Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2021

ཁམས་བྲག་མགོ་དགོན་པར་སྟོན་པའི་སྐུ་བརྙན་དང་མ་ཎི་དུང་འཁོར་སོགས་བཙན་དབང་གིས་གཏོར་བཤིག་བཏང་བ།

འདི་ལོའི་ཕྱི་ཟླ་༡༡ པའི་ཟླ་མཇུག་ཙམ་ལ་ཁམས་བྲག་མགོ་རྫོང་དམར་ཤོག་དྲུང་ཆེ་ཝང་ཏུང་ཧྲིན་(王东升) ཟེར་བའི་བཀོད་སྡོམ་འོག་ཁམས་དཀར་མཛེས་ཁུལ་ཏྲེ་ཧོར་བྲག་མགོ་རྫོང་ཐོག་ཏུ་ཡོད་པའི་བྲག་མགོ་དགའ་ལྡན་རྣམ་རྒྱལ་གླེང་དགོན་པའི་སློབ་གྲྭ་སྒོ་རྒྱག་བཅུག་པར་མ་ཟད་ཕྱི་ཟླ་༡༢ ཚེས་ ༡༢ ནས་བཟུང་དགོན་པའི་ཉེ་འཁྲིས་ཀྱི་སྐུ་བརྙན་ཆེན་པོ་གཉིས་དང་། མ་ཎི་དུང་འཁོར་ ༤༥ ཡས་མས་ཤིག་ཡོད་པ་ཚང་མ་གཏོར་བཤིག་བཏང་འདུགའབྲེལ་ཡོད་བོད་མི་ཞིག་གིས་བཞུགས་སྒར་གྱི་བོད་གནས་ལྟ་ཞིབ་ཁང་ལ་དེ་འབྲེལ་གྱི་གནས་ཚུལ་མཁོ་སྤྲོད་གནང་བར་རྒྱ་གཞུང་གིས་དགོན་པའི་ཡིག་ཆ་ཚད་ལྡན་མིན་ལུགས་དང་སྐུ་བརྙན་དེ་འདྲ་ཆེན་པོ་བཞེངས་མི་ཆོག་པ། སྲིད་གཞུང་གི་ངོས་ནས་སློབ་གྲྭ་གསར་འཛུགས་བྱ་རྒྱུ་ཡིན་ལུགས་སོགས་ལ་ཁ་གཡར་ནས་བཙན་དབང་གིས་ཁམས་བྲག་མགོ་ཁུལ་དུ་དམག་མི་འགྲེམས་འཇོག་བྱས་ཏེ་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་པ་དང་ས་གནས་ཀྱི་ཡུལ་མིའི་དད་རྟེན་གྱི་སྐུ་བརྙན་དང་མ་ཎི་དུང་འཁོར་སོགས་གཏོར་བཅོམ་བྱས་ཡོད་པ་འཁོད་འདུགརྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་གསལ་སྤྱི་དམངས་ཀྱི་རང་དབང་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་དང་བཅས་པ་རྩ་མེད་བཟོ་སྟངས་དེ་ནི་བོད་མིའི་རྐང་ལག་བཅག་ནས་རྦད་དེ་ཡར་ལ་ལང་རྒྱུ་མེད་པ་བཟོ་ཐབས་ཤིག་ཡིན་པར་སྐྱོན་བརྗོད་གནང་འདུག གཞི་རྩའི་རྒྱ་གཞུང་གིས་གཏོར་བཤིག་བཏང་བའི་སྐུ་བརྙན་དེ་དག་ནི་རང་བྱུང་ས་ཡོམ་གྱི་ཆག་འཇིག་དང་མུ་གེ། ནད་ཡམས་སོགས་ལྡོག་ཐབས་སུ་ ས་གནས་མང་ཚོགས་ཀྱིས་འགྲོ་གྲོན་རྒྱ་སྒོར་ ༤༠༠༠༠༠ ལྷག་བཏང་ནས་ཕྱི་ལོ་ ༢༠༡༥ ལོར་གསར་བཞེངས་གནང་བ་ཞིག་ཡིན་པ་མ་ཟད། སྐབས་དེར་རྒྱ་ནག་ས་གནས་སྲིད་གཞུང་གིས་ཀྱང་དེར་ཆོག་འཐུས་ཡིག་ཆ་ཚད་ལྡན་སྤྲད་ཡོད་ཁུལ་བྱས་འདུག བྲག་མགོ་དགའ་ལྡན་རྣམ་རྒྱལ་གླེང་དགོན་པའི་ཉེ་འཁོར་གྱི་མ་ཎི་དར་ལྕོག་དང་སྒོ་དར་སོགས་མར་ཕབ་ཏེ་མེར་བསྲེགས་བཏང་ཡོད་པ་རེད།དགེ་ལྡན་ནང་བསྟན་སློབ་གྲྭ་ནི་ཕྱི་ལོ་ ༡༩༩༠ ནང་བཙུགས་པ་ཞིག་ཡིན་པ་དང་སློབ་གྲྭའི་སློབ་གཉེར་བ་ཚང་མ་གྲྭ་པ་ཡིན་ཀྱང་། དབྱར་དགུན་གཉིས་ཀྱི་གུང་གསེང་སྐབས་སུ་ས་ཆ་དེའི་སློབ་འགྲིམ་སློབ་ཕྲུག་ཚོར་དབྱིན་ཡིག་དང་རྒྱ་ཡིག ནང་ཆོས་ངོ་སྤྲོད། ལྷག་པར་དུ་བོད་ཀྱི་སྐད་ཡིག་སློབ་གསོ་གཙོ་ཁྲིད་བྱེད་བཞིན་ཡོད་པ་རེད། སློབ་གྲྭ་དེ་གར་ཁང་མིག་ཆེ་ཆུང་ ༥༠ ཙམ་དང་སློབ་གཉེར་བ་གྲྭ་ཆུང་ ༡༠༠ ལྷག་ཡོད་ཅིང་། སློབ་གྲྭ་སྒོ་བརྒྱབ་རྗེས་སློབ་མ་གྲྭ་ཕྲུག་ ༡༠༠ ལྷག་ཕྱིར་རང་ཁྱིམ་དུ་ལོག་དགོས་བྱུང་ཡོད།

རྒྱ་གར་དབུས་གཞུང་གིས་ཏོག་དབྱིབས་འགོག་ཁབ་གསུམ་པ་བསྐྱོན་འཆར་གྱི་གསལ་བསྒྲགས།

ད་ལྟ་འཛམ་གླིང་གི་ས་ཕྱོགས་གང་སར་ཏོག་དབྱིབས་རིམས་ནད་གསར་མ། ཨོ་མི་ཁི་རོན (Omicron) ཞེས་པ་དེ་ཁྱབ་བརྡལ་ཆེར་འགྲོ་བཞིན་པའི་གནས་བབ་དང་སྟབས་བསྟུན་གྱིས། ཁ་སང་རྒྱ་གར་སྲིད་བློན་ན་རེན་ཊ་མོ་ཊི་མཆོག་གིས་མང་ཚོགས་ཀྱི་འཕྲོད་བསྟེན་སྤྱི་དང་ཏོག་ནད་སྔོན་འགོག་དང་འབྲེལ་བའི་གསལ་བསྒྲགས་ཤིག་བསྐྱངས་བའི་ནང་དུ།  ཟླ་བ་རྗེས་མའམ། ལོ་རྗེས་མའི་ནང་དུ་ལོ་ན་རྒན་གྲས་ལ་རིམས་ནད་སྔོན་འགོག་གི་སྨན་ཁབ་གསུམ་པ་དང་། དེ་བཞིན་ལོ་ཆུང་བྱིས་པ་རྣམས་ལ་ཏོག་དབྱིབས་སྔོན་འགོག་གི་སྔོན་ཁབ་དང་པོ་དེ་བསྐྱོན་རྒྱུ་ཡིན་པར་བསྒྲགས་འདུགཁ་སང་གཟའ་སྤེན་པའི་ཉིན་གྱི་རྒྱ་གར་དབུས་གཞུང་གི་གསལ་བསྒྲགས་དེའི་ནང་དུ། ད་ལྟའི་བར་དུ་རང་ལོ་བཅོ་བརྒྱད་ཧྲིལ་བོ་ཟིན་པ་རྣམས་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་སྨན་ཁབ་སྐྱོན་ཡོད་དང་། ཟླ་བ་རྗེས་མའི་ཚེས་གསུམ་ནས་བཟུང་།  བྱིས་པ་ལོ་ ༡༥ ནས་ ༡༨ སོན་པ་རྣམས་ལ་རིམས་ནད་སྔོན་འགོག་གི་སྨན་ཁབ་ Covaxin ཞེས་པ་དེ་བསྐྱོན་རྒྱུ་ཡིན་དང་དེ་བཞིན་སྨན་བཅོས་ལྟ་སྐྱོང་གི་མདུན་མཆོང་མི་སྣ་དང་གཞན་ཡང་རང་ལོ་ ༦༠ ཡན་སོན་པ་རྣམས་ལ་ཟླ་བ་རྗེས་མའི་ཚེས་ ༡༠ ནས་བཟུང་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་སྨན་ཁབ་བབ། ཡང་ན་ལུས་ཟུངས་གསོ་བཅུད་ཀྱི་སྨན་ཁབ་གསུམ་པ་ཞིག་བསྐྱོན་རྒྱུར་འགོ་འཛུགས་བྱེད་རྒྱུ་ཡིན་པར་བསྒྲགས་འདུག རིམས་ནད་སྔོན་འགོག་གི་སྨན་ཁབ་གསུམ་དེ་སྐྱོན་རྒྱུར་ཆ་རྐྱེན་བཞག་ཡོད་པའི་ཁོངས་སུ། གཅིག་ནས་ལས་རིགས་ཀྱི་ཆ་ནས་རིམས་ནད་དང་འབྲེལ་བའིི་སྨན་བཅོས་ལྟ་སྐྱོང་གི་འབྲེལ་ཡོད་ཀྱི་མདུན་མཆོང་མི་སྣ་ཡིན་དགོས་དང་། དེ་མིན་གྱི་ལོ་ན་དྲུག་བཅུའི་ཡན་གྱི་རྒན་གྲོས་རྣམས་ཡིན་ཚེ་གཅིག་ནས་སྔོན་ཁབ་གཉིས་བ་བསྐྱོན་ནས་ཟླ་བ་༥ ནས་༦ ཟིན་དགོས་བ་ཞིག་ཡིན་པ་མ་ཟད།  དུས་རྒྱུན་ནས་འཕྲོད་བསྟེན་གྱི་གནས་བབ་ཞན་ཞིང་གཅོང་ནད་ཀྱི་སྨན་བཅོས་བསྟེན་མཁན་གྱི་ངོས་སྦྱོར་ཡི་གེ་དགོས་བར་བརྗོད་འདུགད་ལྟའི་ཆར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་གཙོ་བྱས་པའི་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་ཏོག་དབྱིབས་རིམས་ནད་ཀྱི་རླབས་རྒྱུན་གསུམ་པ་ཁྱབ་བརྡལ་འགྲོ་མུས་ཁྲོད། རྒྱ་གར་གྱི་གྲོང་ཁྱེར་ལྡི་ནི་དང་ maharashtra མངའ་སྡེ་གཙོ་བྱས་པའི་ས་ཁུལ་གང་སར་ཏོག་དབྱིབས་རིམས་ནད་གསར་མ། ཨོ་མི་ཁི་རོན་ཞེས་པ་དེ་ཁྱབ་བརྡལ་འགྲོ་བཞིན་པའི་ཁྲོད་ད་ལྟའི་བར་དུ་རྒྱ་གར་གྱི་ནང་དུ་ཨོ་མི་ཁི་རོན་འགོས་ཁྱབ་བྱུང་བའི་ནད་པ་ ༥༧༨ ལྷག་བྱུང་ཡོད་པ་དང་བསྟུན་ནས་མངའ་སྡེ་སོ་སོའི་ནང་དུ་རིམས་ནད་སྔོན་འགོག་ལ་གཞིགས་པའི་མཐོ་སློབ་ཁག་སྐབས་སུ་སྒོ་བརྒྱབ་སྟེ་མི་མང་འདུ་འཛོམ་ས་ལ་ཚོད་འཛིན་བྱེད་བཞིན་པ་ལྟར། མངའ་སྡེ་ཁག་ཅིག་གི་ནང་དུ་མཚན་མོ་མང་ཚོགས་འགྲིལ་བཞུད་མི་ཆོག་པའི་བཀག་རྒྱ་བསྡམས་པའི་ཁྲོད། གྲོང་ཁྱེར་ལྡི་ལི་དང་མངའ་སྡེ maharashtra, Karnataka, Assam, Madhya Pradesh, Gujarat, Haryana  དང་ Uttar Pradesh སོགས་ཀྱི་མཚོན་པའི་མངའ་སྡེ་ཁག་ཅིག་གི་ནང་དུ་དགོང་དྲོའི་ཕྱག་ཚོད་ ༩ བ་ནས་ཞོགས་པའི་ཕྱག་ཚོད་༦ པའི་བར་དུ་མང་ཚོགས་འགྲིལ་སྐྱོད་མི་ཆོག་པའི་བཀའ་རྒྱ་བཏང་སྡེ་མི་མང་གི་འགྲོ་འདུག་ལ་ཚོད་འཛིན་གྱིས་རིམས་ནད་སྔོན་འགོག་ལ་ཤུགས་སྣོན་བྱེད་མུས་རེད་འདུགགཞི་རྩའི་བདུན་ཕྲག་སྔོན་མའི་ནང་གི་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་  ༩༡  སྤེལ་བའི་ནང་དུ།  ད་ལྟ་བར་དུ་རྒྱ་བལ་གཉིས་ནང་ཏོག་ནད་གསར་མ། ཨོ་མི་ཁི་རོན་ཞེས་པ་འགོས་ཁྱབ་བྱུང་བའི་གནད་དོན་གཅིག་ཀྱང་བྱུང་མེད་པར་བརྗོད་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་ད་བར་བོད་མི་ཏོག་དབྱིབས་ནད་པ་མི་གྲངས་ ༦༩༧༦ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༦༨༠༠ དང་། རྐྱེན་འདས་སུ་ཕྱིན་པ་ ༡༦༢། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་གྲངས་ ༡༤  ཡོད་འདུག དེ་བཞིན་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་ ༤༦༧༧༤ དང་། དང་པོ་བརྒྱབ་ཟིན་པའི་མི་གྲངས་ ༣༥༠༢  ཆགས་ཡོད་འདུག

རེས་གཟའ་ཉི་མ། ༢༠༢༡།༡༢།༢༦

ཉན་པ།: Listen ཕབ་ལེན། Download བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་དང་གོ་གནས། དེ་བཞིན་ལས་རིགས་ཀྱི་དབྱེ་བ་སོགས་ཀྱི་སྐོར་གླེང་བ། ༢༠༡༡ ལོར་༸གོང་ས་མཆོག་གིས་སྲི་ཞུ་བར་སྩལ་བའི་བཀའ་སློབ། Sunday 26/12/2021 Functions of CTA's Public Service Commission: In conversation with the Commission's Secretary Dalai Lama's Speech to CTA staff, 2001

རེས་གཟའ་སྤེན་པ། ༢༠༢༡།༡༢།༢༥

ཉན་པ།: Listen ཕབ་ལེན། Download བསྟན་འཛིན་བརྩོན་འགྲུས་ལགས་དང་ལྷན་ཧི་མཱ་ལ་ཡའི་བོད་དོན་དྲིལ་བསྒྲགས་ལས་འགུལ་སྐོར་གླེང་མོལ། Saturday 25/12/2021 Tibet Activist Tenzin Tsundue and his ‘Walking the Himalayas’ campaign

རྒྱ་ནག་ནང་གི་དྲ་རྒྱའི་ཐོག་ཕྱི་ཕྱོགས་ཀྱི་ཚོགས་སྒེར་ནས་ཆོས་སྤེལ་མི་ཆོག་པའི་ཁྲིམས་གསར་པ་གཏན་འབེབས།

རྒྱ་ནག་གཞུང་གི་ངོས་ནས་ཕྱི་ཕྱོགས་ལ་ཡོད་མཁན་མི་སྣ་སྒེར་དང་ཚོགས་པ་སུ་འདྲ་ཞིག་གིས་རྒྱ་ནག་ནང་ལོག་གི་དྲ་རྒྱའི་ཐོག་ཆོས་སྤེལ་མི་ཆོག་པའི་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱས་ཏེ། རིང་མིན་ ༢༠༢༢ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡ ནས་ལག་བསྟར་བྱེད་འགོ་འཛུགས་རྒྱུ་རེད་འདུག རྒྱ་ནག་ཉམས་ཞིབ་པ་དང་ཐེ་ཝན་སྐུ་ཚབ་དོན་གཅོད་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་ཀྱི་གསུངས་པར་གཞིགས་ན། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ནི་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་ཞེས་པའི་སྲིད་བྱུས་ཀྱི་ཆ་ཤས་ཆགས་ཀྱི་ཡོད་པ་དང་ཁྲིམས་སྒྲིག་གསར་པ་དེའི་འོག་བོད་མིའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བཅས་ཕྱོགས་ཡོངས་ནས་རྩ་གཏོར་གཏོང་ཉེན་ཡོད་པའི་སྲིད་བྱུས་ཉེན་ཚབས་ཅན་ཞིག་ཆགས་ཀྱི་ཡོད་པ་གསུངས་སོང་། དེ་ཡང་ཟླ་བ་འདིའི་ཚེས་ ༢༡ ཉིན་ Global Times ཞེས་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་རྒྱ་ནག་གི་ཆོས་ལུགས་ལས་དོན་ལྷན་ཁང་དང་དྲ་ལམ་བདེ་འཇགས་སྲུང་སྐྱོབ་ལས་ཁུངས། བཟོ་ལས་ཆ་འཕྲིན་འཕྲུལ་རིགས་ལྷན་ཁང་། སྤྱི་བདེ་ལྷན་ཁང་། དེ་བཞིན་རྒྱལ་ཁབ་བདེ་འཇགས་ལྷན་ཁང་བཅས་ལས་ཁུངས་ལྔ་ཡིས་མཉམ་རུབ་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ་ཕྱི་ཕྱོགས་ལ་ཡོད་པའི་ཆོས་བརྒྱུད་འདྲ་མིན་གྱི་བླ་མ་བླ་ཆེན་དང་ཚོགས་པ་སོགས་སུ་འདྲ་ཞིག་གིས་རྒྱ་ནག་ནང་ལོག་གི་དྲ་རྒྱའི་ཐོག་ཆོས་སྤེལ་མི་ཆོག་པ་དང་། རྒྱ་ནག་ནང་དུ་ཡོད་པའི་ཆོས་སྡེ་འདྲ་མིན་རྣམས་ནས་དྲ་རྒྱའི་ཐོག་ཆོས་ཕྱོགས་དང་འབྲེལ་བའི་གནས་ཚུལ་དང་རྒྱང་བསྲིང་གང་བྱེད་དགོས་ཡོད་པ་ཡིན་ཡང་སྡེ་ཁག་སོ་སོའི་ཞིང་ཆེན་རིམ་པའི་ལས་ཁུངས་ནས་ཆོག་མཆན་ཞུས་པའི་ཐོག་ནས་བྱེད་དགོས་པ་དང་། ཆོག་མཆན་ཐོབ་པའི་ཆོས་ཕྱོགས་ཀྱི་སྡེ་ཁག་རྣམས་ནས་རྒྱལ་ཁབ་ཀྱི་ཁྲིམས་དང་སྤྱི་ཚོགས་བརྟན་བརླིང་སོགས་ཀྱི་འབྲུ་དོན་དང་མཐུན་པའི་ཆོས་སྤེལ་དགོས་པ་དང་། ཆོས་སྤེལ་བའི་ཁྲོད་རྒྱལ་ཁབ་ལ་དགའ་ཞེན་དང་ཆོས་ལུགས་དང་འབྲེལ་བའི་ཁྲིམས་སོགས་ལ་བརྩི་བཀུར་ཞུ་རྒྱུའི་བློ་གོང་འཕེལ་གཏོང་དགོས་པ་འཁོད་འདུག རྒྱ་གཞུང་གི་ལག་བསྟར་བྱེད་ལ་རན་པའི་ཁྲིམས་སྒྲིག་གསར་པ་དེའི་ནང་དུ། གཞུང་གི་ཆོག་མཆན་ཡོད་པའི་ཆོས་ལུགས་སྡེ་ཁག་ཚོས་མ་གཏོགས་དྲ་ཐོག་ཆོས་སྤེལ་བ་དང་བརྒྱུད་སྐུལ་བྱེད་མི་ཆོག་པ་མ་ཟད། ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་ཐད་གཏོང་བྱེད་པ་དང་། དྲ་ཐོག་ནས་ཕབ་ལེན་བྱེད་པ་སོགས་མི་ཆོག་པ། མ་ཟད་དྲ་རྒྱའི་ཐོག་ཆོས་ཀྱི་མིང་ཐོག་ནས་ཞལ་འདེབས་དང་དངུལ་བསྡུ་རུབ་སོགས་གང་ཡང་བྱེད་མི་ཆོག་པ་སོགས་འཁོད་པ་མ་ཟད། དྲ་ལམ་ཐོག་ཆོས་ལུགས་ཁྱབ་སྤེལ་ཁྲོད་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པ་དང་། ལོ་ཆུང་ཚོར་ཆོས་ལ་བློ་ཁ་སྒྱུར་དགོས་པའི་ངན་སྐུལ་སོགས་ཆོག་གི་མེད་སྐོར་དང་འབྲེལ། རྒྱལ་ནང་གི་ཆོས་ཕྱོགས་ཀྱི་ཚོགས་སྒེར་སུ་འདྲ་ཞིག་གིས་ཕྱི་རྒྱལ་གྱི་ཚོགས་སྒེར་ཁག་དང་ལག་འབྲེལ་གྱིས་ཆོས་ལུགས་ཁྱབ་སྤེལ་བརྒྱུད་རྒྱལ་ཁབ་དང་དྲ་རྒྱའི་བདེ་འཇགས་ཐད་ཉེན་ཚབ་བཟོས་པ་ཡིན་ན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ངོས་ནས་དེ་དོན་ལག་ལེན་བསྟར་རྒྱུ་ཡིན་པ་སོགས་འཁོད་འདུག དེ་དོན་འདི་གའི་གསར་འགོད་པས་ཐེ་ཝན་སྐུ་ཚབ་དོན་གཅོད་དང་རྒྱ་ནག་ཉམས་ཞིབ་པ་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། རྒྱ་གཞུང་གིས་བྱ་འགུལ་གསར་པ་དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་ཕྱི་ལོ་ ༢༠༡༧ ལོར་གཏན་འབེབས་བྱས་པའི་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་འོག་ནས་སྤེལ་བཞིན་ཡོད་པ་དང་། སྲིད་བྱུས་དེའི་འོག་རྒྱ་ནག་ནང་ལོག་གི་ཆོས་ཕྱོགས་ཀྱི་ལས་དོན་ཡོངས་རྫོགས་རྒྱ་ནག་དམར་པོའི་གཞུང་གི་སྟངས་འཛིན་རང་གི་འོག་ལ་འགྲོ་ཐུབ་པར་དམིགས་ཡོད་པ་ཞིག་ཡིན་པར་གསུངས་སོང་། ཁོང་གིས་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལྟ་བུར་ཆ་མཚོན་པ་ཡིན་ན། ༸གོང་ས་མཆོག་གཙོ་བོར་གྱུར་བའི་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་ཁག་མང་ཆེ་བ་བཙན་བྱོལ་ནང་དུ་ཡོད་སྟབས། བོད་ནང་གི་བོད་མི་རྣམས་ནས་སོ་སོའི་བླ་མའི་གསུང་ཀྱི་བདུད་རྩི་མ་ཐོབ་པ་དང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། མི་རིགས་དང་གཅིག་སྒྲིལ་གྱི་རྩ་བ་བཅས་ཕྱོགས་ཡོངས་ནས་རྩ་མེད་གཏོང་རྒྱུར་དམིགས་པའི་སྲིད་བྱུས་ཉེན་ཚབས་ཅན་ཞིག་ཡིན་པ་གསུངས་སོང་། རྩ་བའི་ཉེ་ཆར་རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གི་ཆོས་རིགས་ལས་དོན་དང་འབྲེལ་བའི་རྒྱལ་ཡོངས་ཚོགས་ཆེན་ཚོགས་པའི་ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཆོས་དང་སྤྱི་ཚོགས་བསྐྲུན་རྒྱུའི་ལས་དོན་རྒྱ་ཆེར་སྤེལ་དགོས་པར་ནན་བརྗོད་བྱས་པ་དང་། དེའི་ཁྲོད་བོད་བརྒྱུད་ནང་བསྟན་དང་ཡི་ཤུ། དེ་བཞིན་ཁ་ཆེ་སོགས་རྒྱ་ནག་ནང་གི་ཆོས་རིག་ལས་དོན་གང་ཅིའི་ཐོག་དྲ་རྒྱའི་ལྟ་སྲུང་སོགས་ཤུགས་ཆེ་རུ་གཏོང་དགོས་པར་བརྗོད་འདུག

རེས་གཟའ་པ་སངས། ༢༠༢༡།༡༢།༢༤

ཉན་པ།: Listen ཕབ་ལེན། Download རྒྱ་ནག་ནང་གི་དྲ་རྒྱའི་ཐོག་ཕྱི་ཕྱོགས་ཀྱི་ཚོགས་སྒེར་ནས་ཆོས་སྤེལ་མི་ཆོག་པའི་ཁྲིམས་གསར་པ་གཏན་འབེབས། ཤིན་ཅང་ནང་གི་ངལ་རྩོལ་དང་འབྲེལ་ཚོང་ཟོག་ནང་འདྲེན་མི་ཆོག་པའི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་པ། བོད་མིའི་སྤྱི་ཚོགས་ནང་Omicron ནད་དུག་གསར་པ་ཁྱབ་གདལ་མི་འགྲོ་བར་འབད་རྩོན་གནང་དགོས། ལྷོ་ཕྱོགས་བོད་མི་རྣམས་ལ་སེམས་ཁམས་འཕྲོད་བསྟེན་ཐད་གོ་རྟོགས་ཀྱི་ལས་རིམ་སྤེལ་བ། Friday 24/12/2021 China bans foreigners from spreading religious content online Biden signs bill banning imports from China’s Xinjiang over Uyghur ‘genocide’ CTA alerts Tibetans over rising Omicron cases in India DOH on mental health awareness tour in South India

ཆོས་ལུགས་མཐུན་འབྲེལ་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱག་ལས་གནང་མཁན་མི་སྣ་གསུམ་ལ་གཉན་ཡོད་གཟེངས་རྟགས་ཆེས་ཐོག་མ་འབུལ་བཞེས།

ཧིན་དྷུའི་བླ་ཆེན་ Swami Chidanand Saraswati ལགས་དང་ཐེ་ཝན་ནས་ཡིན་པ་སྐུ་ཞབས་ Her Rey Sheng ལགས། ལ་དྭགས་ནས་ཡིན་པ་སྐུ་ཞབས་ Mohammed Deen ལགས་བཅས་གསུམ་ལ་ཆོས་ལུགས་མཐུན་འབྲེལ་གྱིས་མཚོན་པའི་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པར་ཆེ་བསྟོད་ཀྱིས་འདི་ལོའི་གཉན་ཡོད་ཐེབས་རྩ་ལྷན་ཁང་གི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གཉན་ཡོད་གཟེངས་རྟགས་ཆེས་ཐོག་མ་འབུལ་བཞེས་གནང་འདུག རྒྱལ་སྤྱིའི་རང་བཞིན་ལྡན་པའི་གཉན་ཡོད་གཟེངས་རྟགས་དེ་བཞིན་༸སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལྟར། སྔ་ལོ་ཨ་རིར་གཉན་ཡོད་ཐེབས་རྩ་ལྷན་ཁང་ཞིག་གསར་འཛུགས་ཀྱིས་ཚོགས་པ་དེའི་ག་སྒྲིག་འོག་འདི་ལ་ནས་བཟུང་ལོ་ལྟར་འབྲེལ་ཡོད་གལ་ཆེའི་མི་སྣ་ཁག་ལ་འབུལ་གཏན་འཁེལ་བ་ཞིག་ཡིན་པ་རེད། འདི་ལོའི་གཉན་ཡོད་གཟེངས་རྟགས་དེ་བཞིན་སྡེ་ཚན་གསུམ་གྱི་ཐོག་ནས་གནད་ཡོད་མི་སྣ་གསུམ་ལ་འབུལ་གནང་མཛད་ཡོད་ཅིང་། དེའི་ཁོངས་ནས་གཟེངས་རྟགས་དང་པོ་དེ་ཆོས་ལུགས་མཐུན་འབྲེལ་གྱིས་མཚོན་པའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་ཁག་ལ་འབད་བརྩོན་ཤུགས་དྲག་གནང་མཁན་ཧིན་དྷུའི་བླ་ཆེན་ Swami Chidanand Saraswati ལགས་ཡིན་པ་དང་གཟེངས་རྟགས་གཉིས་པ་དེ་འགྲོ་བ་མི་རིགས་ཀྱི་བདེ་སྡུག་གིས་མཚོན་པའི་གལ་ཆེའི་ལས་དོན་ཁག་ལ་ཐུགས་སྣང་ཆེན་པོས་ཕྱག་ལས་གནང་མཁན་ཐེ་ཝན་ནས་ཡིན་པ་སྐུ་ཞབས་ Her Rey Sheng ལགས། གཟེངས་རྟགས་གསུམ་པ་ཁོར་ཡུག་ཐོག་ལ་ཕྱག་ལས་ཤུགས་ཆེ་གནང་མཁན་ལ་དྭགས་ནས་ཡིན་པ་སྐུ་ཞབས་ Mohammed Deen ལགས་བཅས་ལ་ཐོབ་ཡོད་པ་རེད། རྩ་བའི་གཉན་ཡོད་གཟེང་རྟགས་ཀྱི་དམིགས་ཡུལ་གཙོ་བོ་ནི་དེང་སྐབས་འཛམ་གླིང་ས་ཡི་གོ་ལ་འདིར་ཆོས་ལུགས་ནང་ཕན་ཚུན་མཐུན་འབྲེལ་མེད་པའི་དབང་གིས་ཞི་བདེ་ལྷིང་འཇགས་མེད་པ་སོགས་ཀྱི་ངལ་བ་མང་དག་ཞིག་འཕྲད་བཞིན་པར་བརྟེན་ལོ་ངོ་དུ་མའི་སྔོན་ནས་འབྲི་གུང་༸སྐྱབས་མགོན་མཆོག་སྐུ་སྒེར་གྱི་ངོས་ནས་དངོས་ཡོད་གནས་བབས་དང་བསྟུན་ཧི་མཱ་ལ་ཡའི་ས་ཁུལ་ཁག་ཏུ་གངས་ཀྱི་མཆོད་རྟེན་དང་གངས་རི་རྫུས་མ་དུ་མ་བཟོ་གནང་བ། དེ་བཞིན་ལྗང་བསྒྱུར་དང་རང་བསྒྱུར་གྱིས་མཚོན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་གནང་མཛད་པ་མ་ཟད། ཆོས་ལུགས་ཁག་གི་བླ་ཆེན་ཚོ་དང་ལྷན་དུ་མཇལ་འཕྲད་ཀྱིས་ཛ་དྲག་གི་གནད་དོན་ཁག་ལ་བཀའ་བསྡུར་གནང་བ་སོགས་ཀྱིས་མཚོན་པའི་ལས་འགུལ་དུ་མ་ཞིག་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པ་ལྟར། འཛམ་གླིང་འདིར་ཆོས་ལུགས་མཐུན་འབྲེལ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་ཕྱག་ལས་གནང་བཞིན་པའི་གནད་ཡོད་མི་སྣ་དུ་མ་ཞིག་ཡོད་པ་རྣམས་ཀྱི་སྤོབས་པ་ཡར་བསྐྱེད་དང་གུས་བཀུར་ཆེ་མཐོང་ཞུ་བ། དེ་བཞིན་དེ་ལྟ་བུའི་རྣམ་དཀར་གྱི་བྱ་བ་རྣམས་བསྟུད་མར་གནང་སྐྱོང་ཡོང་བའི་འབོད་སྐུལ་གྱི་ཚུལ་དུ་ཡིན་པ་རེད།

རེས་གཟའ་ཕུར་བུ། ༢༠༢༡།༡༢།༢༣

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་འཚམས་འདྲི་མཛད་འདུག རྒྱ་གར་ངོས་ནས་ཆོས་ལུགས་མཐུན་སྒྲིལ་ཐོག་ཞབས་འདེགས་བླ་མེད་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཀའ་སྩལ་སོང་། ལྕམ་སྐུ་ Uzra Zeya ལགས་ཀྱིས་༸གོང་ས་མཆོག་དང་བོད་མིའི་འགོ་ཁྲིད་ཚོ་དང་མཇལ་འཕྲད་གནང་རྒྱུའི་འདུན་པ་ཡོད་པར་གསུངས་འདུག སྐུ་ཞབས་ Sujeet Kumar མཆོག་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་བཞག ཆོས་ལུགས་མཐུན་འབྲེལ་དང་ཁོར་ཡུག་ཐོག་ཕྱག་ལས་གནང་མཁན་གསུམ་ལ་གཟེངས་རྟགས་འབུལ་བཞེས། ཧོང་ཀོང་སློབ་གྲྭཆེན་མོས་གནམ་བདེ་སྒོ་མོ་ཆེའི་རྗེས་དྲན་གྱི་རྡོ་རིང་གཏོར་བཤིག་བཏང་བ། Thursday 23/12/2021 Dalai Lama congratulates US Special Coordinator for Tibet India role model for religious harmony; HHDL speaks to students and faculties of IIM, Rohtak Eager to visit India and meet HHDL and CTA officials: Uzra Zeya Indian Parliamentary Forum for Tibet revived, Shri Sujeet Kumar elected new Convener Tibetan religious leader initiates first Shravasti awards University of Hong Kong removes Tiananmen Massacre monument

རྒྱ་གར་ནས་འཛམ་གླིང་སྤྱིར་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་ཞབས་འདེགས་རླབས་ཆེན་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད།

དེ་རིང་རྒྱ་གར་གྱི་སྔ་དྲོ་ཕྱག་ཚོད་ ༨།༣༠ ཡོལ་ཙམ་ལ་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མངའ་སྡེ་ཧར་ཡ་ནའི་གྲོང་ཁྱེར་རའོ་ཊག་ནང་རྟེན་གཞི་བྱས་པའི་ Indian Institute of Management (IIM) ཞེས་རྒྱ་གར་འཛིན་སྐྱོང་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། བྱམས་པ་དང་ཤེས་རབ་ཀྱིས་དཀའ་ངལ་ལ་གདོང་ལེན་བྱ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་སོང་བ་དང་།  སྐབས་དེར་༸མགོན་པོ་མཆོག་གིས་ད་ལན་རྒྱ་གར་གྱི་གྲོགས་པོ་ཚོ་དང་ལྷན་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དང་།  འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ནས་རྒྱ་གར་དེ་བཞིན་༸གང་ཉིད་མཆོག་གི་ཁྱིམ་ཆགས་ཡོད་སྐོར་བཀའ་སྩལ་ཏེ། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་གི་རང་གི་ཐུན་མོང་མིན་པའི་རིག་གཞུང་འཚེ་མེད་ཞི་བའི་ལྟ་གྲུབ་དང་བྱམས་སྙིང་རྗེའི་ཉམས་ལེན་གྱིས་ང་ཚོས་ད་ཆ་རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་རྣམས་མཐུན་སྒྲིལ་ཐོག་མཉམ་གནས་ཡོད་པ་མཐོང་ཐུབ་སྐོར་བཀའ་སྩལ་སོང་། དེ་བཞིན་༸གོང་ས་མཆོག་གིས་༸མགོན་པོ་མཆོག་ནས་དུས་ཀུན་མང་ཚོགས་ལ་རྒྱ་གར་དཔེ་མཚོན་དུ་བཞག་གནང་ནས་ཆོས་ལུགས་མཐུན་སྒྲིལ་ནི་ཡོང་ཐུབ་ངེས་ཤིག་ཡིན་པ་བཀའ་སྩལ་ཏེ།     རྒྱ་གར་ནས་འཛམ་གླིང་སྤྱིའི་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་ཞབས་འདེགས་བླ་མེད་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད་པ་བཀའ་སྩལ་སོང་།    ཆབས་ཅིག་༸མགོན་པོ་མཆོག་གིས་དེང་དུས་ཀྱི་རྒྱ་གར་ལྟ་བུར་མཚོན་ན་མང་ཚོགས་ནས་ཤེས་ཡོན་ཐད་གཙོ་བོ་ཕྱིའི་དངོས་པོ་ཡར་རྒྱས་དང་འབྲེལ་སློབ་སྦྱོང་ལ་རྩོལ་འདོན་ཤུགས་ཆེར་གནང་གི་ཡོད་པ་དང་སྒོས་སུ་ང་ཚོས་ཤེས་ཡོན་ནང་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་ཡོད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་བྱམས་སྙིང་རྗེ་ཉམས་ལེན།  དེ་ཡང་ཆོས་ལུགས་ལ་ལྟོས་མེད་སློབ་ཁྲིད་གནང་བར་འབད་རྩོན་མང་ཙམ་དགོས་པས་རྒྱ་གར་གྱི་སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་ནས་དེའི་ཐད་ཐུགས་སྣང་གནང་བའི་རེ་བ་ཡོད་ཅེས་བཀའ་སྩལ་སོང་། དེ་བཞིན་༸གང་ཉིད་མཆོག་གིས།  རྒྱ་གར་ལ་དེང་དུས་ཀྱི་ཤེས་ཡོན་དང་གནའ་རབས་ཀྱི་གཞུང་གཉིས་ཟུང་འབྲེལ་བྱེད་རྒྱུར་ནུས་པ་ཡོད་པ་དང་།  ༸གང་ཉིད་མཆོག་ནས་རྗེས་ལ་ལྡི་ལིར་ཆིབས་བསྒྱུར་མཛད་དེ་ནེ་རུ་མཐོ་སློབ་ཀྱི་སློབ་དཔོན་ཁག་ཅིག་དང་ལྷན་དེའི་ཐད་བཀའ་བསྡུར་མཛད་རྒྱུའི་དགོངས་པ་ཡོད་སྐོར་བཀའ་སྩལ་སོང་། བཀའ་སློབ་གྲུབ་མཚམས་སུ་༸མགོན་པོ་མཆོག་ལ་དྲ་ཐོག་ནས་ལྷན་བཞུགས་གནང་མཁན་ཚོས་བཀའ་འདྲི་ཁག་ཅིག་ཞུས་པའི་ཁྲོད། ༸རྒྱལ་བ་རིན་པོ་ཆེ་བོད་དུ་འཁྲུངས་པ་ཞིག་ཡིན་ཡང་༸གང་ཉིད་མཆོག་ Son of India ཞེས་རྒྱ་གར་གྱི་སྲས་པོ་ཞིག་ཡིན་ཞེས་བཀའ་སྩོལ་བཞིན་ཡོད་པས་ང་ཚོས་དེར་སྤོབས་པ་ཡོད་པ་དང་༸གང་ཉིད་མཆོག་གིས་དེ་ལྟར་བཀའ་སྩོལ་དགོས་དོན་ཅི་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར།  ༸གོང་ས་མཆོག་གིས་ངོས་རང་བོད་དུ་འཁྲུངས་པ་ཞིག་ཡིན་ནའང་བོད་ཀྱི་རིག་གཞུང་ནི་ནཱ་ལན་ཌའི་གཞུང་ལ་གཞིར་བཞག་པ་ཡིན་པ་དང་།  ངོས་རང་ཆུང་བྱིས་པའི་དུས་ནས་རྒྱ་གར་གྱི་མཁས་པས་ལྗགས་རྩོམ་མཛད་པའི་གཞུང་རྣམས་ལ་སློབ་གཉེར་བྱས་ཡོད་པ་མ་ཟད།  ཕྱིས་སུ་ཆབ་སྲིད་ཀྱི་རྩོད་རྙོག་རྐྱེན་རྒྱ་གར་ལ་བཙན་བྱོལ་དུ་གྱར་དགོས་བྱུང་སྟེ་རྒྱ་གར་གཞུང་གི་སྐུ་མགྲོན་དུ་གྱུར་བས།  ངོས་རང་རིག་གཞུང་གི་ཆ་ནས་རྒྱུ་མཚན་མང་དག་ཅིག་ལ་བརྟེན་ནས་རྒྱ་གར་བ་ཞིག་ཡིན་པ་ཚོར་གྱི་འདུག་ཅེས་བཀའ་སྩལ་སོང་།དེ་བཞིན་༸མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་མི་རབས་གསར་པ་ཚོར་མི་ཚེ་བཟང་པོ་ཞིག་སྐྱེལ་པར་བརྡ་ལན་དང་སྦྲགས།  རྒྱ་གར་དང་རྒྱ་ནག་གཉིས་ནི་འཛམ་གླིང་ནང་ནས་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཆགས་ཀྱི་ཡོད་པ་དང་། ལྷག་པར་རྒྱ་གར་ལྟ་བུར་མཚོན་ན་མང་གཙོའི་རྒྱལ་ཁབ་དང་ཆོས་དད་རང་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད།  ད་ཆ་རྒྱལ་སྤྱིའི་ཁྲོད་མང་པོ་ཞིག་གིས་རྒྱ་གར་གྱི་རིག་གཞུང་ལ་དོ་སྣང་གནང་གི་ཡོད་པས།  རྒྱ་གར་གྱི་གཞོན་སྐྱེས་ཚོས་འདས་པའི་ལོ་ངོ་བཅུ་ཕྲག་རིང་རྒྱ་གར་ཡར་རྒྱས་གང་འདྲར་ཕྱིན་ཡོད་མེད་ཀྱི་གནས་སྟངས་ལ་བསམ་བློ་བཏང་ན་སྤོབས་པ་སྐྱེས་ཤིང་དེ་བཞིན་རྒྱ་གར་གྱི་གནའ་རབས་ཀྱི་རིག་གཞུང་བཟང་པོ་དག་རྒྱུན་སྐྱོང་གནང་རྒྱུ་གལ་ཆེན་ཡིན་པ་བཀའ་སློབ་ལམ་སྟོན་སྩལ་སོང་།    

Latest news