Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2021

རེས་གཟའ་མིག་དམར། ༢༠༢༡།༡༡།༣༠

ཉན་པ།: Listen ཕབ་ལེན། Download སྲིད་སྐྱོང་མཆོག་གིས་སྐུ་ཞབས་ Enes Kanter ལགས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་བྲིས་སྩལ་བ། རྒྱ་གར་ནས་མཆེད་པའི་ནང་པའི་ལེགས་བྱང་ནི་བོད་མིའི་ངོ་བོ་རེད་ཅེས་གསུངས་པ། རྒྱ་གཞུང་གིས་ཕྱིའི་གསར་འགོད་པའི་གདོང་རིས་བཤེར་ནས་དམ་དྲག་བྱེད་བཞིན་ཕྱིར་འགྱར། ཧི་མཱ་ལ་ཡའི་རྒྱལ་རྒྱུད་ཀྱི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཉིན་གྲངས་ ༡༠༣ པ། དབྱིན་ཡུལ་གྱི་གཙུག་ལག་སློབ་གྲྭ་ཞིག་གིས་རྒྱ་ནག་ལ་རྒྱབ་སྐྱོར་གྱི་ཞིབ་འཇུག་ལ་སྐྱོན་བརྗོད། གླུ་གཞས་ལས་རིམ། བྱེས་ཀྱི་གཞས་པ་གསུམ་གྱིས་བླངས་པའི་སྤུན་ཟླ་ཚོ་ཆིག་སྒྲིལ་གྱིས། Tuesday 30/11/2021 Sikyong expresses gratitude to Enes Kanter Freedom Buddhist culture that originated from India essential part of Tibetan identity: DIIR Kalon at BTSS Tibet conference Chinese province targets journalists with planned new surveillance system Walking the Himalayas: Tibetan activist’s initiative for Tibet enters 103rd day UK government slammed for £80k grant to defend Beijing in thesis MUSIC FEATURE: Call for unity by 3 exile artists

སྲིད་སྐྱོང་མཆོག་གིས་སྐུ་ཞབས་ Enes Kanter ལགས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་བྲིས་སྩལ་བ།

ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Enes Kanter ལགས་ཀྱིས་ཟླ་བ་སྔོན་མའི་ཚེས་ ༢༠ ཉིན་རང་ཉིད་ཀྱི་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་བོད་དང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་སྐོར་གྱི་རྣམ་པ་ཤུགས་ཆེ་བསྟན་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་བྲིས་ཤིག་སྩལ་འདུགསྲིད་སྐྱོང་མཆོག་གིས་ཟླ་བ་འདིའི་ཚེས་ ༢༣ ཉིན་སྐུ་ཞབས་ Enes Kanter ལགས་ཀྱི་མཚན་ཐོག་ལ་ཕྱག་བྲིས་ཤིག་སྩལ་བ་བརྒྱུད་རྒྱ་གཞུང་གི་དྲག་གནོན་མྱོང་བཞིན་པའི་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ཞུ་གཏུག་དང་རྒྱབ་སྐྱོར་གནང་བའི་གནས་ཚུལ་ཁག་ཤེས་རྟོགས་བྱུང་བར་ བསྔགས་བརྗོད་དང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་གསུངས་པ་དང་འབྲེལ། ཁོང་ལྟ་བུའི་མཚན་སྙན་གྲགས་ཡོད་པའི་སྐྱེ་བོ་ཞིག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེས་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་འབོད་སྒྲ་ཇེ་ཆེར་འགྲོ་བར་ཐུགས་ཕན་སོས་ངེས་ཡིན་པར་མ་ཟད། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཡོད་དོ་ཅོག་ལ་སེམས་འགུལ་དང་རེ་བ་གསར་པ་ཞིག་བསྐྲུན་ཡོད་པར་གསུངས་འདུགསྲིད་སྐྱོང་མཆོག་གིས་ད་དུང་དེང་སྐབས་རྒྱ་ནག་གཞུང་གིས་དཔལ་འབྱོར་སྟོབས་ཤུགས་ངོམ་སྟེ་རྒྱལ་སྤྱིའི་ཁྲོད་ཁྲིམས་ཀྱི་དབང་བསྒྱུར་དང་རང་དབང་། དེ་བཞིན་མང་གཙོའི་རིན་ཐང་ལ་ཉེན་ཚབས་བཟོ་བཞིན་པའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་སྐུ་ཞབས་ Enes Kanter ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་སྟབས། སྲིད་སྐྱོང་མཆོག་གིས་བོད་གཞིས་བྱས་གཉིས་ཀྱི་བོད་མིའི་ཚབ་ཞུས་ཏེ་ཁོང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་ཆོད་སེམས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞེས་གསུངས་འདུགརྩ་བའི་སྐུ་ཞབས་ Enes Kanter ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཡོད་པའི་སྟོད་ཐུང་གྱོན་ནས་སྐར་མ་ ༣ མན་ཙམ་གྱི་བརྙན་དེའི་ནང་ཁོང་གིས་བོད་ནང་རྒྱ་གཞུང་གིས་དབང་བསྒྱུར་འོག་བོད་ཕྲུག་ཚོ་སློབ་གྲྭར་བོད་ཡིག་སློབ་གཉེར་གནང་རྒྱུར་བཀག་སྡོམ་དང་བོད་མི་རྣམས་རང་དབང་སྒོ་ནས་འགྲུལ་བཞུད་བྱེད་མི་ཆོག་པ། དེ་བཞིན་གནས་ཚུལ་རིགས་རང་དབང་ཐོག་ནས་མཁོ་སྤྲོད་གནང་རྒྱུ་དང་ཆོས་ལུགས་རང་དབང་ལ་རྡོག་རོལ་བཏང་བ་སོགས་གང་ལྟར་བོད་མིར་འགྲོ་བ་མིའི་ཐོབ་ཐང་མེད་སྐོར་དང་། ལྷག་དོན་ཁོང་གིས་རྒྱ་ནག་གཞུང་གིས་བོད་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་ཚགས་གནང་བ་ཙམ་གྱིས་འཛིན་བཟུང་བྱེད་བཞིན་པས་རྒྱ་ནག་གིས་བོད་མིའི་ངོ་བོ་རྩ་མེད་བཟོ་རྩིས་ཡོད་པས་རྒྱ་ནག་གི་བྱེད་ཕྱོགས་དེ་དག་ནི་ངོ་ཚ་ཁྲེལ་མེད་ཅིག་ཡིན་པར་ཚོར་ཤུགས་དྲག་པོས་གསུངས་པར་མ་ཟད། བོད་ནང་བོད་མི་ ༡༥༠ ལྷག་གིས་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་ཐད་གོ་རྟོགས་རྒྱ་ཆེ་ཡོང་ཐབས་དང་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་སླད་སྐུ་ལུས་མེར་བསྲེགས་གནང་ཡོད་པར་འགྲེལ་བརྗོད་ཀྱིས་རང་ཉིད་ནས་བོད་ཀྱི་གནད་དོན་རྣམས་ཤེས་རྟོགས་བྱུང་སྐབས་གང་ཡང་མ་བཤད་པར་བསྡད་ཐུབ་མ་སོང་ཞེས་གསུངས་ཡོད་ལ། དེ་བཞིན་ཁོང་ནས་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དགོས་པའི་དགོས་འདུན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་དང་བོད་ལ་རང་དབང་དགོས་པ་དང་བོད་དེ་བོད་མིར་བདག་གི་ཡོད་ཅེས་ཞི་ཅིན་ཕིང་ལ་བརྡ་ལན་ནན་པོ་གནང་ཡོད། ཕྱོགས་མཚུངས་སུ་ཁོང་གིས་རྒྱ་གཞུང་ནས་ཡུ་གུར་མི་རིགས་ཚོ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་དགོས་ཞེས་གསུངས་པ་དང་ཆབས་ཅིག་རྒྱལ་སྤྱིའི་ཁྲོད་ཁ་ཆེའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཡུ་གུར་གྱི་གནད་དོན་ཐད་ལ་གང་ཡང་མ་གསུང་པར་ཁུ་སིམ་པོར་བཞུགས་པར་སྐྱོན་བརྗོད་ཀྱང་གནང་ཡོད།Turkish མི་རིགས་ཡིན་པའི་སྐུ་ཞབས་ Enes Kanter ལགས་ཀྱིས་ཁ་སང་རང་ཉིད་གཞུང་འབྲེལ་ཐོག་ཨ་རིའི་མི་སེར་ཆགས་པའི་ལས་རིམ་སྐབས་མིང་བརྗེ་རྗེས་རང་དབང་གྱི་འབོད་སྒྲ་མཚོན་པའི་ Freedom ཞེས་ཁ་སྣོན་གནང་ཡོད་པ་དང་། ཁོང་གིས་ སྐབས་དེར་གསར་འགོད་པར་ད་རེས་ཁོང་ནས་ Enes Kanter Freedom ཞེས་མིང་བརྗེ་པོ་རྒྱག་པ་དེས་ཁོང་གི་མི་ཚེ་ཧྲིལ་པོའི་རིང་རང་དབང་གི་ཆེད་དུ་འཐབ་རྩོད་ཀྱི་རྣམ་པ་མཚོན་གྱི་ཡོད་པར་གསུངས་ཡོད།

རྒྱ་གར་ནས་མཆེད་པའི་ནང་པའི་ལེགས་བྱང་ནི་བོད་མིའི་ངོ་བོ་རེད།

ཉེ་ལམ་ཕྱི་ཚེས་ ༢༧ དང་། ༢༨ བཅས་ཉིན་གྲངས་གཉིས་ཀྱི་རིང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་འཕགས་བོད་གཉིས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཟུང་འབྲེལ་གྱི་གོང་སྤེལ་ཐུབ་སླད་བོད་དང་བོད་མིའི་ད་ལྟ་དང་མ་འོངས་ཞེས་པའི་བརྗོད་གཞིའི་ཐོག་དྲ་ཐོག་གཏམ་བཤད་ལས་རིམ་ཞིག་གནང་འདུག་པ་མ་ཟད། བོད་དོན་རྒྱབ་སྐྱོར་གནང་མཁན་ཉམས་ཞིབ་པ་དང་ཚན་རིག་པ། སྤྱི་ཚོགས་ལས་འགུལ་བ། དེ་བཞིན་གསར་འགོད་པ་བཅས་ཀྱིས་རང་ཉིད་ཀྱིས་ཉམས་ཞིབ་གང་གནང་ཐོག་ལ་གཏམ་བཤད་དང་བགྲོ་གླེང་གནང་འདུགསྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་འཕགས་བོད་གཉིས་ཀྱི་སྤྱི་ཚོགས་མཐུན་སྒྲིལ་དང་འདྲ་མཉམ། དེ་བཞིན་བདེ་འཇགས་བཅས་ཀྱི་སྐོར་ལ་གསུང་བཤད་གནང་འདུག བཀའ་བློན་མཆོག་གིས་རྒྱ་གར་ནས་མཆེད་པའི་ནང་པའི་ལེགས་བྱང་ནི་བོད་མིའི་ངོ་བོ་དང་བོད་མིས་སྤྱོད་བཞིན་པའི་ཡི་གེ་དང་སྨན་གཞུང་སོགས་ཀྱང་རྒྱ་གར་ནས་མཆེད་པ་ཞིག་ཡིན་སྐོར་གསུངས་པ་དང་སྦྲགས། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དུས་ནས་དུས་སུ་རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་ལས་རྒྱལ་ཁབ་གཞན་ཚོས་མིག་དཔེ་བལྟ་དགོས་པ་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་ཡི་རངས་བསྔགས་བརྗོད་མཛད་པ་དང་ཆབས་ཅིག དེང་རབས་ཀྱི་དཀའ་ངལ་སེལ་མཁན་གྱི་རིག་གཞུང་ཞིག་ཡིན་པར་བཀའ་སྩལ་སྐོར་ལུང་འདྲེན་གནང་འདུགDr. Ram Manohar Lohia Avadh གཙུག་ལག་སློབ་གྲྭའི་རིགས་བདག་གཞོན་པ་ཟུར་པ་སྐུ་ཞབས་ Manoj Dixit ལགས་ཀྱིས་གཏམ་བཤད་ཀྱི་ལས་རིམ་དེའི་གལ་གནད་དང་འབྲེལ་བའི་གསུང་བཤད་གནང་བ་དང་། རྒྱ་གར་གནམ་དམག་གི་སྐར་མ་གཉིས་ཅན་གྱི་དམག་དཔོན་ཟུར་པ་ O. P. Tiwari ལགས་ཀྱིས་བདེ་འཇགས་དང་འབྲེལ་ཏེ་བོད་དེ་རྒྱ་གར་ལ་གལ་གནད་ཇི་ལྟར་ཆགས་ཀྱི་ཡོད་མེད་སྐོར་གཏམ་བཤད་གནང་འདུག ཚན་རིག་པ་ N. Shiva ལགས་ཀྱིས་བོད་མིའི་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བཞིན་པའི་སྐོར་ལ་གཟིགས་ཕྱོགས་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་ཡོད།གཞི་རྩའི་གཏམ་བཤད་ལས་རིམ་དེའི་ཐོག་རྒྱལ་ཁབ་འདྲ་མིན་ནས་མི་སྣ་ ༡༢༨ ཀྱིས་མཉམ་ཞུགས་གནང་འདུག་པ་དང་། ཉམས་ཞིབ་གནང་མཁན་བརྒྱད་ཀྱིས་གསུང་བཤད་གནང་འདུག དེ་བཞིན་ལས་རིམ་དེའི་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་པདྨ་ཤྲི་དགེ་བཤེས་ངག་དབང་བསམ་གཏན་ལགས་གཙོས་པྲོ་ཕེ་སར་ཕུན་ཚོགས་དབང་མོ་ལགས། པདྨ་རྣམ་སྒྲོལ་ལགས། དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས། བསྟན་འཛིན་བརྩོན་འགྲུས་ལགས་བཅས་མཉམ་ཞུགས་གནང་འདུག

རྒྱ་གཞུང་གིས་ཕྱིའི་གསར་འགོད་པའི་གདོང་རིས་བཤེར་ནས་དམ་དྲག་བྱེད་བཞིན་པ་ཕྱིར་འགྱར།

རྒྱ་ནག་གི་གྲོང་ཁྱེར་ཧཱའི་ནེན་ (Henan) ནང་དུ་ཕྱིའི་གསར་འགོད་པ་དང་དོགས་གཞི་ཡོད་པའི་མང་ཚོགས་ལ་ལྟ་སྲུང་ནན་པོ་བྱ་ཕྱིར་གདོང་རིས་བཤེར་བའི་འཕྲུལ་ཆས་སྤྱོད་ནས་དམ་དྲག་ནན་པོ་བྱེད་བཞིན་ཡོད་པ་རེད་འདུགབི་བི་སི་གསར་ཁང་གིས་དེ་འབྲེལ་གྱི་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་གྲོང་ཁྱེར་ཧཱའི་ནེན་ནང་དུ་ཕྱིའི་གསར་འགོད་པ་དང་དོགས་གཞི་ཡོད་པའི་མང་ཚོགས་ལ་ལྟ་སྲུང་བྱ་ཕྱིར་སྤྱོད་པའི་གདོང་རིས་བཤེར་བའི་འཕྲུལ་ཆས་དེ་འགྲིམ་འགྲུལ་གློག་བརྡ་ལྟ་བུར་བཟོ་བཀོད་ཀྱིས་དེར་དོགས་གཞི་ཆེ་འབྲིང་ཆུང་གསུམ་བཅས་རིམ་པ་གསུམ་ལ་དབྱེ་ཡོད་པ་དང་། གསར་ཁང་གི་ངོས་ནས་ཧཱའི་ནེན་གྲོང་ཁྱེར་སྤྱི་དམངས་བདེ་འཇགས་ལས་ཁུངས་ལ་གནད་དོན་དེའི་ཐད་འདྲི་རྩད་གནང་ཡང་དེར་ལན་འདེབས་གང་ཡང་བྱས་མི་འདུག ཨ་རིའི་ནང་རྟེན་གཞི་བྱས་པའི་ IPVM ཞེས་འཕྲུལ་ལས་དང་འབྲེལ་བའི་གསང་བའི་ལྟ་སྲུང་ལས་རིགས་ཁག་ལ་ཞིབ་འཇུག་གནང་མཁན་གྱི་ཚོགས་པར་རག་སོན་བྱུང་བའི་ཡིག་ཆར་གཞིགས་ན། ཧཱའི་ནེན་ས་གནས་གཞུང་གིས་ད་དུང་གདོང་རིས་བཤེར་བའི་འཕྲུལ་ཆས་དེ་རིམ་པས་ཕྱིའི་སློབ་གཉེར་བ་དང་ཕྱི་ནས་སྤོ་བཤུད་བྱས་པའི་བེུད་དག་ལའང་དེ་ལྟར་སྤྱོད་འཆར་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གིས་བྱེད་སྟངས་དེ་ནི་གཞུང་ཞིག་གི་ངོས་ནས་བྱེད་སྟངས་ཤིག་མ་རེད་ལ། ལྷག་པར་དུ་ཞི་བའི་ཐོག་ནས་གཞུང་ལ་འདྲི་རྩད་གནང་མཁན་ཚོར་དམ་དྲག་དེ་ལྟར་གནང་འོས་པ་ཞིག་མིན་སྐོར་གསུངས་འདུག་པར་མ་ཟད། ཚོགས་པ་དེའི་རྒྱ་ནག་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་རྒྱ་ནག་གཞུང་གིས་མང་ཚོགས་ལ་ལྟ་སྲུང་དམ་དྲམ་དེ་ལྟར་བརྒྱུད་ནས་གཞུང་དེའི་ངོས་ནས་མང་ཚོགས་ཡོངས་ལ་ལྟ་སྲུང་བྱ་རྒྱུའི་ནུས་པ་ཡོད་པ་དེ་མང་ཚོགས་ནས་གསལ་པོ་རྟོགས་དགོས་པ་མ་ཟད། རང་ཉིད་ཀྱི་བྱེད་སྟངས་ཤིག་གི་རྐྱེན་གྱིས་དུས་ནམ་ཞིག་གཞུང་གིས་ཕར་རྒོལ་བྱ་མིན་ཐེ་འཚོམ་གྱི་གནས་ལ་བསྡད་དགོས་པ་ཆགས་ཡོད་པ་ནི་ཧ་ཅང་ཞེད་སྣང་ཅན་ཞིག་ཡིན་པར་གསུངས་འདུགགཞི་རྩའི་རྒྱ་ནག་གཞུང་གིས་མང་ཚོགས་ལ་ལྟ་སྲུང་བྱ་ཕྱིར་གདོང་རིས་བཤེར་བའི་འཕྲུལ་ཆས་འཛུགས་སྐྲུན་ཆེད་དུ་ཕྱི་ཟླ་ ༧ པ་ནང་ལ་བཟོ་གྲྭ་ཁག་ལ་གོ་སྐབས་སྤྲད་ཡོད་པ་ལྟར་ NeuSoft བཟོ་ལས་ཁང་ལ་བཟོ་སྐྲུན་གྱི་བདག་དབང་སྤྲད་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་ཁག་ལས་ཧཱའི་ནེན་གྲོང་ཁྱེར་ཁོ་ནར་སྤྱོད་ཀྱི་ཡོད་པ་དང་། དེའང་མི་དོགས་གཞི་ཆེན་པོ་ཡོད་པ་དང་ཉེས་པ་ཚབས་ཆེན་ཡོད་རིགས་ལ་སྤྱོད་ནས་འདྲི་རྩད་ནན་པོ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་ཧཱའི་ནེན་གྲོང་ཁྱེར་དུ་ཕྱིའི་གསར་འགོད་པ་དང་དོགས་གཞི་ཡོད་པའི་མང་ཚོགས་ལ་ལྟ་སྲུང་བྱ་ཕྱིར་སྤྱོད་པའི་གདོང་རིས་བཤེར་བའི་འཕྲུལ་ཆས་དེ་འགྲིམ་འགྲུལ་གློག་བརྡ་ལྟ་བུར་བཟོ་བཀོད་ཀྱིས་དེར་རིམ་པ་གསུམ་ལ་དབྱེ་བར་མ་ཟད་འཕྲུལ་ཆས་དེ་རྒྱ་ནག་གཞུང་དང་ཐད་ཀར་མཐུད་ཡོད་པ་རེད། རིམ་པ་གསུམ་པོ་དེ་དག་ནི་དང་པོ། དམར་པོ་རྟགས་ཅན་བརྡ་སྟོན་གྱིས་ཕྱིའི་གསར་འགོད་པ་དོགས་གཞི་ཆེན་པོ་ཡོད་རིགས་མཚོན་པ་དང་། གཉིས་པ། སེར་པོ་རྟགས་ཅན་བརྡ་སྟོན་གྱིས་སྤྱིར་བཏང་དོགས་གཞི་ཡོད་རིགས་མཚོན་པ། གསུམ་པ། ལྗང་ཁུ་རྟགས་ཅན་བརྡ་སྟོན་གྱིས་གནོད་གཞི་མེད་རིགས་མཚོན་གྱི་ཡོད་པ་དང་། གདོང་རིས་བཤེར་ནས་དམར་པོ་དང་གསེར་པོ་བརྡ་སྟོན་ཁོངས་སུ་ཐོན་པ་ཞིག་ཧཱའི་ནེན་ནང་འགྲུལ་བཞུད་ཀྱི་འཛིན་ཤོག་མངགས་ཉོ་བྱས་པ་ཤེས་མ་ཐག་ཏུ་ས་གནས་གཞུང་ལ་ལན་སྐྱེལ་གྱི་ཡོད་པར་མ་ཟད་ཕྱིའི་ཕུལ་བྱུང་སློབ་མ་དང་སྤྱིར་བཏང་གི་ཆེད་ལས་མི་སྣ།གནད་ཡོད་མི་སྣ། དེ་བཞིན་གློ་བུར་དུ་ལྷགས་པ་སོགས་ལ་དེ་ལྟར་སྤྱོད་ཀྱི་འདུགཕྱོགས་མཚུངས་སུ་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ལྟ་བུའི་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་དུས་སྐབས་ཁྲོད་དམིགས་བསལ་དོ་སྣང་གིས་དོགས་གཞི་ཆེན་པོ་ཡོད་པའི་ཕྱིའི་སློབ་མ་ཁག་གི་ལག་ཐོགས་ཁ་པར་བརྒྱུད་ནས་རྟོག་ཞིབ་བྱ་རྒྱུ་ཡིན་པ་བཀོད་འདུག་ལ། IPVM ཚོགས་པར་ལག་སོན་བྱུང་བའི་ཡིག་ཆར་གཞིགས་ཚེ་རྒྱ་ནག་གཞུང་གིས་ཕྱིའི་གསར་འགོད་པ་དང་ཕྱིའི་སློབ་གཉེར་བ་དོགས་གཞི་ཡོད་རིགས་སོགས་ལ་རྟོག་ཞིབ་ཆེད་དུ་ཁ་པར་དང་སྤྱི་ཚོགས་བརྒྱུད་ལམ་སྐད་འཕྲིན་དང་ཝིའི་བོ། འགྲུལ་འཁོར་གྱི་ཡིག་ཆ། མགྲོན་ཁང་། འགྲུལ་བཞུད་ཀྱི་ཕྱག་ཁྱེར། རྒྱུ་ནོར་གྱི་བདག་དབང་། པར་རིས་སོགས་ལ་ལྟ་ཞིབ་བྱ་རྒྱུ་རེད་འདུག རྒྱ་ནག་ནང་མང་ཚོགས་ཀྱི་གདོང་རིས་བཤེར་རྒྱུའི་འཕྲུལ་ཆས་རིགས་དེ་སྔོན་ནས་བེད་སྤྱོད་བྱས་ཟིན་ཡོད་པ་དང་། Washington Post གསར་ཤོག་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་གི་ Huawei བཟོ་ལས་ཁང་གིས་ཀྱང་བཅོས་བཟོའི་མཉེན་ཆས་བརྒྱུད་ཤིན་ཅང་ནང་གི་གྲངས་ཉུང་མི་རིགས་ངོ་ཐག་བཅད་ནས་ཁོ་ཚོར་བཏང་འཛིན་དང་ཉེན་བརྡའི་ལྟ་སྲུང་གི་ལྟ་ཚོད་བྱས་ཡོད་པ་རེད།

ཧི་མཱ་ལ་ཡའི་རྒྱལ་རྒྱུད་ཀྱི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཉིན་གྲངས་ ༡༠༣ པ།

བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༧ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་ཧི་མཱ་ལ་ཡའི་རྒྱལ་རྒྱུད་ཀྱི་ས་ཁུལ་ཁག་བརྒྱུད་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་བར་ཁྱོན་ཟླ་བ་གསུམ་གྱི་རིང་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་རེད། ད་ལྟའི་ཆར་ཁོང་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་ནུབ་ཁུལ་དུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ལེགས་གྲུབ་ཀྱིས་མངའ་སྡེ་དེའི་རྒྱལ་ས་ཨི་ཊ་ནཱ་གར་ཁུལ་དུ་མུ་མཐུད་ནས་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་གནང་བཞིན་ཡོད་པ་དང་། ད་བར་ཉིན་གྲངས་༡༠༣ འགྲོ་ཟིན་པའི་ཁྲོད་ཀྱི་ལས་འགུལ་གང་འདྲ་བྱུང་མིན་ཐོག་ལ་བཅར་འདྲི་ཞུས་ཡོད་པས་གཤམ་གྱི་སྒྲ་སྣེར་གསན་པར་འཚལ།།

རེས་གཟའ་ཟླ་བ། ༢༠༢༡།༡༡།༢༩

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གི་དྲྭ་རྒྱའི་མཛད་འཆར་ཁག་ཅིག་གསལ་བསྒྲགས་གནང་བ། རྒྱ་མི་ཞིག་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་རྒྱུན་ལས་སུ་བདམས་པར་བློ་འཚབ། བྱང་ཨ་རི་ཁུལ་གྱི་ས་གནས་གཞོན་ནུའི་འགན་འཛིན་ལྷན་ཚོགས་མཇུག་སྒྲིལ། ཉི་ཧོང་སྲིད་བློན་གྱིས་རྒྱ་གཞུང་གིས་ཧོང་ཀོང་གཙོས་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་བློ་འཚབ། རྒྱ་གར་གཞུང་གིས་ ༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་རྩེད་ལ་རྒྱབ་སྐྱོར་གྱི་རྣམ་པ་མངོན་གསལ། རྒྱལ་རབས་ལོ་རྒྱུས་ངོ་སྤྲོད། གཞུང་འབྲེལ་ཡིག་བཟོའི་འགྲོ་སྟངས་དང་བརྗོད་འགྲོས་ཀྱི་སྐོར། Monday 29/11/2021 Dalai Lama online public schedule for December and January announced Global concern over China’s nominee winning Interpol seat 19th North America RTYC Working Committee Meeting concludes Japan PM voices strong concern over China human rights issues India joins Russia to support China to host Winter Olympics 2022 Normative form and diction of official Letter: Tsangtruk Topla

༸གོང་ས་མཆོག་གི་དྲྭ་རྒྱའི་མཛད་འཆར་ཁག་ཅིག་གསལ་བསྒྲགས་གནང་བ།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡༢ དང་༡ པོ་ནང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་ལམ་བརྒྱུད་བཀའ་ཆོས་དང་བཀའ་སློབ་ཁག་ཅིག་བསྐྱང་གཏན་ཁེལ་དོན་ལྟར་མཛད་འཆར་ཁག་ཅིག་ཡོངས་ཁྱབ་གནང་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༡༢ ཚེས་ ༡ ཉིན་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་སྡེ་ (World Community of Christian Meditation)  ཞེས་པ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་དང་བསྟུན་ཚོགས་པ་གསར་འཛུགས་གནང་མཁན་དང་དགེ་རྒན་ཡེ་ཤུའི་གྲྭ་བ་ཧྥ་དྷར་ལོ་རེན་སི་ཧྥརི་མེན་ (Father Laurence Freeman) མཆོག་དང་ལྷན་དུ་ Unified Consciousness: One Mind and One Heart གཅིག་འདུས་ཀྱི་ཤེས་པ། སེམས་གཅིག་དང་བློ་གཅིག་ཅེས་ཡེ་ཤུ་པའི་བཞེད་སྲོལ་ཞིག་གི་བརྗོད་གཞིའི་ཐོག་བགྲོ་གླེང་དང་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་རྒྱུ་བཅས་ཀྱི་དྲྭ་ཐོག་མཛད་འཆར་ཐུགས་གཏན་ཁེལ་འདུགདེ་བཞིན་ཚེས་ ༨ ཉིན་༸གོང་ས་མཆོག་གིས་སེམས་དང་སྲོག་གི་ཚོགས་པས་གོ་སྒྲིག་ཞུས་དོན་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་ཚན་རིག་པ་གཉིས་དང་ལྷན་དུ་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་སུ་རེ་བ་དང་སྙིང་སྟོབས། བྱམས་བརྩེ་བཅས་དང་དུ་ལེན་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་དང་ཚོགས་བཅར་བ་ཚོས་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་ཡིན་པ་རེད།དེ་བཞིན་ཕྱི་ཚེས་ ༡༧ དང་ཚེས་ ༡༨ བཅས་ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་དྷི་ནེ་ཤཱི་ཡ། མཱ་ལེ་ཞི་ཡ། འབར་མ། ཤྲིལངྒ། ཐའེ་ལན་ཌི་བཅས་ཀྱི་གནས་བརྟན་སྡེ་པའི་རྗེས་འབྲང་པ་རྣམས་ལ་གཙོ་བོར་དམིགས་ཏེ། རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༨ ནས་ ༩ བར་མདོ་དྲན་པ་ཉེར་བཞག་གི་བཀའ་ཆོས་སྩལ་རྒྱུ་དང་ཆོས་ཞུ་བའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་མ་ཟད། ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་གིས་རྒྱ་གར་གྱི་ཧ་རི་ཡ་ནའི་རའོ་ཊག་(Rohtak)ས་གནས་སུ་རྟེན་གཞི་བྱས་པའི་རྒྱ་གར་འཛིན་སྐྱོང་སློབ་གཉེར་ཁང་ The Indian Institute of Management  (IIM) Rohtak.) གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བྱམས་པ་དང་བརྩེ་བས་དཀའ་ངལ་ལ་གཏོང་ལེན་བྱ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་ཚོགས་བཅར་བའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་ཡིན་པ་རེད།ཕྱོགས་མཚུངས་སུ་ཕྱི་ཚེས་ ༢༩  ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་ཐོག་ཁང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་སྩལ་རྒྱུ་དང་དེ་རྗེས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་རྒྱུ་དང་། ཕྱི་ཟླ་ ༡ ཚེས་ ༢༥ ཉིན་ཁ་རག་པུར་དུ་རྟེན་གཞི་བྱེད་པའི་རྒྱ་གར་འཕྲུལ་རིག་མཐོ་སློབ་ཁང་ Indian Institute of Technology (IIT) Kharagpur གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་ Finding Happiness in Troubled Times ཞེས་དཀའ་ངལ་ཅན་གྱི་དུས་སྐབས་སུ་བདེ་སྐྱིད་འཚོལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་གནང་མཛད་རྒྱུ་བཅས་དྲྭ་ཐོག་གི་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་ཡོད་པ་རེད།གཞི་རྩའི་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་ཆོས་དང་བཀའ་སློབ་དེ་དག་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ལས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་སྒྱུར་གྱིས་ཐད་གཏོང་གནང་གི་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་ ༡༩ དེ་ཉིད་རྒྱ་ནག་ནས་ཆེས་ཐོག་མར་ཁྱབ་གདལ་བྱུང་བ་ནས་བཟུང་སྟེ་གསན་གཟིགས་གནང་མཁན་ཚོས་རང་ཉིད་ཀྱི་གནས་ཡུལ་རྒྱལ་ཁབ་དང་དེའི་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་ཀྱི་ཡོད་པ་རེད།

རྒྱ་མི་ཞིག་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་རྒྱུན་ལས་སུ་བདམས་ཐོན་བྱུང་བར་སེམས་འཚབ།

རྒྱ་ནག་གི་སྤྱི་མང་བདེ་འཇགས་ལྷན་ཁང་གི་ཚོགས་གཞོན། Hu Binchen ཟེར་བ་དེ་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་རྒྱུན་ལས་ལ་བདམས་ཐོན་བྱུང་བར་བོད་མི་དང་ཡུ་གུར་བ་སོགས་ཀྱི་མཚོན་པའི་རྒྱ་ནག་གི་དབང་བསྒྱུར་འོག་གི་གྲངས་ཉུང་མི་རིགས་རྣམས་ཀྱིས་སེམས་འཚབ་ཆེན་པོ་བྱེད་བཞིན་འདུག དེ་རིང་གསར་ལམ་དུ་གནས་ཚུལ་ཐོན་པའི་ནང་དུ། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རུ་ཁག་གི་ཚོགས་ཆེན་ཐེངས་ ༨༩ ཐོག རྒྱ་ནག་གི་སྤྱིི་མང་བདེ་འཇགས་ལྷན་ཁང་གི་ཚོགས་གཞོན་ Hu Binchen ཟེར་བ་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རུ་ཁག་གི་རྒྱུན་ལས་ལ་གསར་འདེམས་བྱུང་ཡོད་པ་དང་འབྲེལ་ནས། རྒྱ་ནག་གིས་ཉེན་རྟོག་རུ་ཁག་གི་མཚན་གནས་བེད་སྤྱོད་ལོག་པར་བཏང་ནས་རྒྱ་ནག་གི་དབང་སྒྱུར་འོག་གི་བོད་མི་དང་ཡུ་གུར་ཁ་ཆེ་བ། དེ་བཞིན་ཧོང་ཀོང་བ་དང་ཐེ་ཝན་མི་མང་ལ་དྲག་གནོན་བྱེད་རྒྱུ་ཡིན་པར་མ་ཟད། བཙན་བྱོལ་དུ་ཡོད་པའི་མི་མང་ལ་ཡང་དྲག་གནོན་བྱེད་སྲིད་པར་སེམས་འཚབ་ཡོད་པར་བསྒྲགས་འདུག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་བསྒྲགས་གཏམ་སྤེལ་བའི་ནང་དུ། རྒྱ་ནག་གིས་དུས་རྒྱུན་ནས་རྒྱལ་སྤྱིའི་ཉེན་རྟོག་རུ་ཁག་བེད་སྤྱོད་ཀྱིས་བཙན་བྱོལ་དུ་ཡོད་པའི་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་ཁྲིམས་ཐག་གཅོད་བཞིན་ཡོད་པ་ལུང་འདྲེན་གྱིས། ཐེངས་འདིར་རྒྱ་རིགས་ཤིག་རྒྱལ་སྤྱིའི་ཉེན་རྟོག་རུ་ཁག་གི་རྒྱུན་ལས་ལ་གསར་འདེམས་བྱུང་བ་དེ་ཡིས་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ནས་གོ་སྐབས་བཟུང་སྟེ་སྲིད་དབང་གཅིག་སྡུད་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཤུགས་སྔར་ལྷག་ཆེ་རུ་གཏོང་རྒྱུ་ཡིན་པར་ཡོངས་གྲགས་གནང་སྟེ། རྒྱ་ནག་གིས་རྒྱལ་སྤྱིའི་ཉེན་རྟོག་རུ་ཁག་དེ་ལག་ཆར་བསྒྱུར་ནས་རྒྱ་ནག་ཕྱི་ལོག་གི་བོད་མི་དང་ཡུ་གུར་ཁ་ཆེ་བ་སོགས་ཀྱི་མཚོན་པའི་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དྲག་གནོན་བྱེད་སྲིད་པར་བསྒྲགས་འདུག གཞན་ཡང་བསྒྲགས་གཏམ་དེའི་ནང་དུ། རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ནས་མུ་མཐུད་དུ་དྲག་གནོན་གྱི་སྲིད་བྱུས་སྤེལ་དུ་འཇུག་ཐབས་མེད་པར་བརྗོད་དེ། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་ནག་གིས་སྔར་ལོར་གཏན་འབེབས་བྱས་པའི་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་དེ་ཕྱིར་འཐེན་བྱེད་རྒྱུར་སྐུལ་མ་ནན་མོ་གནང་བ་ཟད། བཙན་བྱོལ་དུ་གནས་བཞིན་པའི་ལས་འགུལ་བ་རྣམས་རྒྱ་ནག་གི་བརྙས་བཅོས་དང་སུན་གཙེར་ལས་སྲུང་སྐྱོབ་བྱེད་དགོས་བའི་ཞུ་སྐུལ་གནང་འདུག གཞན་ཡང་ཉེ་སྔོན་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་བཞི་བཅུ་ལྷག་གིས་རྒྱལ་སྤྱིའི་ཉེས་རྟོག་རུ་ཁག་གི་ཁོངས་སུ་ཡོད་པའི་སྲིད་གཞུང་ཁག་ལ་ཡི་གེ་བཏང་སྟེ། རྒྱ་རིགས Hu Binchen ཟེར་བ་དེ་རྒྱུན་ལས་ཀྱི་ཁོངས་སུ་འོས་འདེམས་བྱས་པ་དེ་ཡིས་རྒྱ་ནག་མི་མང་སྤྱི་དང་བོད་མི། དེ་བཞིན་ཡུ་གུར་ཁ་ཆེ་བ་དང་ཧོང་བ་སོགས་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཞིག་ཆགས་ཡོད་པའི་ཉེན་བརྡ་བཏང་འདུག དེ་བཞིན་རྒྱལ་ཁབ་ཉི་ཤུ་ལྷག་གི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་འཐུས་ཚབ་པ་ལྔ་བཅུ་ལྷག་གིས་མཉམ་རུབ་ཀྱི་ཐོག་ནས་ཕྱག་ཡིག་ཅིག་བྲིས་ཏེ། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་ནག་གིས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་དེ་བེད་སྤྱོད་ལོག་པར་གཏོང་རྒྱུར་གཟབ་གཟབ་བྱེད་དགོས་བའི་འབོད་སྐུལ་གནང་བ་མ་ཟད། རྒྱ་ནག་གིས་གོ་སྐབས་འདི་སྤྱད་ནས་རྒྱལ་སྤྱིའི་ཐོག་ལ་དྲག་གནོན་གྱི་སྲིད་བྱུས་སྤེལ་སྲིད་པའི་སྔོན་བརྡ་བཏང་སྟེ། རྒྱ་རིགས་Hu Binchen ཟེར་བ་དེ་ནི་རྒྱ་ནག་གིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་མིང་ཐོག་ནས་རྒྱ་ནག་དམར་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དྲག་གནོན་བྱེད་མཁན་ཞིག་ཡིན་པར་ཡོངས་གྲགས་གནང་འདུག གཞི་རྩའི་རྒྱ་ནག་གིས་དུས་རྒྱུན་ནས་དམར་ཤོག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དྲག་གནོན་ཤུགས་ཆེར་བྱེད་བཞིན་པ་མ་ཟད། བོད་མི་མང་པོ་ཞིག་ཀྱང་རྒྱལ་ཁབ་ཀྱི་བདེ་འཇགས་དང་གསང་བ་ཕྱིར་བསྒྲགས་བྱས་པའི་མིང་ཐོག་ནས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ནས་རྒྱ་ནག་རྒྱལ་ཡོངས་སུ། Fox Hunt ཞེས་པའི་སྲིད་བྱུས་ཤིག་ལག་བསྟར་གྱིས། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་མིང་ཐོག་ནས་རྒྱ་ནག་དམར་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

བྱང་ཨ་རི་ཁུལ་གྱི་ས་གནས་གཞོན་ནུའི་འགན་འཛིན་ལྷན་ཚོགས་མཇུག་སྒྲིལ།

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༢༥ ནས་ ༢༧ བར་ཁྱོན་ཉིན་གྲངས་གསུམ་གྱི་རིང་ཨ་རིའི་ཁེལ་ཕོ་ནི་ཡ་མངའ་སྡེའི་གྲོང་ཁྱེར་ San Francisco ནང་དུ་ San Francisco ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་ཐོག་བྱང་ཨ་རི་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༩ པ་སྐོང་ཚོགས་བྱས་ཡོད་པ་རེད།ལྷན་ཚོགས་ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་འཛིན་སྐྱོང་འགན་འཛིན་སྤེན་པ་ཚེ་རིང་ལགས་ཆེད་བཅར་གནང་ཡོད་པ་དང་། བྱང་ཨ་རི་ཁུལ་གྱི་ས་གནས་གཞོན་ནུའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༩ ཐོག་དབུས་རྒྱུན་རྣམ་གཉིས་དང་བྱང་ཨ་རི་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་ལྔའི་ཚོགས་གཙོ་ཚོགས་གཞོན་གཙོས་ཚོགས་བཅར་བ་ ༢༡ གིས་ས་གནས་བོད་གཞོན་ནུའི་སྒྲིག་འཛུགས་ཀྱི་གནས་བབ་དང་༸རྒྱལ་བའི་སྐུ་ཕྱྭའི་ཐོག་ལས་དོན་ཞུ་ཐབས། དེ་བཞིན་བོད་རང་བཙན་བསྐྱར་གསོ་དང་འབྲེལ་བའི་ལས་འགུལ་སྤེལ་ཐབས་སོགས་ཁྱོན་གྲོས་གཞི་གཙོ་བོ་བཅུའི་ཐོག་གྲོས་བསྡུར་སྦྱང་བཤད་གནང་སྟེ་མ་འོངས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་ལག་བསྟར་དགོས་པའི་གྲོས་ཆོད་དོན་ཚན་ ༢༧ གཏན་འབེབས་གནང་འདུགརླུང་འཕྲིན་ཁང་གིས་ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཐོག་ཆེད་བཅར་ཞུས་པ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་ཁ་པར་བརྒྱུད་ལྷན་ཚོགས་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་དང་ས་གནས་གཞོན་ནུའི་གནས་བབས་སོགས་ཀྱི་ཐད་ལ་བཀའ་འདྲི་ཁག་ཅིག་ཞུས་པར་རིང་མིན་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་དེ་བཞིན་ལོ་རྗེས་མའི་ཕྱི་ཟླ་ ༢ ཕྱི་ཚེས་ ༤ སྟེ་རྒྱ་ནག་ནང་དགུན་དུས་ཀྱི་ཨོ་ལམ་པིག་རྩེད་འགྲན་དངོས་སུ་གཉེར་བའི་ཉིན་མོ་གཉིས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་གུལ་གཞི་རྒྱ་ཆེན་པོ་སྤེལ་གཏན་འཁེལ་ཡོད་པ་དང་། དེ་བཞིན་ས་གནས་གཞོན་ནུའི་སྒྲིག་འཛུགས་ཁག་སླར་གསོ་དང་སྲ་བརྟན་ལ་དམིགས་ཏེ་རིང་མིན་ཡོ་རོབ་ཁུལ་དུ་ཡང་ལས་འཆར་ཁག་ཅིག་བང་སྒྲིག་ཡོད་པ་སོགས་གསུངས་ཡོད།

Latest news