Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2021

རེས་གཟའ་ཉི་མ། ༢༠༢༡།༡༠།༣༡

ཉན་པ།: Listen ཕབ་ལེན། Download བོད་དང་ཧཱི་མ་ལ་ཡ། ལོ་ཙཱ་བ།རོ་ཤཱན་ལཱལ་ནེ་གི་ལགས་དང་ལྷན་བོད་དང་ཁུ་ནུའི་དབར་གྱི་འབྲེལ་བའི་སྐོར་གླེང་མོལ། Sunday 31/10/2021 Tibet and the Himalayas: Acharya Roshan Lal Negi on relations with Tibet and Kinnaur

རེས་གཟའ་སྤེན་པ། ༢༠༢༡།༡༠།༣༠

ཉན་པ།: Listen ཕབ་ལེན། Download བོད་མཐོ་སྒང་དང་ COP 26 ཐོག་གླེང་མོལ། Saturday 30/10/2021 Climate Change Crisis: Tibet at COP26

ཚེ་རིང་བྱམས་པ་ལགས་ལ་ནི་ཐར་ལན་ཌི་རྒྱལ་ཁབ་ཀྱི་ཆེ་བསྟོད་གཟེངས་རྟགས་ཐོབ་པ།

ཡུ་རོབ་རྒྱལ་ཁབ་ Netherlands ནང་དུ་བཅའ་བཞུགས་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལག་བསྟར་འགན་འཛིན་ཚེ་རིང་བྱམས་པ་ལགས་ཀྱིས་མི་ལོ་ ༢༢ རིང་ཚོགས་པ་དེའི་ནང་དུ་ཕྱག་ལས་གནང་རྗེས་རྒས་ཡོལ་དུ་ཕེབས་པ་དང་བསྟུན། དེ་རིང་ཁོང་གི་ཆེད་དུ་ལས་འཁྱུར་མཛད་སྒོ་ཞིག་གོ་སྒྲིག་གནང་སྟེ་ Netherlands ཁུལ་གྱི་ Utrecht  གྲོང་ཁྱེར་སྤྱི་ཁྱབ་པ་ Sharon Dijksma ལགས་ཀྱིས་ཁོང་ལ་ Orange-Nassau ཞེས་པའི་ཡུལ་དེའི་ཆེ་བསྟོད་གཟེངས་རྟགས་ཤིག་འབུལ་ལམ་གནང་ཡོད་པ་རེད།དེ་རིང་ཡུལ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མཛད་སྒོ་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བར་དེ་རིང་ཉིན་རྒྱབ་ཕྱག་ཚོད་གསུམ་པའི་ཐོག་ཚེ་རིང་བྱམས་པ་ལགས་ཀྱི་ལས་འཁྱུར་དང་འབྲེལ་ཏེ་གོ་སྒྲིག་གནང་བའི་མཛད་སྒོར་ཁོང་ལ་ཡུལ་དེའི་སྙན་སྒྲགས་ཆེ་བའི་ཆེ་བསྟོད་གཟེངས་རྟགས་དེ་འབུལ་ལམ་གནང་རྒྱུ་ཡིན་པར་ཡོངས་གྲགས་གནང་བ་དང་ཆབས་ཅིག་ཏུ་ཆེ་མཐོང་ལྡན་པའི་གཟེངས་རྟགས་དེ་བོད་མི་ཞིག་ལ་ཐོབ་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད།ཚེ་རིང་བྱམས་པ་ལགས་ཀྱི་ཚབ་ཏུ་བསྐོ་གཞག་གནང་བའི་འགན་འཛིན་གསར་པ་བཀྲས་མཐོང་དབང་བོ་ལགས་ཀྱིས་ཚེ་རིང་བྱམས་པ་ལགས་ཀྱིས་བོད་མི་མང་ལ་ལོ་མང་རིང་ཞབས་འདེགས་ཞུས་པ་དང་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་སྐབས་འཚེ་མེད་ཞི་བའི་ཐབས་ལ་འབད་བརྩོན་གནང་བར་ཡུལ་དེའི་གཞུང་མང་གཉིས་ནས་དེ་ལྟར་ངོས་འཛིན་གནང་བར་དགའ་ཚོར་བྱུང་སྐོར་འགྲེལ་བརྗོད་གནང་འདུགརྩ་བའི་ཚེ་རིང་བྱམས་པ་ལགས་ཀྱིས་ཕྱི་ལོ་ ༡༩༨༩ ལོར་ནི་ཐར་ལན་ཌི་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་གསར་འཛུགས་གནང་སྟེ་དུས་ད་ལྟ་བར་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་པར་མ་ཟད། ༡༩༩༡ ནས་ ༩༨ བར་ UNPO ཞེས་རྒྱལ་ཚོགས་ནང་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པའི་ནང་ཕྱག་ལས་གནང་སྟེ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་དང་སྤྱི་ཁྱབ་དྲུང་ཆེའི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། དེ་རྗེས་ཕྱི་ལོ་ ༡༩༩༩ ལོ་ནས་ད་བར་ཁོང་གིས་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལག་བསྟར་འགན་འཛིན་གྱི་ཕྱག་ལས་གནང་ཡོད་པ་ལྟར་ཡུ་རོབ་ཁུལ་དུ་བོད་དོན་རྒྱབ་སྐྱོར་གྱི་གནས་སྟངས་དང་ལས་འགུལ་ཁྲོད་ལོ་ངོ་ ༣༠ ལྷག་གི་རིང་ཐུགས་འགན་ཆེན་པོ་བཞེས་མྱོང་མཁན་དང་ཐུགས་རྒྱུས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་རེད།འདི་ལོའི་ཕྱི་ཟླ་ ༧ པ་ནང་དུ་ཁོང་རྒས་ཡོལ་དུ་ཕེབས་རྒྱུར་ཐུགས་གཏན་ཁེལ་སྐབས་སུ་གསར་འགོད་པས་ཁོང་ལ་བཅར་འདྲི་ཞུས་པར་ཁོང་གིས་ད་ལྟའི་འགན་འཛིན་གསར་པ་བཀྲས་མཐོང་དབང་པོ་ལགས་ནས་བོད་དོན་ཕྱག་ལས་དང་ཆོད་སེམས་བརྟན་པོ་ཡོད་མཁན་ཞིག་ཡིན་སྟབས་ཁོང་ལ་ལས་འགན་རྩིས་སྤྲོད་གནང་རྒྱུར་བློ་བདེ་པོ་ཡོད་པ་དང་། ཁོང་ཐོག་མར་ཡུ་རོབ་ནང་དུ་ཕེབས་སྐབས་སུ་བོད་མི་བཙན་བྱོལ་བ་ཞིག་ཡིན་པའི་འདུ་བཞེས་ཐོག་ནས་ད་བར་ཕྱག་ལས་གནང་རྒྱུའི་སེམས་ཤུགས་བརྟན་པོ་གནས་ཡོད་པ་ལྟར་མ་འོངས་པར་སེམས་ཤུགས་དེ་ག་རང་གི་ཐོག་ནས་གནང་ངེས་ཡིན་པར་གསུངས་ཡོད།

རེས་གཟའ་པ་སངས། ༢༠༢༡།༡༠།༢༩

ཉན་པ།: Listen ཕབ་ལེན། Download བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་གནད་འགག་ཅིག་ཏུ་གྱུར་ཡོད། རྒྱ་ནག་གོ་ལའི་འགོ་ཁྲིད་ཅིག་ཆགས་འདོད་ཚེ་རྒྱལ་སྤྱིའི་ཁྲོད་ཡིད་ཆེས་འཕེལ་བ་ཞིག་བྱེད་དགོས། རོལ་དབྱངས་འདུ་འཛོམས་བརྒྱུད་བོད་དོན་གོ་རྟོགས་དང་རྒྱབ་སྐྱོར་འཚོལ་སྒྲུབ། ཀོང་པོ་རྫ་ཡུལ་རྫོང་ཁོངས་སུ་མེ་སྐྱོན་བྱུང་ནས་བོད་མི་ཁག་ཅིག་གནས་སྤོར། ཚེ་རིང་བྱམས་པ་ལགས་སུ་ནི་ཐར་ལན་ཌི་རྒྱལ་ཁབ་ཀྱི་ཆེ་བསྟོད་གཟེངས་རྟགས་ཐོབ་པ། སློབ་དེབ་བློ་གསལ་མགུལ་རྒྱན་གྱི་འཕྲུལ་དེབ་དབུ་འབྱེད། དམིགས་བསལ་ལས་རིམ། ཁྱིམ་གྱི་དྲག་སྤྱོད་སྐོར། Friday 29/10/2021 COP26: Dalai Lama urges more attention to preservation of Tibet’s ecology China should make itself more trusworthy If it wishes to become world leader: Sikyong at IPAC Tibet concert in Prague, proceedings to support walk the Himalayas campaign Fire in Kongpo Zayul, displaces local Tibetans Tibetan Activist Tsering Jampa receives Netherlands prestigious Orange Nassau award Diaspora Feature: Domestic Violence in Tibetan community

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་གནད་འགག་ཅིག་ཏུ་གྱུར་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་མ་འོངས་པའི་གནས་བབ་ང་ཚོའི་ལག་པར་ཡོད་པར་མ་ཟད་ལྷག་པར་དུ་ས་བབས་དང་ཁོར་ཡུག་གི་གནད་འགག་ཏུ་གྱུར་བ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་འགག་རྩ་ཞིག་ཏུ་གྱུར་ཡོད་ཅེས་བཀའ་སྩལ་འདུགགནངས་ཉིན་ཕྱི་ཚེས་ ༣༡ ནས་ཕྱི་ཟླ་ ༡༡ ཚེས  ༡༢ བར་ཡུ་རོབ་དབྱིན་ཡུལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པ་ Scotland ཡི་གྲོང་ཁྱེར་ Glasgow ནང་དུ་ COP26 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཚོགས་འདུ་ཐེངས་ཀོབ་༢༦ COP26 འཚོགས་འཆར་ཡོད་པ་དང་བསྟུན་དེ་རིང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུ་དང་འབྲེལ་ནས་སྩལ་བའི་གསུང་འཕྲིན་ཞིག་སྤེལ་བར་མགོན་པོ་༸གང་ཉིད་མཆོག་གིས་གོ་ལའི་ཚ་དྲོད་འཕེལ་བ་འདི་གནས་ཚུལ་ཛ་དྲག་ཅིག་ཡིན་པས་ང་ཚོས་དེར་དོ་སྣང་ཆེ་ཙམ་བྱེད་དགོས་པ་དང་། དུས་ཚོད་ནི་ནམ་ཡང་རང་སོར་མི་སྡོད་པ་དང་། ང་ཚོ་ཡང་རང་བཞིན་གྱིས་དེའི་ཆ་ཤས་སུ་གཏོགས་པ་ཞིག་ཡིན་སྟབས། འདས་ཟིན་པའི་དུས་ཚོད་དེ་དག་ནས་བློ་སྐྱེད་བླངས་ཏེ་ང་ཚོའི་ལག་ཏུ་ཡོད་པའི་མ་འོངས་འཛམ་གླིང་འདི་འགྱུར་འགྲོས་ཐོག་ལ་དགོངས་པ་བཞེས་དགོས་པར་བཀའ་སྩལ་འདུགང་ཚོའི་ཀུན་སྤྱོད་ལ་འགྱུར་བ་བཏང་སྟེ་ཨོ་ཛོན་མཁའ་རླུང་རིམ་པ་ལ་ཉམས་ཆག་གཏོང་ཚབས་ཆུང་དུ་གཏང་དགོས་པ་དང་། དེ་ཡང་འཛམ་བུ་གླིང་འདི་ང་ཚོ་ཚང་མར་བདག་པ་ཞིག་ཡིན་སྟབས་འདོད་རྔམ་ཆེན་པོས་སྤྱོད་མཚམས་འཇོག་ནས་སོ་སོའི་བྱ་སྤྱོད་ལ་དྲན་ཤེས་བསྟེན་དགོས་པར་མ་ཟད་ཁོར་ཡུག་ནི་སོ་སོའི་ཉིན་རེའི་འཚོ་བའི་ཆ་ཤས་སུ་བརྩིས་ཏེ་ངེས་པར་དུ་བདག་གཅེས་གནང་དགོས་པའི་ལམ་སྟོན་མཛད་འདུགལྷག་པར་དུ་༸གོང་ས་མཆོག་གིས་བོད་མཐོ་སྒང་གི་ས་ཆ་འདི་འཛམ་གླིང་གི་དྭངས་གཙང་གི་ཆུ་མཛོད་གསུམ་པ་དེ་ཆགས་ཡོད་པར་མ་ཟད། སྐྱེ་དངོས་སྣ་ཚོགས་སྐྱེ་འཕེལ་བྱེད་པའི་ཁྱད་ཆོས་ལྡན་པའི་ས་གཞིའི་ཆགས་རིམ་དང་། མི་འབོར་དུང་ཕྱུར་ ༡།༨ ཙམ་གྱི་འཚོ་གནས་དང་འབྲེལ་བའི་ཆུ་བོའི་འབབ་རྒྱུན་དང་འབྱུང་ཁུངས་ལ་ཚོད་འཛིན་བྱེད་མཁན་གྱི་ས་ཆ་དང་ཁོར་ཡུག་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད་སྟབས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་འགག་རྩ་ཞིག་ཏུ་གྱུར་ཡོད་ཅེས་བཀའ་སྩལ་འདུགའཚོགས་ཉེ་ COP26 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཚོགས་འདུ་ཐེངས་ ༢༦ པའི་ཐོག་ལ་རྒྱལ་སྤྱིའི་རྒྱལ་ཁབ་ ༢༠༠ ལྷག་གི་སྐུ་ཚབ་ནས་རྒྱལ་ཁོངས་སོ་སོའི་ནང་གནམ་གཤིས་ཚ་དྲོད་ཆེ་རུ་གཏོང་མཁན་གྱི་དུག་རླངས་ཚོད་འཛིན་གི་གནས་བབས་དང་། མ་འོངས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་ལ་གྲོས་བསྡུར་གནང་འཆར་ཡོད་པ་དང་བསྟུན། ཟླ་བ་འདིའི་ཕྱི་ཚེས་ ༤ ཉིན་ཡི་ཤུའི་བླ་ཆེན་ Pope Francis མཆོག་གིས་དབུས་པའི་འཛམ་གླིང་གི་ཆོས་ཕྱོགས་དབུ་ཁྲིད་དང་ཚན་རིག་པ་སོགས་ཁྱོན་མི་གྲངས་ ༤༠ ལྷག་ནས་ཁོར་ཡུག་འབག་བཙོག་དང་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་འཛམ་གླིང་སྤྱིར་ཛ་དྲག་གི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པའི་དུས་སྐབས་འདིར་ COP26 ལྷན་ཚོགས་ཐོག་བཅར་མཁན་འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་དཀའ་ངལ་དེ་དག་སེལ་ཐབས་སུ་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཞིག་འཚོལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱ་ནག་གོ་ལའི་འགོ་ཁྲིད་ཅིག་ཆགས་འདོད་ཚེ་རྒྱལ་སྤྱིའི་ཁྲོད་ཡིད་ཆེས་འཕེལ་བ་ཞིག་བྱེད་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་ ༡༠ ཚེས་ ༢༧ ནས་ ༣༠ བཅས་ཉིན་གྲངས་བཞིའི་རིང་ཡོ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་ཁྲོད་ལས་རིམ་གལ་ཆེ་བ་གཅིག་ནི་ཨི་ཊ་ལིའི་རྒྱལ་ས་རོམ་ནང་དུ་ Ipac ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ ༢༠༠ ལྷག་ལས་གྲུབ་པའི་མཐུན་ཚོགས་ཀྱི་ཚོགས་འདུར་ལྷན་ཞུགས་གནང་རྒྱུ་དེ་ཆགས་ཀྱི་ཡོད་པ་རེད། དེ་རིང་ Ipac མཐུན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག་ལ་སྲིད་སྐྱོང་མཆོག་གིས་རྒྱ་ནག་གོ་ལའི་འགོ་ཁྲིད་ཅིག་ཆགས་འདོད་ཡོད་ཚེ་རྒྱལ་སྤྱིའི་ཁྲོད་ཡིད་ཆེས་འཕེལ་བ་ཞིག་བྱེད་དགོས་པར་གསུངས་ཡོད།   དེ་རིང་ཨི་ཊ་ལིའི་སྔ་དྲོ་ཕྱག་ཚོད་ ༡༠ ནས་ ༡༡ བར་ Ipac མཐུན་ཚོགས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ཐོག་སྲིད་སྐྱོང་མཆོག་གིས་ང་ཚོ་དུས་རབས་ ༢༡ ནང་གནས་ཡོད་པ་དང་འགྲོ་བ་མི་རྣམས་ལ་སྨྲ་བརྗོད་དང་རང་ཉིད་ཀྱི་བསམ་ཚུལ་གསུང་རྒྱུའི་རང་དབང་ཆ་ཚང་ཡོད་པར་མ་ཟད་དུས་རབས་ ༢༡ འདིའི་ནང་མི་གཅིག་དབང་སྒྱུར་རིང་ལུགས་པར་བཟོད་བསྲན་གནང་ཐབས་མེད་སྟབས་ G20 Summit ཞེས་པའི་སྟོབས་ཆེན་རྒྱལ་ཁབ་ཚོ་གཅིག་པུར་རང་དབང་ཡོད་པ་དེ་འགྲིག་གི་མེད་པ་དང་འཛམ་གླིང་འདི་ ཕན་ཚུན་གཅིག་ལ་གཅིག་ལྟོས་ཀྱི་གནས་སྟངས་ཆགས་ཡོད་སྟབས་རང་དབང་ཅན་གྱི་ལུང་པ་ཚོས་འགྲོ་བ་མིའི་རིན་ཐང་ལ་གལ་ཆེར་ངོས་འཛིན་གནང་བཞིན་པ་ལྟར་མི་གཅིག་དབང་སྒྱུར་རིང་ལུགས་འོག་སྡུག་སྦྱོང་ཚད་མེད་མྱོང་བཞིན་པའི་མི་རིགས་ཚོར་དེ་འབྲེལ་གྱི་རིན་ཐང་ལ་གང་འགངས་ཆེན་པོ་ཆགས་ཡོད་ཅེས་གསུངས་སོང་། སྲིད་སྐྱོང་མཆོག་གིས་ G20 Summit ལྷན་ཚོགས་སུ་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་གླེང་སློང་གནང་རྒྱུ་ཡིན་པས་བོད་ལྟ་བུར་མཚོན་ན་འཛམ་གླིང་གི་སྣེ་གསུམ་པ་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་ཆུ་བོར་ཨེ་ཤ་ཡའི་མི་འབོར་ཐེར་འབུམ་གྱིས་བརྟེན་བཞིན་ཡོད་པས་རྒྱ་ནག་གིས་བོད་ནང་གི་ཁོར་ཡུག་དང་འབྲེལ་བའི་ལས་དོན་གང་སྤེལ་ཡང་དེ་དག་ཕྱི་གསལ་ནང་གསལ་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད།སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་དེ་གའི་དབང་སྒྱུར་འོག་ཡོད་པའི་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་སྐོར་ལུང་འདྲེན་དང་འབྲེལ་རྒྱ་ནག་གིས་དུས་ཀུན་ཏུ་ཞི་བདེ་ལྷིང་འཇགས་ཀྱི་སྤྱི་ཚོགས་དགོས་སྐོར་བཤད་ཀྱི་ཡོད་ཀྱང་། རྒྱ་གཞུང་གིས་གང་བཤད་པ་དང་གང་བྱས་པ་གཉིས་དངོས་འགལ་ཡིན་སྟབས། རྒྱ་ནག་ལ་ཆབ་སྲིད་དང་དཔལ་འབྱོར། དམག་དཔུང་གི་སྟོབས་ཤུགས་ཡོད་ཀྱང་བཟང་སྤྱོད་ཀྱི་སྟོབས་ཤུགས་མེད་པས་ད་ཆ་རྒྱ་ནག་གཞུང་བཟང་ཕྱོགས་ཀྱི་བསྒྱུར་བཅོས་གཏང་རྒྱུའི་མཚམས་ལ་སླེབས་ཡོད་པ་དང་། རྒྱ་ནག་ནས་གོ་ལའི་འགོ་ཁྲིད་ཅིག་ཆགས་འདོད་ཚེ་ནོར་འཁྲུལ་ཅན་གྱི་སྲིད་བྱུས་སྤེལ་མཚམས་འཇོག་དགོས་པར་མ་ཟད་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གི་ཡིད་ཆེས་འཕེལ་བ་ཞིག་བྱེད་དགོས་ཞེས་གསུངས་ཡོད།དེ་བཞིན་གསར་འགོད་གསལ་བསྒྲགས་ཐོག་ཡུ་གུར་གཙོས་ཧོང་ཀོང་གི་ལས་འགུལ་བ་སོགས་ནས་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་ཁག་ལུང་འདྲེན་དང་འབྲེལ། རྒྱལ་སྤྱིའི་རྒྱལ་ཁབ་ནས་རྒྱ་ནག་ལ་གདོང་ལེན་གནང་དགོས་སྐོར་གྱི་བསྒྲགས་གཏམ་སྤེལ་ཡོད་པ་རེད།  གསར་འགོད་ལྷན་ཚོགས་དེ་བརྒྱུད་ Ipac མཐུན་ཚོགས་ཀྱིས་ G20 Summit ཞེས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཐམ་པའི་ཚོགས་མིར་རྒྱ་ནག་དང་ཚོང་འབྲེལ་སྐབས་འགྲོ་བ་མིའི་ཐོབ་ཐང་གནད་དོན་གཙོ་བཟུང་གནང་དགོས་པ་དང་རྒྱ་ནག་དང་མཉམ་དུ་ཉེས་ཅན་རྩིས་སྤྲོད་སོགས་གནང་རྒྱུ་མེད་པ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་རྒྱ་ནག་རང་ཉིད་ནས་འགན་ཁུར་དགོས་པ་བཟོ་དགོས་པ་སོགས་ཀྱི་རྒྱ་ནག་གཞུང་གི་ཁ་གཏད་དུ་བཞེངས་ཕྱོགས་མཁྲེགས་པོར་འཛིན་དགོས་པའི་དགོས་འདུན་བཏོན་ཡོད།   གཞི་རྩའི་ཐེངས་འདིའི་སྲིད་སྐྱོང་མཆོག་གི་ཡོ་རོབ་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་དེ་ནི་སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་བཟུང་ཕྱིའི་རྒྱལ་ཁབ་ཏུ་ཕྱོགས་ཕེབས་གནང་བ་ཐོག་མ་ཆགས་ཀྱི་ཡོད་པ་དང་།  ཁ་སང་ཉིན་གཉིས་པའི་ཐོག་སྲིད་སྐྱོང་མཆོག་ནས་ལྷོ་ཊཡེ་རོལ་རང་སྐྱོང་མངའ་ཁུལ་གྱི་རྒྱལ་ས་ Bolzano སྲིད་འཛིན་སྐུ་ཞབས་ Dr Arno Kompatscher མཆོག་དང་མཇལ་འཕྲད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བཙན་བྱོལ་ནང་མང་གཙོའི་འཕེལ་རིམ་དང་ད་ལྟའི་བཙན་བྱོལ་གྱི་གནས་སྟངས་སོགས་ངོ་སྤྲོད། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ། བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་ངོ་སྤྲོད་ཞིབ་རྒྱས་གནང་འདུག མཇལ་མོལ་དེ་གྲུབ་རྗེས་ Trentino ལ་ཕེབས་ཐོན་གྱིས་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་ Roberto Stanchina ལགས་དང་མཇལ་འཕྲད་གནང་ཡོད།སྲིད་སྐྱོང་མཆོག་ཨི་ཊ་ལིའི་བྱང་ཕྱོགས་སུ་ཆགས་པའི་ Rovereto གྲོང་ཁྱེར་དུ་ཕེབས་ནས་དམག་ཆེན་གཉིས་པའི་སྐབས་དམག་མཚམས་བཞག་ནས་ཞི་བདེ་གོང་འཕེལ་གྱི་མཚོན་དོན་རྗེས་དྲན་གྱི་དྲིལ་བུ་ Bell of Peace ལ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པ་དེའི་མདུན་དུ་ཕེབས་ནས་གུས་འདུད་ཞུས་ཡོད་པ་དང་། སྐབས་དེར་གནས་ཡོད་མི་སྣ་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་ལྷན་འཛོམགས་ཐོག་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་པ་རེད། ལས་རིམ་ལ་གཞིགས་ན། སྲིད་སྐྱོང་མཆོག་དེ་རིང་ཨི་ཊ་ལི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་མཇལ་མོལ་གནང་རྒྱུ་དང་ཕྱི་ཚེས་ ༣༠ ཉིན་ Milan དུ་ས་གནས་བོད་མི་རྣམས་དང་མཇལ་འཕྲད་གནང་རྒྱུ། ཨི་ཊ་ལི་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་རྗེས་སུད་སིར་ཕེབས་ཐོན་གྱིས་ཇི་ནི་ཝར་འཚོགས་རྒྱུའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཐོག་དབུ་བཞུགས་གནང་རྒྱུ་སོགས་ཀྱི་མཛད་རིམ་ཁག་ཅིག་བང་སྒྲིག་འདུག འབྲེལ་ཡོད་པར་ཁག་གི་བདག་དབང་སྲིད་སྐྱོང་གི་ངོ་དེབ།

རོལ་དབྱངས་འདུ་འཛོམས་ཐོག་ནས་བོད་དོན་གོ་རྟོགས་དང་རྒྱབ་སྐྱོར་འཚོལ་སྒྲུབ།

ཉེ་ཆར་ Cezch སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་རོལ་དབྱངས་འདུ་འཛོམས་ཤིག་གནང་བ་བརྒྱུད་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་འཚོལ་སྒྲུབ་གནང་འདུགཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་ Cezch སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་ Cezch Support for Tibet ཞེས་པའི་ཡུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་རོལ་དབྱངས་འདུ་འཛོམས་ཤིག་གནང་བ་བརྒྱུད་བོད་དོན་གོ་རྟོགས་སྤེལ་རྒྱུ་དང་རྒྱབ་སྐྱོར་འཚོལ་སྒྲུབ་གནང་འདུག་པར་མ་ཟད།ལས་རིམ་དེའི་ཐོག་ཡུལ་དེའི་གཞས་པ་གྲགས་ཅན་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Tomas Klus ལགས་ཀྱིས་དབུས་པའི་སྒྱུ་རྩལ་བ་དང་རྒྱབ་སྐྱོར་བ་མང་དག་ཅིག་ནས་མཉམ་ཞུགས་གནང་བ་དང་། ཡུལ་དེའི་གྲོས་ཚོགས་འཐུས་མི་གཉིས་ནས་ཀྱང་མཉམ་ཞུགས་གནང་འདུགལས་རིམ་དེའི་ཐོག་མཉམ་ཞུགས་གནང་མཁན་ཁོངས་སུ་ཡོད་པ་ Cezch བོད་རིགས་ཚོགས་པའི་ཚོགས་གཙོ་ འཇིགས་མེད་བསྟན་འཛིན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ལས་རིམ་གོ་སྒྲིག་པ་བོད་དོན་རྒྱབ་སྐྱོར་ཚོགས་པས་གཙོ་བོ་ཅེཀ་མང་ཚོགས་ཁྲོད་བོད་དོན་གོ་རྟོགས་སྤེལ་ཕྱིར་ལས་རིམ་དེ་གོ་སྒྲིག་གནང་ཡོད་པ་དང་། ལས་རིམ་དེའི་ཐོག་ནས་བསྡུ་རུབ་བྱས་པའི་དངུལ་འབོར་དེ་ནས་ད་ལྟ་རྒྱ་གར་གྱི་ཧི་མཱ་ལ་ཡ་རི་རྒྱུད་ཀྱི་ས་ཁུལ་ཁག་ཏུ་བོད་དོན་སྐོར་སྐྱོད་གནང་བཞིན་པའི་བོད་མི་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་དང་རོགས་སྐྱོར་གནང་རྒྱུ་ཡིན་ལྟར་ཉེ་ཆར་རོལ་དབྱངས་འདུ་འཛོམས་གནང་སྐབས་སུ་བསྟན་འཛིན་བརྩོན་འགྲུས་ལགས་དམིགས་བསལ་སྐུ་འགྲོན་གྱི་ངོ་བོའི་ཐོག་ནས་དྲ་ཐོག་བརྒྱུད་ལས་རིམ་ཐོག་མཉམ་ཞུགས་གནང་ཡོད།ལས་རིམ་དེའི་ཐོག་མགྲོན་འབོད་གནང་བའི་ཅེཀ་བོད་རིག་ཚོགས་པའི་ཚོགས་མི་རྣམས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་གི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་ཞུ་སྐུལ་གྱི་གོ་རྟོགས་ལས་འགུལ་སྤེལ་བར་མ་ཟད་ལས་འགུལ་གྱི་སྙན་ཞུའི་ཐོག་མང་ཚོགས་ནས་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བསྡུ་རུབ་སོགས་གནང་ཡོད།

རེས་གཟའ་ཕུར་བུ། ༢༠༢༡།༡༠།༢༨

ཉན་པ།: Listen ཕབ་ལེན། Download རྫ་དབོན་པོའི་དགེ་འདུན་པ་གསུམ་པོ་ཀློད་གྲོལ་བཏང་འདུག སྲིད་སྐྱོང་མཆོག་ Ipac ཚོགས་འདུར་ལྷན་ཞུགས་གནང་འཆར། ཨ་རིས་ཐེ་ཝན་རྒྱལ་ཚོགས་ཀྱི་ཚོགས་མིར་ཞུགས་རྒྱུར་རྒྱབ་སྐྱོར་བྱས་པར་རྒྱ་ནག་གིས་དགག་ལན། རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་ངོ་རྒོལ། ཞི་ཅིན་ཕིང་འདི་ལོའི་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་སུ་ཞུགས་མིན་གྱི་སྐྱོན་བརྗོད། Thursday 28/10/2021 Last remaning three of the 121 arrested in Dza Wonpo released Sikyong in Italy, will attend IPAC Conference in Rome China warns USA as Biden backs greater Taiwan participation in UN Activists protest in Tokyo over China's human rights violations against minorities Xi Jinping draws criticism for skipping COP26 summit Health and Wellness: Winter Diet

རྫ་དབོན་པོའི་དགེ་འདུན་པ་གསུམ་པོ་གློད་བཀྲོལ།

རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཁུལ་དུ་འདི་ལོ་རྒྱ་གཞུང་གི་བོད་མི་ཕོན་ཆེ་ཞིག་འཛིན་བཟུང་བྱས་པའི་ཆེས་ཛ་དྲག་གི་གནས་སྟངས་ཁྲོད་ཕྱི་ཟླ་ ༨ ཚེས་ ༢༢ ནས་ད་བར་ཟླ་བ་གཅིག་ཙམ་གྱི་ནང་བོད་མི་ ༡༢༡ ཙམ་བཀག་ཉར་བྱས་ཡོད་པ་དང་དེའི་ཁོངས་ནས་གཞན་རྣམས་རིམ་པས་གློད་བཀྲོལ་བཏང་ཡོད་ཀྱང་། དགེ་འདུན་པ་གསུམ་མུ་མཐུད་བཀག་ཉར་བྱེད་བཞིན་ཡོད་པ་ལྟར་ཉེ་ཆར་བོད་ནས་གནས་ཚུལ་འབྱོར་གསལ་ད་བར་ཟླ་བ་གཉིས་ཙམ་རིང་བཀག་ཉར་འོག་བཞག་རྗེས་སུ་ཉེ་ཆར་རྫ་སྨད་དབོན་པོའི་དགེ་འདུན་པ་གསུམ་པོ་གློད་བཀྲོལ་བཏང་ཡོད་པ་རེད་འདུགརྩ་བའི་རྫ་སྨད་དབོན་པོ་ཁུལ་དུ་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་བོད་མི་སྐྱ་སེར་ཁག་གཅིག་གིས་ས་གནས་སྲིད་གཞུང་གི་ལས་ཁུངས་སྒོ་ཁར་བོད་དོན་ཡིག་ཆ་འགྲེམས་སྤེལ་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་སྐབས་བོད་མི་དེ་དག་འཛིན་བཟུང་བྱས་པ་དང་འཛིན་བཟུང་བྱས་པའི་ཁོངས་ནས་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་བཀག་ཉར་འོག་མནར་གཅོད་ཚད་མེད་བཏང་ནས་དམར་བསད་བཏང་བའི་གནད་དོན་བྱུང་ཡོད་པ་རེད།གནད་དོན་དེའི་རྐྱེན་གྱིས་འདི་ལོའི་ཕྱི་ཟླ་ ༣ ནང་རྫ་སྨད་དབོན་པོ་ཁུལ་དུ་རྒྱ་གཞུང་གི་དྲག་ཆས་དམག་མི་ཕོན་ཆེ་བསླེབས་ཏེ་དབོན་པོ་དགོན་གྲོང་གཉིས་ཀྱི་ཁྱིམ་ཚང་དང་གྲྭ་ཤག་ཚང་མ་བསྔོགས་བཤེར་རྩད་གཅོད་བྱས་པ་དང་། དེའི་ཁྲོད་༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་བྱེད་མཁན་རྣམས་ཀྱི་མིང་ཐོ་འགོད། བོད་མིའི་ཁྱིམ་ཚང་ནང་དུ་རྒྱ་ནག་གི་དཔོན་རིགས་ཚོའི་འདྲ་པར་བཙན་སྒྲིག་བྱེད་དུ་བཅུག་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད། དེ་རྗེས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་ས་གནས་སུ་སླར་ཡང་དམག་མི་ཕོན་ཆེ་བསླེབས་ཏེ་མང་ཚོགས་ཀྱི་ཁྱིམ་ཚང་བསྔོགས་བཤེར་དང་འདྲི་རྩད་སོགས་བྱས་པར་མ་ཟད། དེ་སྔ་ཐོ་འགོད་ཟིན་པ་རྣམས་དང་། ས་གནས་ཀྱི་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་བཅས་ཀྱི་མི་སྣ་གཙོས་ཁྱོན་བོད་མི་ ༡༢༡ ཙམ་སྔ་རྗེས་འཛིན་བཟུང་བྱས་ནས་ཟླ་བ་གཅིག་ཙམ་རིང་བཀག་ཉར་བྱས་རྗེས་བོད་མི་རྣམས་གློད་བཀྲོལ་བཏང་ཡོད་ཀྱང་། དགེ་འདུན་པ་གསུམ་མུ་མཐུད་ནས་བཀག་ཉར་བྱས་ཡོད་པ་རེད།ཁ་སང་འབྲེལ་ཡོད་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་ཉེ་ཆར་རྒྱ་གཞུང་གིས་དགེ་འདུན་པ་གསུམ་པོ་གློད་བཀྲོལ་བཏང་བའི་གནས་ཚུལ་དེ་དངོས་འབྲས་ཡིན་པ་དེ་ལྟར་ཡང་། ཁོང་རྣམས་ས་གནས་གང་དུ་གློད་བཀྲོལ་བཏང་བ་དང་གཟུགས་གཞིའི་གནས་བབ་སོགས་ཞིབ་ཕྲ་ཤེས་རྟོགས་དཀའ་བར་གྱུར་ཡོད་པར་གསུངས་ཡོད། ཁོང་གིས་རྒྱ་གཞུང་གིས་རྫ་སྨད་དབོན་པོ་ཙམ་མ་ཡིན་པར་རྫ་ཆུ་ཁའི་ས་ཁུལ་གཞན་རྣམས་ཀྱི་ནང་དུའང་མང་ཚོགས་ཀྱི་ཁ་པར་དང་ཁ་པར་ནང་གི་སྐད་འཕྲིན་སོགས་བསྔོགས་བཤེར་བྱས་པ་མ་ཟད་སྐད་འཕྲིན་ཐོག་ཚོགས་པ་འདྲ་མིན་གསར་འཛུགས་མི་ཆོག་པའི་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། རྫ་སྨད་དབོན་པོ་ས་ཁུལ་ནས་ད་བར་གནས་ཚུལ་འབྱོར་བའི་ནང་དུ་བོད་མི་རྣམས་ལ་དཀག་ཉར་འོག་བཙན་དབང་གི་ཆབ་སྲིད་སློབ་གསོ་སྤེལ་བ་དང་། གཅར་རྡུག་དྲག་པོ་དང་འདྲི་རྩད་བྱས་པ། ཞལ་ལག་ཞན་པོ་དང་སྨན་ཁང་གི་མཐུན་འགྱུར་མེད་པའི་ངལ་འཕྲད་སོགས་ཀྱི་དྲག་གནོན་ཤུགས་ཆེར་སྤེལ་བར་མ་ཟད། བཀག་ཉར་འོག་བོད་མི་རྣམས་དམག་གི་སྦྱོར་བརྡར་སྤྲད་པ་དང་རྒྱ་ནག་གི་རྒྱལ་གླུ་རྒྱུག་སྤྲོད་བཏང་བ་སོགས་ཀྱི་བྱ་སྤྱོད་སྤེལ་བཞིན་སྐོར་ཤེས་རྟོགས་བྱུང་ཡོད་པ་རེད།

Latest news