འཕྲད་གནང་སྟེ།   ཁོ་མོའི་ལས་དོན་ལ་བསྔགས་བརྗོད་གནང་བ་དང་འབྲེལ།  ཉེན་རྟོག་པ་དང་སྨན་པ་སོགས་ཀྱི་ཐད་སྐུ་ངལ་རིགས་བྱུང་ཚེ་ཁོང་ལ་འབྲེལ་བ་གནང་ཆོག་གི་རེད་ཅེས་ཞུས་ཡོད་པ་རེད་འདུག  ཚེ་རིང་སྒྲོལ་དཀར་ལགས་ཀྱིས་ངོ་དེབ་ཐོག་སྐུ་ཞབས་ཁོང་ནས་ཁོ་མོའི་ལས་དོན་ལ་བསྔགས་བརྗོད་གནང་བ་དེས་ཁོང་གིས་ད་དུང་མུ་མཐུད་སྤྱི་ཚོགས་ཞབས་ཞུ་སྒྲུབ་རྒྱུར་སེམས་ཤུགས་འཕར་མ་སྐྱེ་བཞིན་འདུག་ཅེས་གསུངས་འདུག་ལ།   ཁོང་གི་ཕྱག་ལས་ལ་ཆེ་བསྟོད་ཀྱིས་རོགས་སྐྱོར་གྱི་དངུལ་འབོར་བྱུང་བ་དེར་བོད་མི་མང་པོ་ཞིག་གིས་སྤྱི་ཚོགས་དྲ་ལམ་ཐོག་འཚམས་འདྲི་ཞུས་གནང་འདུག དེ་དོན་ཚེ་རིང་སྒྲོལ་དཀར་ལགས་ཀྱིས་༸དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷ་མཆོག་ལ་སྙན་གསེང་ཞུས་འདུག་པ་དང་།  དྲུང་ཆེ་མཆོག་གིས་སྐུ་ཞབས་ JM Balamurugan ལགས་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་ཏེ།  ང་ཚོས་ཚེ་རིང་སྒྲོལ་དཀར་ལགས་ཀྱི་སྤྱི་ཚོགས་ཞབས་ཞུའི་སྐོར་ལོ་མང་ནས་ཤེས་རྟོགས་ཡོད་པ་དང་།  ཁོ་མོས་སྨན་བཅོས་ཀྱི་དགོས་མཁོ་ཆེ་བ་ཚོར་རོགས་ཕན་གནང་ཕྱོགས་ནི་ཡིད་སྨོན་སྐྱེས་འོས་པ་ཞིག་ཡིན་པས།  ཁྱེད་རྣམ་པས་ཁོ་མོའི་ལས་དོན་ལ་རྒྱབ་སྐྱོར་གནང་བ་དེར་ཐུགས་རྗེ་ཆེ་ཞེས་གསུངས་གནང་འདུག རྩ་བའི་ཚེ་རིང་སྒྲོལ་དཀར་ལགས་ནས་ཅན་རྡི་གྷར་གྲོང་ཁྱེར་ནང་བོད་མི་གཙོས་ནད་པ་ཉམ་ཐག་ཚོར་སྨན་པ་བསྟེན་གཏུག་གནང་རྒྱུའི་དུས་ཚོད་སྒྲིག་རྒྱུ་དང་།  སྐད་སྒྱུར་གནང་རྒྱུ། དེ་བཞིན་ནད་ལས་དྲག་སྐྱེད་མ་ཕྱིན་བར་དུ་ནད་པར་གཟིགས་རྟོགས་སོགས་གནང་སྟེ་ད་བར་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཉེར་ནས་ལོ་ངོ་ ༢༠ ལྷག་འགྲོ་ཡི་ཡོད་པ་རེད།  ལྷག་པར་དེ་སྔོན་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ཐེམ་སྤངས་ཀྱི་བཀའ་རྒྱ་གཏོང་སྐབས་ཁོང་གིས་ཅན་རྡི་གྷར་ཕྱིར་བཞུགས་མཁན་ནད་པ་ཚོར་སྨན་སོགས་བཏང་བའི་ཐོག་གཉན་རིམས་ལ་ལྟོས་མེད་ནད་པར་རོགས་ཕན་གནང་གི་ཡོད་པ་རེད་འདུག      

རེས་གཟའ་ཟླ་བ། ༢༠༢༡།༠༨།༣༠

ཉན་པ།: Listen ཕབ་ལེན། Download དྭང་ཞབས་དམ་པ་ཉི་མ་བསྟན་འཛིན་ལགས་ཀྱི་རྗེས་དྲན་རྡོ་རིང་དབུ་འབྱེད། ཆབ་སྲིད་བཙོན་ཟུར་དོན་གྲུབ་རྡོ་རྗེ་ལགས་འདས་གྲོངས། སུད་སི་ཛུ་རིག་གྲོང་ཁྱེར་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་རྔམ་སྟོན་ལས་འགུལ་སྤེལ་བ། སྲིད་སྐྱོང་ཟུར་པས་ཕན་ཚུན་གུ་ཡངས་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་དཀའ་རྙོག་སེལ་དགོས་པའི་ཞུ་སྐུལ། དམིགས་བསལ་ལས་རིམ། བཙན་བྱོལ་ནང་དུ་བོད་གཞུང་བསྐྱར་གསོ་གནང་ཕྱོགས་སྐོར། Monday 30/08/2021 Memorial bust of SFF commando Nyima Tenzing unveiled Former political prisoner Dhundup Dorjee passes away No Beijing 2022: Cycle protest in Zurich Former Sikyong calls for urgent resolution to Parliament deadlock History Feature: Formation of Tibetan Government in Exile

དྭང་ཞབས་དམ་པ་ཉི་མ་བསྟན་འཛིན་ལགས་ཀྱི་རྗེས་དྲན་རྡོ་རིང་དབུ་འབྱེད།

དེ་རིང་སྔ་དྲོ་ཕྱག་ཚོད་དགུ་བའི་ཐོག   བཞུགས་སྒར་སྐོར་ལམ་གྱི་ལྷ་རྒྱལ་རིའི་ཁུལ་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྔར་ལོའི་དེ་རིང་གི་ཉིན་མོར། འཕགས་བོད་ས་མཚམས་ནས་རྒྱ་ནག་གི་མཐའ་དམག་ལ་ཕར་རྒོལ་གྱིས་རང་སྲོག་བློས་གཏོང་གནང་མཁན་གྱི་བོད་ཀྱི་དྭང་ཞབས་པ་ཉི་མ་བསྟན་འཛིན་ལགས་ཀྱི་རྗེས་དྲན་རྡོ་རིང་ཞིག་དབུ་འབྱེད་གནང་སོང་། གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བདུན་ཕྲག་སྔོན་མའི་ནང་དུ་ལ་དྭགས་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཐོག་མ་དེ་བསྐྱངས་ཏེ་ཁ་ས་རང་བཞུགས་སྒར་དུ་འབྱོར་མ་ཐག་ཡིན་པ་དང་། སྲིད་སྐྱོང་མཆོག་གིས་ཐེངས་འདིར་ལ་དྭགས་ནང་མཛད་རིམ་སྣ་མང་ཞིང་བསྐྱངས་པའི་ཁྲོད་དྭངས་ཞབས་པ་ཉི་མ་བསྟན་འཛིན་ལགས་དམ་པ་དེ་ཉིད་ཀྱི་ནང་མི་དང་མཇལ་འཕྲད་གནང་བ་མ་ཟད། ལ་དགས་ས་གནས་འཐུས་ཚོགས་ཀྱིས་མང་ཚོགས་ལས་ཞལ་འདེབས་བསྡུས་ཏེ་དྭང་ཞབས་དམ་པ་དེ་ཉིད་ལ་རྗེས་དྲན་གྱི་འདྲ་སྐུ་ཞིག་བཞེངས་ཡོད་པ་དེའང་དབུ་འབྱེད་གནང་ཡོད་པ་རེད།དེ་རིང་སྲིད་སྐྱོང་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ལྷ་རྒྱལ་རིར་དམ་པ་དེ་ཉིད་རྗེས་དྲན་གྱི་རྡོ་རིང་དབུ་འབྱེད་གནང་སྐབས་གསར་འགོད་པ་རྣམས་ལ་དེ་རིང་གི་དུས་ཚིགས་དང་བསྟུན། ཉི་མ་བསྟན་འཛིན་ལགས་གཅིག་པོ་མིན་པར། གནས་ཡུལ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་དུ་སྔོན་ཆད་ཕྱི་ལོ་ ༡༩༧༡ ལོར་བྷང་ལ་ཊི་ཞི་ (Bangladesh) བཅིངས་གྲོལ་གྱི་སྐབས་སུ་ཡང་བོད་དམག་གིས་ཚེ་སྲོག་བློས་གཏོང་གནང་ཡོད་པ་དང་། དེ་བཞིན་གྷར་ཀེལ་ (Kargil) གྱི་དམག་འཁྲུག་སྐབས་སུ་ཡང་བོད་དམག་གིས་རང་སྲོག་བློས་གཏོང་གནང་ཡོད་པ་དྲན་གསོ་དང་འབྲེལ། དེ་རིང་དཔའ་བོ་ཁོང་གི་མཚན་ཐོག་ནས་རང་སྲོག་བློས་གཏོང་གནང་མཁན་གྱི་བོད་དམག་རྣམས་ལ་རྗེས་དྲན་ཞུ་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་། གཞན་ཡང་སྲིད་སྐྱོང་མཆོག་གིས། སྔོན་ཆད་རྒྱ་གར་ནང་དུ་བོད་ཀྱི་དྭང་ཞབས་དམག་མིའི་སྐོར་ཡོངས་གྲགས་གནང་གི་མེད་ནའང་། ད་ཆ་རྒྱ་གར་གྱི་ནང་དུ་སྤྱི་ཚོགས་དྲ་ལམ་ཁག་ལ་བོད་ཀྱི་དྭང་ཞབས་དམག་མིའི་སྐོར་དེ་ཡོངས་གྲགས་ཆགས་ཚར་བ་ཞིག་ཡིན་སྐོར་དང་འབྲེལ་ནས། བོད་མིའི་སྒྲིག་འཛུགས་ཀྱིས་དྭང་ཞབས་དང་འབྲེལ་བའི་དམིགས་བསལ་གྱི་སྲིད་བྱུས་དེ་འདྲ་གང་ཡང་གོ་བསྡུར་གནང་མེད་ནའང་། ཐེངས་འདིའི་རྗེས་དྲན་རྡོ་རིང་དེ་བརྒྱུད་ནས་བོད་མི་རྣམས་ཀྱིས་ཀྱང་རྒྱ་གར་གྱི་བདེ་སྲུང་གི་གནས་བབ་དང་འབྲེལ་ནས་རང་སྲོག་བློས་གཏོང་གིས་རྒྱ་གར་གྱི་མཐའ་སྲུང་ལ་མཉམ་ཞུགས་དང་གདུང་སེམས་མཉམ་སྐྱེལ་ཡོད་པ་དེ་ཕྱིར་མངོན་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་། དེ་བཞིན་སྐབས་དེར་གསར་འགོད་པ་ཞིག་གིས་རྒྱ་གར་གྱི་མཐའ་སྲུང་གི་ནང་དུ་བོད་མི་ཡོད་པ་དང་། དེང་སྐབས་རྒྱ་ནག་གིས་ཀྱང་བོད་ཀྱི་མཐའ་མཚམས་སུ་ཆེད་དུ་བོད་མི་རྣམས་ལ་དམག་སྦྱོང་སྤྲད་ནས་མཐའ་སྲུང་དུ་གཏོང་གི་ཡོད་པ་དང་འབྲེལ་ནས་ཕྱོགས་གཉིས་ཀྱི་བོད་དམག་གི་བར་ལ་དམར་འཛིང་གི་གནས་བབ་ཡོང་གི་ཡོད་པའི་གནས་བབ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་གནས་བབ་དེའི་ཐོག་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན་པར་བཀའ་གནང་བ་དང་སྦྲགས། གཞི་རྩའི་རྒྱ་ནག་གིས་རྒྱ་གར་གྱི་མཐའ་སྲུང་གི་ནང་དུ་བོད་དམག་ཡོད་པ་ཤེས་དུས་ཆེད་དུ་བོད་དམག་མཐའ་སྲུང་དུ་གཏོང་གི་ཡོད་པར་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གིས་བོད་མི་རྣམས་ལ་ཡིད་ཆེས་རྩ་བ་ཉིད་ནས་མེད་སྐོར་འགྲེལ་བརྗོད་གནང་སོང་། རྒྱ་གར་གྱི་དཔོན་རིགས་ནང་དུ་བོད་པའི་གསང་བའི་དམག་སྒར་གྱི་གནད་དོན་དེར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། གསར་ཁང་ཁག་གིས་ཀྱང་བོད་མི་བཙན་བྱོལ་བ་རྣམས་ཀྱི་འདས་མ་ད་གསུམ་ལ་གླེང་སློང་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་པ་རེད་འདུགགཞི་རྩའི་སྔར་ལོའི་ནང་ལ་དྭགས་སུ་ཆགས་པའི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་དམག་དབར་གདོང་ཐུག་རིམ་པ་བྱུང་བའི་ཁྲོད། ཟླ་བ་ ༨ པའི་ཚེས་ ༣༠ ཉིན་བོད་པའི་དྭང་ཞབས་དམག་མིས་ས་མཚམས་སུ་ས་ཁམས་མྱུལ་ཞིབ་གནང་སྐབས་དེ་སྔ་ས་འོག་ཏུ་བཞག་པའི་འབར་རྫས་ཤིག་གས་འཐོར་བྱུང་ནས་དྭང་སློབ་རུ་ཤོག་ཨང་བདུན་པའི་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་གི་ཕྱག་རོག་བསྟན་འཛིན་བློ་ལྡན་ལགས་སུ་རྨས་སྐྱོན་ཚབ་ཆེ་ཕོག་ཡོད་པ་རེད། དྭངས་ཞབས་པ་འདས་པོ་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གྱི་ཉིན་མོར་རྒྱ་གར་གཞུང་འཛིན་ཚོགས་པ་ BJP རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ Ram Madhav ལགས་ཀྱིས་གཙོས་པའི་ལ་དྭགས་གླེའི་ཉེན་རྟོག་རུ་དཔོན། གྲོས་ཚོགས་འཐུས་མི་དང་ལ་དྭགས་ཁུལ་གྱི་གནད་ཡོད་དཔོན་རིགས་ཆེད་ཕེབས་ཀྱིས་དམ་པ་དེ་ཉིད་ལ་ཆེ་བསྟོད་ཀྱི་རྣམ་པ་མངོན་གསལ་གནང་བ་མ་ཟད། རྒྱ་གར་གྱི་དཔོན་རིགས་ནང་དུ་བོད་པའི་གསང་བའི་དམག་སྒར་གྱི་གནད་དོན་དེར་དོ་སྣང་བྱེད་མཁན་ཇེ་མང་དང་། རྒྱ་གར་གྱི་སྤྱི་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཐོག་དེ་སྔ་གསང་རྒྱ་དམ་པོར་བྱས་ཡོད་པའི་བོད་ཀྱི་དྭང་ཞབས་དམག་མིའི་སྐོར་ལ་གླེང་སློང་བྱེད་མཁན་མང་དུ་ཕྱིན་ཡོད་པ་རེད།

ཆབ་སྲིད་བཙོན་ཟུར་དོན་གྲུབ་རྡོ་རྗེ་ལགས་འདས་གྲོངས།

བོད་ཀྱི་རྒྱལ་ས་ལྷ་སའི་ལྷ་ཀླུ་ཁུལ་དུ་བཅའ་བཞུགས་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་རྡོ་རྗེ་ལགས་ཉེ་ཆར་ཟླ་བ་འདིའི་ཚེས་ ༢༥ ཉིན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དམ་པ་ཁོང་འདས་གྲོངས་སུ་གྱུར་བའི་རྒྱུ་རྐྱེན་གང་ཡིན་ཁ་གསལ་ཞིག་ཤེས་རྟོགས་དཀའ་ནའང་། འབྲེལ་ཡོད་ཅིག་གིས་ཁོང་གི་ཞབས་ལ་རྨས་སྐྱོན་ཕོག་སྐོར་གསུངས་ཡོད། ཉེ་ཆར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་སྐུ་ཞབས་དོན་གྲུབ་རྡོ་རྗེ་ལགས་ནི་ད་ལྟ་དགུང་ལོ་  ༧༤ ཡིན་པ་དང་བོད་ཀྱི་རྒྱལ་ས་ལྷ་སའི་ལྷ་ཀླུ་ས་ཁུལ་ནས་ཡིན་ཞིང་། ཁོང་དེ་སྔ་རྒྱ་ནག་གི་མིན་ཛུ་མི་རིགས་སློབ་གྲྭ་ཆེ་མོ་ནས་བསླབ་པ་མཐར་སོན་རྗེས་ཕྱི་ལོ་ ༡༩༨༩ ལོ་ནས་ལྷ་ས་ཁུལ་གནམ་གཤིས་ལས་ཁུངས་ནང་ལས་ཞུགས་གནང་བ། དེ་བཞིན་ ༡༩༩༡ ལོར་བོད་ནག་ཆུ་ཁུལ་གྱི་གནམ་གཤིས་ལས་ཁུངས་ཀྱི་འགན་འཛིན་གཞོན་པར་བསྐོ་གཞག་བྱུང་འདུག གཞི་རྩའི་དོན་གྲུབ་རྡོ་རྗེ་ལགས་དམ་པ་དེ་ཉིད་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཞིག་ཡིན་ཀྱང་། བོད་མི་མང་ཚོགས་ཀྱི་ཐོབ་ཐང་ཐད་ལ་ཞལ་གསང་གནང་མཁན་ཞིག་ཡིན་པ་ལྟར་ཁོང་གིས་བོད་མིར་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པར་གསུངས་པ་དང་འབྲེལ་ཏེ་ཕྱི་ལོ་ ༡༩༧༡ ལོར་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ནག་ཉེས་འོག་འཛིན་བཟུང་ཆེས་ཐོག་མ་དེ་བྱས་ནས་ ལོ་བཅུའི་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག དེ་རྗེས་སླར་ཕྱི་ལོ་ ༡༩༩༢ ལོའི་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་དོན་གྲུབ་རྡེ་རྗེ་ལགས་བོད་མི་གཞན་ཞིག་དང་མཉམ་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ལོ་དེའི་ཕྱི་ཟླ་ ༧ ཚེས་ ༢༣ ཉིན་ཁོང་ལ་ལོ་བཞིའི་བཙོན་འཇུག་དང་ལོ་གཉིས་རིང་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་ཉེས་ཆད་བཏང་ཡོད་པ་དེ་ལྟར་ནའང་། དེ་རྗེས་ལྷ་ས་ཁུལ་གྱི་དགུ་རྩ་དང་སི་ཐོ་རུ་དོ་དམ་བཀག་ཉར་ཁང་གིས་ལོ་གཉིས་དང་ཟླ་བ་བརྒྱད་རིང་བཙོན་འཇུག་བྱས་མཐར་ཕྱི་ལོ་ ༡༩༩༥ ཕྱི་ཟླ་ ༡ ཚེས་ ༡༨ ཉིན་བཙོན་གྲོལ་བཏང་ཡོད་པ་རེད། དོན་གྲུབ་རྡེ་རྗོ་ལགས་ཀྱི་ངོས་ནས་བཙོན་གྲོལ་ཐོབ་རྗེས་རང་ཉིད་ཀྱི་དེ་སྔའི་ལས་གནས་དེ་བསྐྱར་གསོ་འབྱུང་ཐབས་ཐོག་འབད་རྩོན་བསྟུད་མར་གནང་ཡང་། ཆབ་སྲིད་ཀྱི་ནག་ཉེས་མིང་ཕོག་པའི་རྐྱེན་གྱིས་ལྡུམ་རར་མེ་ཏོག་འདེབས་ལས་ཀྱི་ལས་ཀ་མ་གཏོགས་རག་མེད་པའི་ཁར་ཕྱི་ལོ་ ༡༩༩༦ ལོར་ལས་གནས་དེ་ནས་གནས་ཕྱིར་འབུད་བཏང་སྟབས་ཨར་ལས་གཉེར་དགོས་བྱུང་ཡོད་པ་རེད། དམར་ཤོག་ཚོགས་པའི་ཚོགས་མི་དང་ལས་གནས་མཐོ་པའི་ཁེ་དབང་བློས་བཏང་གནང་སྟེ་མི་ཚེ་ཧྲིལ་པོ་དཀའ་སྡུག་ཆེན་པོའི་འོག་བསྐྱེལ་དགོས་བྱུང་ཡོད་པ་རེད། དོན་གྲུབ་རྡོ་རྗེ་ལགས་ཀྱི་ཤུ་ལུས་ནང་མིའི་ཁོངས་སུ་བོད་ནང་ཁོང་གི་སྐུ་ཟླ་དང་བུ་མོ་གཅིག་ཡོད་པ་དང་། བོུ་གཞན་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་བཙོན་ཟུར་གཞིས་སྤོ་ལས་གཞིའི་ཁོངས་ནས་ཨོ་སི་ཊོ་ལི་ཡར་ཕེབས་ཡོད་པ་རེད།

སུད་སི་ཛུ་རིག་གྲོང་ཁྱེར་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་རྔམ་སྟོན་ལས་འགུལ་སྤེལ།

སུད་སི་ནང་གནས་སྡོད་བོད་མི་ཚོས་ད་བར་བོད་ཕྱི་ནང་གཉིས་ཀྱིས་བོད་དོན་ཆེད་སྐུ་ལུས་ཞུགས་འབུལ་གནང་མཁན་རྒྱལ་གཅེས་པ་ཡོངས་ཀྱི་བློས་བཏང་ལ་མྱ་ངན་གུས་བཏུད་ཀྱི་རྗེས་དྲན་ཞུས་ཏེ་ཛུ་རིག་གྲོང་ཁྱེར་ནང་དུ་གདུང་ཤུགས་ཀྱིས་བོད་དོན་རྐང་འཁོར་སྐྱོད་དང་ཞི་བའི་སྐད་འབོད་ཀྱི་རྔམ་སྟོན་ལས་འགུལ་སྤེལ་ཡོད་པ་རེད། ད་ལན་བོད་དོན་གདུང་ཤུགས་གཅིག་སྒྲིལ་གྱིས་རྐར་འཁོར་སྐྱོད་ཀྱི་ལས་འགུལ་སྤེལ་བ་དེ་ནི་འདི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག་གནང་སྟེ་ཕྱི་ཟླ་ ༨ ཚེས་ ༢༨ རེས་གཟའ་སྤེན་པ་ཉིན་ཛུ་རིག་གྲེང་ཁྱེར་གྱི་ Werdmühleplatz  ནས་དབུ་འཛུགས་ཀྱིས་ཛུ་རིག་གྲོང་ཁྱེར་གྱི་སྙན་གྲགས་ཆེ་བའི་ Bahnhofstrasse གཞུང་ལམ་བརྒྱུད་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་བར་གནང་ཡོད་པ་དང། སྐབས་དེར་ལས་འགུལ་བ་རྣམས་ཀྱིས་ད་བར་བོད་ཕྱི་ནང་གཉིས་སུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་ཞུགས་འབུལ་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་བློས་བཏང་ལ་ཆེ་བསྟོད་དང་རྗེས་དྲན་མཚོན་ཕྱིར་བོད་མི་རྐང་འཁོར་བ་རྒན་གཞོན་དར་གསུམ་བཅས་ ༡༦༠ ལྷག་གིས་སྟོད་གོས་དཀར་པོའི་མདུན་ངོས་སུ་རྒྱལ་གཅེས་པ་རྣམ་པའི་སྐུ་པར་དང་རྒྱབ་ངོས་སུ་ཁོང་རྣམ་པའི་ལོ་རྒྱུས་ཆེད་བཀོད་གནང་ཐོག་བོད་ལ་རང་དབང་དགོས། བོད་མིར་དྲང་བདེན་དགོས། བོད་དེ་བོད་མིའི་རེད། ངོ་ཚ་ཁྲེལ་གཞུང་མེད་པའི་རྒྱ་ནག་དམར་པོའི་གཞུང་ཞེས་སོགས་ཀྱི་སྐད་འབོད་རྔམ་སྟོན་གནང་ཡོད་པ་རེད། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཀྱིས་བོད་མིའི་རྐང་འཁོར་སྐྱོད་ཀྱི་ལས་འགུལ་དེར་ས་གནས་མང་ཚོགས་ཁྲོད་ནས་དོ་སྣང་གི་རྣམ་པ་ཆེས་ཆེར་མངོན་གསལ་གནང་མཁན་མང་དག་ཅིག་བྱུང་ཡོད་པར་འགྲེལ་བརྗོད་གནང་ཡོད། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ངོས་ནས་ལོ་རྗེས་མར་རྒྱ་ནག་པེ་ཅིང་དུ་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་དམིགས་ཏེ་ས་གནས་སུ་བོད་ནང་གི་དངོས་ཡོད་གནས་སྟངས་ཀྱི་གོ་རྟོགས་སྤེལ་ཕྱིར་ཟླ་རེར་རྣམ་པ་འདྲ་མིན་གྱི་ཐོག་ནས་བོད་དོན་ལས་འགུལ་སྤེལ་རྒྱུའི་ལས་འཆར་ཞིག་ཟླ་བ་སྔོན་མ་ནས་དབུ་འཛུགས་གནང་བ་ལྟར་ད་ལན་གྱི་རྐར་འཁོར་སྐྱོད་ཀྱི་ལས་འགུལ་དེ་ལས་འཆར་དེའི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་རེད།ཐེངས་འདིའི་རྐང་འཁོར་སྐྱོད་ཀྱི་ལས་འགུལ་ནང་ཁྱབ་ཁོངས་ཀྱི་ཚོགས་ཆུང་ཁག་གིས་གཙོས་པའི་ས་གནས་བེུད་དང་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས། སུད་བོད་མཛའ་འབྲེལ་ཚོགས་པ་བཅས་ནས་མཉམ་ཞུགས་གནང་ཡོད། དེ་བཞིན་བོད་མི་རྐང་འཁོར་བ་ཚོས་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་སྐད་འབོད་ཀྱི་ལས་འགུལ་སྤེལ་གྲུབ་མཚམས་སུ་སྙན་གྲགས་ཆེ་བའི་ཛུ་རིག་གྲོང་ཁྱེར་གྱི་ Bahnhofstrasse གཞུང་ལམ་བརྒྱུད་ Werdmühleplatz ལ་བསྐྱར་་ཕེབས་གནང་སྟེ། རྐང་འཁོར་བ་རྣམས་འདུ་འཛོམས་ཀྱིས་བོད་དོན་ཆེད་སྐུ་ལུས་ཞུགས་འབུལ་གནང་མཁན་ཡོངས་ལ་བསྔོ་སྨོན་གསུང་འདོན་གནང་བ་དང་། ལས་འགུལ་ཁྲོད་ས་གནས་མང་ཚོགས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་སོགས་དང་འབྲེལ་བའི་གོ་རྟོགས་སྤེལ་སླད་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གཙོས་ས་གནས་སུ་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་ཁག་མཉམ་རུབ་ཀྱིས་ཉིན་དེའི་ལས་འགུལ་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད་པ་རེད།

ཕན་ཚུན་དབར་གུ་ཡངས་ཐོག་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་དཀའ་རྙོག་སེལ་དགོས་པའི་གཞེན་སྐུལ་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་གིས་བདམས་ཐོན་སྤྱི་འཐུས་རྣམས་ལྷན་འཛོམས་ཀྱིས་སྡིངས་ཆ་གཅིག་གི་ཐོག་ནས་ཕན་ཚུན་དབར་གུ་ཡངས་དང་མོས་མཐུན་གྱིས་མདུན་སྐྱོད་གནང་རོགས་ཞེས་འབོད་སྐུལ་ཞུས་འདུགདེའང་ཟླ་བ་འདིའི་ཚེས་ ༢༧  ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་ཟུར་ཡོངས་ལ་ཐུགས་རྗེ་ལེགས་གསོལ་གཟེངས་རྟགས་འདུ་འཛོམས་ཞེས་པའི་ལས་རིམ་ཞིག་ཚོགས་འདུག་པ་དང་། དེའི་ཐོག་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིའི་ལས་རིམ་གོ་སྒྲིག་གནང་མཁན་གཙོས་ཚོགས་བཅར་བ་མང་ཚོགས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཉེ་ལམ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམ་པའི་དབར་དམ་འབུལ་ཞུ་ཕྱོགས་དང་འབྲེལ་བའི་དཀའ་རྙོག་དེ་སེལ་དགོས་པའི་ཕྱག་བྲིས་ཤིག་ཕུལ་ཡོད་པའི་གནད་དོན་ལས་འཕྲོས་ཏེ། སྐབས་བཅོ་ལྔ་པའི་བཀའ་ཤག་གི་ངོས་ནས་སྐབས་བཅུ་དྲུག་པའི་གྲོས་ཚོགས་འཕར་མ་འཚོགས་རྒྱུ་ཐད་འབད་བརྩོན་གང་ཡོང་གནང་ཡོད་པ་དང་། གྲོས་ཚོགས་འཕར་མ་དེའི་ནང་གཙོ་བོ་དམ་བཅའ་འབུལ་ཞུ་ཕྱོགས་ཀྱི་ལམ་ལུགས་ཐོག་ཐག་གཅོད་གནང་ཚེ་སྲིད་སྐྱོང་གསར་པ་ཕེབས་སྐབས་དམ་བཅའ་འབུལ་རྒྱུའི་ལམ་ལུགས་གཙང་མ་ཞིག་ཡོང་རྒྱུ་མ་ཟད། བདམས་ཐོན་སྤྱི་འཐུས་རྣམ་པས་དམ་བཅའ་འབུལ་རྒྱུའི་ལམ་ལུགས་གསར་པ་ཞིག་གཏན་འབེབས་ཐུབ་རྒྱུ་ཡིན་སྐོར་གསུངས་ཡོད་ཀྱང་སྤྱི་འཐུས་རྒྱུན་ལས་མི་ཉུང་བ་ཞིག་གིས་དེར་དགག་པ་གནང་སྟེ་མཐར་གྲོས་ཚོགས་འཕར་མ་འཚོགས་ཐུབ་མེད་སྟབས་ད་བར་དཀའ་ངལ་དེ་སེལ་མ་ཐུབ་པར་གནས་སྟངས་དེ་མུར་ལྷག་ཡོད་པར་གསུངས་འདུག སྲིད་སྐྱོང་མཆོག་གིས་གང་ལྟར་ད་ལྟའི་དཀའ་རྙོག་དེ་སེལ་ཐབས་སུ་བདམས་ཐོན་སྤྱི་འཐུས་རྣམ་པ་ཐེངས་གཅིག་ལྷན་འཛོམས་ཏེ་ཕན་ཚུན་དབར་གུ་ཡངས་དང་གུས་ཞབས་གནང་བའི་ཐོག་ནས་བགྲོ་གླེང་གིས་མོས་མཐུན་ཡོད་པའི་ཐག་གཅོད་གཅིག་གི་ཐོག་མདུན་སྐྱོད་གནང་ཐུབ་ཚེ་ཚང་མ་ཞི་འཇགས་ཡོང་རྒྱུ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་མཛད་པའི་མང་གཙོའི་ལམ་ལུགས་ཡང་དག་པའི་སྒྲིག་འཛུགས་འདི་རྒྱལ་ཁབ་གཞན་དང་མི་འདྲ་བ་ཞིག་ཡོང་ངེས་ཡིན་པར་གསུངས་ཡོད། རྩ་བའི་འདི་ལོའི་ཕྱི་ཟླ་ ༣  ནང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་གི་ཐོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ ནང་གསེས་ ༤ པའི་དགོངས་དོན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་དུས་གཅིག་ལ་འཕོ་འགྱུར་བཏང་བའི་རྐྱེན་གྱིས་སྤྱི་ཚོགས་ནང་གླེང་སློང་མང་དག་ཅིག་བྱུང་ཡོད་པ་དང་དེའི་ཁྲོད་སྐབས་དེའི་བཀའ་ཤག་སྐབས་བཅོ་ལྔ་པའི་ངོས་ནས་གནད་དོན་དེའི་ཐད་འགྲེལ་བརྗོད་གང་ཡང་མ་གནང་བར་སེམས་འཚབ་ཀྱི་ཐོག་ནས་དགོངས་ཚུལ་གསུང་མཁན་ཡང་བྱུང་ཡོད་པ་རེད།སྐབས་ ༡༧ པའི་གྲོས་ཚོགས་འཚོགས་མ་ཐུབ་པའི་དཀའ་ངལ་འདི་དང་འབྲེལ་དེ་རིང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་ཐོག་ཏུ་དཀའ་རྙོག་དང་རྩོད་གཞི་ཅི་འདྲ་ཞིག་ཡིན་རུང་འདུམ་འགྲིག་ཡོང་ཐབས་སུ་ཕྱོགས་ཚང་མའི་ངོས་ནས་བློས་བཏང་དང་གུ་ཡངས་ངེས་ཅན་ཞིག་གནང་དགོས་པ་སྨྲོས་མེད་ཡིན་པ་དང་། ཐེངས་འདིའི་དཀའ་རྙོག་ཁྲོད་དུ་ཕྱོགས་གང་གིས་ཀྱང་རང་ཉིད་ཁོ་ན་བཅའ་ཁྲིམས་སྲུང་མཁན་ཡིན་པའི་འུར་ཤོབ་གནང་བ་ནི་དོན་དངོས་དང་མཐུན་པ་ཞིག་རྩ་བ་ནས་མིན་པར་ཤོག་ཁག་ཚང་མའི་སྟེང་ལ་བཅའ་ཁྲིམས་དང་འགལ་བའི་ཆ་སྟོན་རྒྱུ་ཡོད་སྟབས་ཕྱོགས་ཚང་མས་རང་རང་གི་ཁོར་ཡུག་དང་ཁེངས་པ། ལངས་ཕྱོགས་སོགས་རེ་ཞིག་ཟུར་དུ་བསྐྱུར་ན་དཀའ་རྙོག་དེ་སེལ་རྒྱུའི་ཐབས་ལམ་ཡོད་པ་སོགས་གསུངས་པ་དང་སྦྲགས། དཀའ་རྙོག་འདི་གསལ་ཐབས་སུ་ཐོག་མར་བདམས་ཐོན་སྤྱི་འཐུས་ཡོངས་ནས་ཡང་བསྐྱར་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་རྒྱུ་དང་། དེའི་རྗེས་སུ་དབུས་འོས་བསྡུ་ལས་ཁང་གིས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུ་དང་བདམས་ཐོན་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀས་ཁྲིམས་ཞིབ་པ་རྒན་པའི་མདུན་ནས་དམ་འབུལ་ཞུ་རྒྱུ། དམ་འབུལ་གྱི་མཛད་རིམ་དེ་དག་གྲུབ་མཚམས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་པོ་རང་འགུལ་གྱིས་དགོངས་ཞུ་གནང་དགོས་པའི་ཐབས་ལམ་གསུངས་འདུགད་དུང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་ངོས་ནས་བཀའ་བློན་བསྐོ་གཞག་གྲུབ་མཚམས་སུ་བཅའ་ཁྲིམས་ནང་གི་ཀ་བ་གསུམ་པོའི་འགན་དབང་དང་འབྲེལ་བའི་དོན་ཚན་ཁག་གསལ་ཆ་དོད་པོ་དང་སྲ་བརྟན་ཡོང་ཐབས་སུ་ཤུགས་སྣོན་རྒྱག་དགོས་པ་དང་བཅའ་ཁྲིམས་སུ་རྩོད་རྙོག་འདུམ་འགྲིག་དང་འབྲེལ་བའི་དོན་ཚན་གསར་སྣོན་གནང་ཐུབ་ཚེ་མ་འོངས་པར་དཀའ་ངལ་འདི་རིགས་འགོག་པར་ཕན་ཐོགས་འབྱུང་ངེས་ཡིན་པའི་དགོངས་ཚུལ་ཡང་གསུངས་འདུག ཐེངས་འདིའི་དཀའ་རྙོག་འདི་ད་ལྟའང་སེལ་ཐབས་མ་རྙེད་པ་ནི་གཙོ་བོ་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་མ་ཐུབ་པའི་དབང་གིས་ཡིན་པ་དང་། དཀའ་རྙོག་འདི་སེལ་ཐབས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྒན་པ་དང་འཛིན་སྐྱོང་གི་དབུ་ཁྲིད་སྲིད་སྐྱོང་གཉིས་ལ་འགན་ཆེ་ཤོས་ཡོད་པ་སོགས་གསུངས་འདུག

Latest news