Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2021

༸གོང་ས་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་འཚམས་འདྲི་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་དང་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ནས་བསྐོ་བཞག་གནང་པའི་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ལགས་ལ་འཚམས་འདྲི་དང་སྦྲགས། གང་མགྱོགས་དངོས་སུ་མཇལ་འཕྲད་ཐུབ་རྒྱུའི་ཐུགས་རེ་ཡོད་པ་བཀའ་སྩལ་འདུག དེ་ཡང་དེ་རིང་ཕྱི་ཚེས་ ༢༣ ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ལགས་ཀྱི་མཚན་ཐོག་ལ་ཕྱག་བྲིས་ཤིག་སྩལ་བ་བརྒྱུད་ལྕམ་སྐུ་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་བྱུང་བར་འཚམས་འདྲི་དང་སྦྲགས། ལས་ཡུན་གྱི་རིང་ལ་བོད་ནང་གི་བོད་མིའི་གནས་སྟངས་བཟང་དུ་གཏོང་རྒྱུའི་ཐོག་ལ་དོན་སྙིང་ལྡན་པའི་ཕྱག་ལས་གནང་ཐུབ་རྒྱུའི་ཐུགས་རེ་ཆེན་པོ་ཡོད་ཅེས་བཀའ་སྩལ་འདུག་པ་མ་ཟད། ཨ་རི་སྲིད་གཞུང་གིས་ད་བར་འགྱུར་བ་མེད་པར་བོད་དོན་ལ་རྒྱབ་སྐྱོར་བརྟན་པོ་གནང་བཞིན་པ་དེ་དག་ནི་བོད་མིའི་འཚེ་མེད་ཞི་བའི་རང་དབང་འཐབ་རྩོད་ཀྱི་བློ་སྤོབས་རྒྱུན་གནས་ཐུབ་པའི་གཞི་རྩ་གལ་ཆེན་ཞིག་ཆགས་ཡོད་ཅེས་བཀའ་སྩལ་འདུག མ་ཟད་མགོན་པོ་གང་ཉིད་མཆོག་ནས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་མི་མང་གིས་འོས་འདེམས་གནང་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ཟིན་ཀྱང་། བོད་མིའི་ངོ་བོ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་དགོངས་པ་ཆེ་བཞེས་མཛད་བཞིན་པ་བཀའ་འབྲེལ་དང་སྦྲགས། ད་རེས་ལྕམ་ Uzra Zeya ལགས་ཀྱིས་ལས་གནས་འདི་བཞེས་ཏེ་བོད་དོན་སྐོར་གསུངས་བཤད་ཐོག་མ་དེ་གནང་པའི་ནང་ལ་བོད་མིའི་ངོ་བོ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་དེ་གལ་གནད་ཆེན་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་འདུག ལྷག་པར་དུ་༸གོང་ས་མཆོག་གིས་ད་ཆ་རྒྱལ་སྤྱིའི་ཐོག་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་། བྱམས་བརྩེ་དང་འབྲེལ་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གིས་འཛམ་གླིང་འདིའི་ཐོག་ལ་བཟང་ཕྱོགས་ཀྱི་ཞབས་འདེགས་བསྒྲུབ་རྒྱུ་ཡོད་པར་ངོས་འཛིན་དང་ཆ་འཇོགས་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། སྔ་ཕྱི་ཙམ་མ་གཏོགས་བོད་དོན་བདེན་མཐའ་སེལ་ངེས་ཡིན་པའི་ཐུགས་རེ་དེ་ད་ལྟ་ཡང་བརྟན་པོར་གནས་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག ལྕམ་ Uzra Zeya ལགས་དང་བོད་མིས་འོས་འདེམས་གནང་པའི་འགོ་ཁྲིད་ཚོའི་དབར་ལ་འབྲེལ་བ་དམ་ཟབ་ཡོད་མུས་ཐོག མགོན་པོ་གང་ཉིད་མཆོག་དང་ལྕམ་སྐུ་མཆོག་གང་མགྱོགས་དངོས་སུ་མཇལ་འཕྲད་ཀྱིས་དགོངས་ཚུལ་བརྗེ་རེས་ཀྱི་མཚོན་པའི་གནད་དོན་ཁག་གི་ཐོག་ལ་གྲོས་བསྡུར་གནང་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་པ་བཀའ་སྩལ་འདུག གཞན་ཡང་འཚམས་འདྲི་དེའི་ནང་ལ་༸གོང་ས་མཆོག་ནས་ལྕམ་ Uzra Zeya ལགས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཙམ་མ་ཟད། ཨ་རིའི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐུགས་འགན་བཞེས་མུས་ཐོག་ཉེ་ཆར་ཨ་རིས་སྣེ་ཁྲིད་གནང་སྟེ་རྒྱལ་སྤྱིའི་མང་གཙོའི་གནད་དོན་དང་འབྲེལ་བའི་ཚོགས་འདུ་ཆེ་གྲས་ཤིག་འཚོགས་ཐུབ་པར་འགའ་བསུ་དང་སྦྲགས། མགོན་པོ་གང་ཉིད་མཆོག་ནས་དུས་རྒྱུན་དུ་ཨ་རི་དེ་བཞིན་རྒྱལ་སྤྱིའི་ཐོག་མང་གཙོའི་གཞི་རྩའི་ལྟ་གྲུབ་དང་། རང་དབང་གོང་སྤེལ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་སྣེ་ཁྲིད་གནང་མཁན་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་བཀའ་ནན་མཛད་འདུག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོ་དང་མཇལ་འཕྲད་གནང་རྒྱུའི་འདུན་པ་ཡོད་པ་གསུངས་འདུག གཞི་རྩའི་ལྕམ་ Uzra Zeya ལགས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་ཏེ་ཉིན་གཅིག་ལས་མ་སོང་བའི་མཚམས་ཏེ། ཁ་སང་ཕྱི་ཚེས་ ༢༢ ཉིན་དྲ་ཐོག་བརྒྱུད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་སྒྲུབ་ལགས་དང་། གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་རྣམ་པ་བཅས་དང་མཇལ་འཕྲད་གནང་ཡོད་པ་དང་། ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱི་ཐོག་ནས་ལྕམ་ Uzra Zeya ལགས་ལ་འཚམས་འདྲི་དང་། ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཨ་རའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ལགས་ལ་ཐུགས་རེ་ཆེན་པོ་གནང་བཞིན་པ་སོགས་སྙན་གསེང་ཞུས་འདུག་པ་མ་ཟད། ལྕམ་ Zeya ལགས་ཀྱིས་སྐབས་དེར་བོད་ཀྱི་གཙོས་པའི་ཕྱོགས་གཉིས་ཀྱི་ལས་དོན་ཐོག་ནུས་པ་མཉམ་སྤུང་གནང་རྒྱུའི་ཞལ་བཞེས་གནང་བ་དང་། ལྷག་པར་དུ་ཟླ་བ་རྗེས་མའི་ནང་ལ་ཁོང་རྒྱ་གར་དུ་ཕེབས་ཏེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོ་དང་མཇལ་འཕྲད་གནང་རྒྱུའི་འདུན་པ་ཡོད་པ་གསུངས་འདུག

སྐུ་ཞབས་ Sujeet Kumar མཆོག་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་བཞག

ཁ་ས་ཕྱི་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ངོས་ནས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམ་པར་འཚམས་འདྲིའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་པ་དེའི་ཐོག རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས Shri Sujeet Kumar ལགས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་སྤྱི་མོས་ཀྱིས་བསྐོ་བཞག་བྱུང་འདུག དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་དགུན་དུས་གྲོས་ཚོགས་འཚོགས་བཞིན་པའི་གོ་སྐབས་དང་བསྟུན། ཁ་སྔོན་ཕྱི་ཚེས་ ༡༤ ཉིན་ནས་བོད་དོན་ཞུ་སྐུལ་ཆེད་རྒྱལ་ས་ལྡི་ལིར་ཆེད་ཕེབས་གནང་ཡོད་པ་དང་། ཚོགས་ཆུང་ཁོངས་སུ་ཡོད་པའི་བོད་མི་མང་སྤྱི་འཐུས་ཆོས་གྲགས་རྒྱ་མཆོ་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ན། ཚོགས་ཆུང་ངོས་ནས་དེ་རིང་བར་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་མི་༤༠ལྷག་ལ་བོད་དོན་ཞུ་གཏུགས་གནང་བ་མ་ཟད། ད་དུང་ཨ་རི་དང་། ཁ་ན་ཊ། ཐེ་ཝན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ལ་སོགས་པའི་ཕྱི་རྒྱལ་གཞུང་ཚབ་ཁག་ཅིག་ལ་ཡང་བོད་དོན་ཞུ་སྐུལ་གནང་ཡོད་པ་རེད། ཁ་སང་ཕྱི་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དངོས་སུ་ལྡི་ལིར་ཆེད་ཕེབས་ཀྱིས་Imperial གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམ་པར་འཚམས་འདྲིའི་གསོལ་ཚིགས་ཤིག་འདེགས་འབུལ་དང་འབྲེལ་ཚོགས་འདུ་ཞིག་ཚོགས་ཏེ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་སླར་གསོ་གནང་བ་དང་སྦྲགས། རྒྱ་གར་གཞུང་མང་གཉིས་ལ་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་ཡང་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་འབོད་སྐུལ་སོགས་ཞུས་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་པའི་འཚམས་འདྲིའི་གསོལ་སྟོན་དེའི་ཐོག ཚོགས་ཕེབས་ཆབ་སྲིད་ཚོགས་པ་ཐུན་མོང་ནས་ཨོ་རི་ས་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Shri Sujeet Kumar ལགས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་སྤྱི་མོས་ཀྱིས་བསྐོ་གཞག་གནང་འདུག གཞི་རྩའི་ད་རེས་ཀྱི་སྤྱི་འཐུས་སྐུ་ཚབ་ཁོངས་སུ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་། དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། ་ཆོས་གྲགས་རྒྱ་མཚོ་ལགས་བཅས་ཡོད་པ་དང་། འདི་ལོ་གསར་དུ་འོས་འདེམས་བྱུང་བའི་སྤྱི་འཐུས་ལོ་ན་ཆུང་ཤོས་ཆོས་གྲགས་རྒྱ་མཚོགས་ལགས་ཀྱིས་ ཁོང་སྒེར་ངོས་ནས་ཐོག་མར་ཚོགས་ཆུང་ནང་བསྐོ་བཞག་བྱུང་སྐབས་ཕྲན་བུའི་ཐེ་ཚོམ་བྱུང་འདུག་ཀྱང་ད་ཆ་དངོས་སུ་ལས་དོན་ནང་ཞུགས་སྐབས་དམིགས་བསལ་དཀའ་ངལ་བྱུང་མེད་པ་མ་ཟད། ཆབ་སྲིད་ཀྱི་བརྡ་ལན་གསར་པ་དེ་འདྲ་དང་། མ་འོངས་པར་ད་དུང་མུ་མཐུད་བོད་དོན་ཞུ་སྐུལ་ལས་དོན་དེ་ལྟ་བུ་སྤེལ་ཐུབ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་ཚོར་བ་ཞིག་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

རྒྱ་གཞུང་གིས་འཁོན་ལན་ཚུལ་དུ་ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མི་བཞིར་སྲིད་དོན་གྱི་ཉེས་ཆད་བཅད་པ།

ཉེ་ལམ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་ཨ་རིའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་གནད་དོན་དང་འབྲེལ་རྒྱ་ནག་གཙོས་འབར་མ་དང་བྱང་ཀོ་རི་ཡ་སོགས་རྒྱལ་ཁབ་ཁག་ཅིག་གི་འཕྲུལ་ལས་མཉེན་ཆས་དང་དམག་དོན་ཚོང་ལས་ཁང་དེ་བཞིན་མི་སྣ་ཁག་ཅིག་ལ་སྲིད་དོན་གྱི་ཉེས་ཆད་འགེལ་ཏེ་ཨ་རིའི་ནང་འགྲུལ་བཞུད་མི་ཆོག་པ་དང་ཨ་རིའི་ནང་གི་རྒྱུ་དངོས་ཁག་བེད་སྤྱོད་གཏང་མི་ཆོག་པ་གསལ་བསྒྲགས་སྤེལ་ཡོད་པ་ལྟར། ཁས་ས་རྒྱ་ནག་གིས་དེར་འཁོན་ལན་ཚུལ་དུ་ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མི་བཞིར་སྲིད་དོན་གྱི་ཉེས་འཆད་འགེལ་འདུགདེ་ཡང་ཁས་ས་ Reuters གསར་ཁང་གཙོས་བརྒྱུད་ལམ་གཞན་ཁག་ནས་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་མི་སྣ་བཞི་པོ་དེར་རྒྱ་ནག་སྐམ་ས་ཆེན་པོ་ནང་འགྲུལ་བཞུད་བྱེད་རྒྱུར་བཀག་སྡོམ་དང་། རྒྱ་ནག་གཙོས་ཧོང་ཀོང་དང་Macao ནང་གི་རྒྱུ་དངོས་རྣམས་བེད་སྤྱོད་བྱེད་རྒྱུར་བཀག་སྡོམ། དེ་བཞིན་རྒྱ་ནག་གི་ཚོགས་སྡེ་ཁག་དང་རྒྱ་རིགས་མི་སེར་ཡིན་པ་རྣམས་ཁོང་ཚོ་དང་ལྷན་འབྲེལ་བ་བྱེད་ཆོག་གི་མེད་ཞེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ Zhao Lijian གྱིས་བཤད་འདུག རྒྱ་ནག་གིས་སྲིད་དོན་ཉེས་ཆད་འགེལ་བའི་མི་སྣ་བཞི་པོ་ཁོངས་སུ་ཡོད་པ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་སྐུ་ Nadine Maenza ལགས་ཀྱིས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་ཚབས་ཆེ་དང་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བའི་ཐད་ཐུགས་ཚབ་དང་སྦྲགས་སྐྱོན་འཛུགས་ཤུགས་ཆེ་བྱེད་བཞིན་པའི་ཁྲོད་འདིར་རྒྱ་ནག་ཕྱོགས་ནས་དེར་འཁོན་ལན་ཚུལ་དུ་གཞི་རྩ་མེད་པ་དང་སྲིད་དོན་གྱི་ཉེས་ཆད་འཕར་མ་འགེལ་བར་ཧང་སངས་མ་སོང་ཞེས་གསུངས་འདུག ད་ལན་རྒྱ་ནག་གིས་སྲིད་དོན་ཉེས་ཆད་འགེལ་བའི་མི་སྣ་ཁོངས་གཞན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Nury Turkel ལགས་དང་སྤྱི་ཁྱབ་Anurima Bhargava ལགས་དེ་བཞིན་ James W. Carr. ལགས་བཅས་བཞི་པོའི་མཚན་ཐེར་འདོན་བྱས་འདུག རྩ་བའི་ཨ་རིས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་འབྲེལ་ད་ལན་ཙམ་མ་ཟད་དེ་སྔའང་རྒྱ་ནག་གི་ཆབ་སྲིད་མི་སྣ་སོགས་ལ་སྲིད་དོན་གྱི་ཉེས་ཆད་འགེལ་བ་བྱུང་ཡོད་ལ། རྒྱ་ནག་ངོས་ནས་ཀྱང་དེ་སྔོན་ཨ་རིའི་ཚོགས་སྒེར་ཁག་ཅིག་ལ་འཁོན་ལན་ཚུལ་དུ་སྲིད་དོན་ཉེས་ཆད་འགེལ་བ་མ་ཟད་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ Gayle Manchin ལགས་གཙོས་སྤྱི་ཁྱབ་གཞན་གཉིས་ལ་ཉེས་ཆད་འགེལ་བ་བྱུང་ཡོད།  

རེས་གཟའ་ལྷག་པ། ༢༠༢༡།༡༢།༢༢

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་གིས་འཁོན་ལན་ཚུལ་དུ་ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མི་བཞིར་སྲིད་དོན་གྱི་ཉེས་ཆད་བཅད་པ། RSS གཙོ་འཛིན་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་དེས་རྒྱ་གར་ནས་བོད་དོན་ཐོག་བཞེངས་ཕྱོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་བཞིན་པ་མཚོན་ཡོད། བོད་ལ་དུས་འགྱུར་བྱུང་ཟིན་པའི་རྗེས་ཧི་མ་ལ་ཡའི་ཁྱིམ་ཚང་མང་དག་ཅིག་གི་ཁྱིམ་མི་ད་དུང་ཡང་ཕྱིར་ལོག་མ་ཐུབ་པར་བོད་ནང་ལུས་ཡོད། ཐུབ་བསྟན་བསམ་འཕེལ་ལགས་ཀྱི་དཔེ་དེབ་ Copper Mountain ཞེས་པའི་སྐོར། Wednesday 22/12/2021 China bars four from U.S. panel on religious freedom in response to sanctions Meeting Between Dalai Lama, RSS Chief Reflects India's 'Evolving Approach' on Tibet, Reckons Expert Walking the Himalayas: Tibet activist concludes Himalayan tour Copper Mountain: Thupten Samphel on his newly launched book

རེས་གཟའ་མིག་དམར། ༢༠༢༡།༡༢།༢༡

ཉན་པ།: Listen ཕབ་ལེན། Download ལྕམ་སྐུ་ Uzra Zeya ལགས་ཀྱིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གཙོས་བོད་དོན་ཐོག་འབྲེལ་ཡོད་ཚོ་དང་འབྲེལ་བ་དམ་ཟབ་ཀྱིས་ཕྱག་ལས་གནང་རྒྱུ་ཡིན་ཞེས་གསུངས་པ། གཞོན་ནུའི་སྦག་སྦག་སྐོར་སྐྱོད་པ་རྣམས་གྷོ་ཝ་མངའ་ཁུལ་དུ་འབྱོར་བ། ཧོང་ཀོང་གི་འོས་བསྡུར་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་ཆེ་བའི་འཐུས་མི་ཁག་ལ་རྒྱལ་ཁ་ཐོབ་པར་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཀྱི་བློ་འཚབ། སྤོན་ཊ་གཏན་སློབ་འཛིན་རིམ་ལྔ་པ་བར་གཅོག་རྒྱུ་དང་འཛིན་རིམ་དྲུག་པ་ཡན་གྱི་དགེ་སློབ་ཕྲུག་རྣམས་སློབ་ཁག་གཉིས་ནང་ཟླ་སྒྲིལ། གླུ་གཞས་ལས་རིམ། རང་གསལ་དཔལ་ལྡན་ལགས་ཀྱི་སྒོར་གཞས་ཕེབས་ཤོག་ཕེབས་ཤོག Tuesday 21/12/2021 US Tibet Special coordinator assures commitment to resume Sino-Tibet dialogue, CTA welcomes her appointment Boycott Beijing Olympics: All India motorbike rally reaches Goa Grave concern as Pro-Beijing candidates sweep victories at Hong Kong polls STS Paonta Sahib now a primary school, senior students to be clubbed with 2 other schools MUSIC FEATURE: Gorshey Phebsho by Rangsel Palden

བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གཙོས་བོད་དོན་ཐོག་འབྲེལ་ཡོད་ཚོ་དང་འབྲེལ་བ་དམ་ཟབ་ཀྱིས་ཕྱག་ལས་གནང་རྒྱུ་ཡིན་ཞེས་གསུངས་པ། 

ཁ་སང་ཕྱི་ཟླ་ ༡༢ ཕྱི་ཚེས་ ༢༠ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ ANTONY BLINKEN མཆོག་གིས་གཞུང་འབྲེལ་གྱི་གསར་འགོད་བསྒྲགས་གཏམ་ཞིག་ཡོངས་གྲགས་གནང་སྟེ་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ཨ་རིའི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་གཞོན་ལས་རོགས་ལྕམ་སྐུ་ Uzra Zeya ལགས་ཨ་རི་སྲིད་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་ཡོད།སྐབས་དེར་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་ལྕམ་སྐུ་ Uzra Zeya ལགས་ནས་ཨ་རིའི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐོག་ཐུགས་འགན་བཞེས་མུས་ཐོག་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་འཕར་མ་ཞིག་བཞེས་ཏེ་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་བྱུང་བའི་ཨ་རིའི་བོད་དོན་སྲིད་བྱུས་དང་ཕྱི་ལོ་ ༢༠༢༠ ལོར་གཏན་འབེབས་བྱུང་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ནང་གསལ་དགོངས་དོན་ཁག་ཕྱག་བསྟར་གནང་རྒྱུ་དང་། ལྷག་པར་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ། མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ། ཡང་ན་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་དང་ལྷན་དུ་འབྲེལ་མོལ་བསྐྱར་གསོ་གནང་སྟེ་བོད་དོན་ཐག་གཅོད་ཐུབ་རྒྱུར་འབད་བརྩོན་གནང་དགོས་པར་གསུངས་འདུག ད་རེས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱས་པ་འདིས་ཨ་རིའི་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་གཅེས་འཛིན་བྱ་རྒྱུ། དེ་བཞིན་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་། བོད་མིའི་འཚོ་ཐབས་དང་འབྲེལ་བའི་རོགས་སྐྱོར་སོགས་ཀྱི་ཐོག་ཨ་རི་སྲིད་གཞུང་ནས་རྒྱབ་སྐྱོར་གཏན་པོ་ཡོད་པའི་མཚོན་རྟགས་ཤིག་ཀྱང་རེད་ཅེས་སོགས་གསུངས་འདུགཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ ANTONY BLINKEN མཆོག་ནས་ལྕམ་ Uzra Zeya ལགས་ཨ་རི་སྲིད་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་མ་ཐག་ལྕམ་ Uzra Zeya ལགས་ཀྱིས་ལས་གནས་དེ་བཞེས་པ་དང་སྦྲགས་རང་ཉིད་ཀྱི་ Twitter དྲ་གནས་བརྒྱུད་བོད་དོན་སྐོར་གསུང་བཤད་ཆེས་ཐོག་མ་དེ་གནང་འདུག་པ་དང་ཁོང་གིས་ཨ་རི་སྲིད་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་བཟང་དུ་གཏོང་རྒྱུ་དང་བོད་ཀྱི་ལོ་རྒྱུས་ལྡན་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐོག་ཕྱག་ལས་གནང་རྒྱུའི་དམ་བཅའ་གཏན་པོ་ཡོད་ཅེས་གསུངས་ཡོད། ལྷག་པར་དུ་ཁོང་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་པའི་རིང་བོད་མི་གཙོས་མཐུན་གྲོགས་ཀྱི་སྡེ་ཚན་ཁག་དང་ནུས་པ་མཉམ་སྤུངས་ཀྱིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ། མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བསྐྱར་མཐུད་གནང་སྟེ་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཐོབ་པར་འབད་བརྩོན་གནང་གི་ཡིན་ཞེས་གསུངས་ཡོད། བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ The  Reciprocal Access to Tibet Act ཞེས་པ་དེ་ཕྱག་བསྟར་བརྒྱུད་ཨ་རིའི་ཕྱི་འབྲེལ་མི་སྣས་གཙོས་པའི་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་གང་མང་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་ཐུབ་ཐབས་དང་། ཨེ་ཤ་ཡའི་མི་སེར་ཐེར་འབུམ་མང་པོའི་འཚོ་རྟེན་དང་འབྲེལ་བའི་བོད་ཀྱི་ཁོར་ཡུག་དང་གཙང་པོ་ཁག་སྲུང་སྐྱོབ་གནང་རྒྱུའི་ཐོག་འབད་བརྩོན་གནང་རྒྱུ་མ་ཟད། སྐྱབས་བཅོལ་བོད་མིའི་འཚོ་ཐབས་དང་མདུན་ལམ་གོང་འཕེལ་དང་འབྲེལ་བའི་ལས་གཞི་ཁག་ལ་གཟིགས་རྟོག་གིས་མུ་མཐུད་རོགས་སྐྱོར་གནང་གི་ཡིན་ཞེས་གསུངས་ཡོད་པ་རེད། དེ་བཞིན་འགྲོ་བ་མིའི་ཐབ་ཐང་གི་གནས་སྟངས་དང་འབྲེལ་རྒྱ་ནག་གཞུང་ནས་བོད་ནང་ཙམ་མ་ཟད་ཕྱི་ཕྱོགས་ལ་ཡོད་པའི་བོད་མིའི་ཐོག་ལྟ་སྲུང་དང་བསུན་གཙེར། བརྙས་བཅོས་སོགས་ཀྱི་བྱ་འགུལ་སྤེལ་མཚམས་འཇོག་དགོས་པ་དང་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་འགལ་བའི་བསུན་གཙེར་གྱི་ལས་གཞི་སྤེལ་བཞིན་པ་དེ་དག་གིས་རྒྱལ་ཁབ་ཕན་ཚུན་དབར་གྱི་བདེ་འཇགས་ལ་དོ་ཕོག་བཏང་བ་ཞིག་ཀྱང་མཚོན་གྱི་ཡོད་ཅེས་གསུངས་འདུགད་རེས་ལྕམ་ Uzra Zeya ལགས་ཨ་རི་སྲིད་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་དང་བསྟུན་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་ཨ་རི་དང་བོད་གཉིས་ཀྱི་འབྲེལ་བའི་བྱུང་རབས་ཁག་ཅིག་ངོ་སྤྲོད་གནང་བ་དང་སྦྲགས་ཏེ། ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་སྲིད་འཛིན་གྱི་མཛད་འགན་བཞེས་ཏེ་ལོ་གཅིག་མ་འཁོར་བའི་ནང་ཚུད་ལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་ཐུབ་པར་དགའ་བསུའི་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཏུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞེས་པའི་ཆབ་སྲིད་ཀྱི་གོ་གནས་འདི་ད་ཆ་ཨ་རི་ནང་ཙམ་མ་གཏོགས་རྒྱལ་ཁབ་གཞན་ལ་མེད་སྟབས་རྩ་ཆེན་པོ་ཞིག་དང་རེ་བ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་ཡོད། སྲིད་སྐྱོང་མཆོག་ནས་ཉེ་ཆར་ཨ་རིའི་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༦༠ ལྷག་གིས་ལྕམ་ Uzra Zeya ལགས་ཀྱི་མཚན་ཐོག་ལ་བོད་དོན་ཐོག་གནང་དགོས་པའི་ལས་དོན་དོན་ཚན་བཅུ་ཅན་གྱི་ཞུ་ཡིག་ཞིག་ཕུག་བར་ཐུགས་རྗེ་ཆེ་ཞུས་ཡོད།གཞན་ཡང་གནས་ཚུལ་དེ་དང་འབྲེལ་ནས་ཨ་རི་ནང་ལ་བོད་དོན་ཞུ་གཏུག་སོགས་ཀྱི་ལས་དོན་ཐོག་རྐང་འགན་བཞེས་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་བར་བརྒལ་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས་རྣམ་གཉིས་ཀྱིས་དྲ་ཐོག་བརྒྱུད་དཔྱད་ཞིབ་གནང་འདུག་པ་དང་། དེའི་ནང་བུ་ཆུང་ཚེ་རིང་ལགས་ཀྱིས་ལོ་ངོ་བཅུ་ལྷག་བར་མཚམས་ཆད་པའི་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཐུབ་རྒྱུ་དང་ད་ཆ་རྒྱ་ནག་གཞུང་ནས་བོད་ནང་ལ་བོད་མི་རྣམས་རྒྱ་སྒྱུར་བྱེད་བཞིན་པའི་དུས་སྐབས་སོགས་ཀྱི་ཆ་ནས་ལྕམ་སྐུ་ཁོང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་དེ་གནད་འགག་ཆེན་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། ལྷག་པར་དུ་ལྕམ་ Uzra Zeya ལགས་དེ་སྔའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཚོ་དང་མི་འདྲ་བར་ཕྱི་སྲིད་ལས་ཁུངས་ནང་དུ་བོད་དོན་ཐོག་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་སྟབས་ལེགས་པའི་རང་བཞིན་ཡོང་རྒྱུའི་རེ་བ་ཡོད་པ་སོགས་གསུངས་འདུག གཞི་རྩའི་ལྕམ་ Uzra Zeya ལགས་རྒྱ་གར་གྱི་མངའ་སྡེ་བི་ཧཱར་ནས་ཨ་རིར་གཞིས་སྤོས་གནང་བའི་རྒྱ་གར་གྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས་པའི་བེུད་ཅིག་ཡིན་པ་དང་། ཁོང་གིས་འདས་པའི་ལོ་དུས་ནང་ལ་དེ་སྔ་ཨ་རིའི་སྲིད་འཛིན་སྐུ་ཞབས་ Obama སྲིད་གཞུང་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་ལས་གནས་དང་དེ་བཞིན་ཨ་རིའི་སྐུ་ཚབ་ཐོག་ནས་ Arab དང་ Egypt ལྷག་པར་དུ་རྒྱ་ནག་སོགས་སུ་ཞི་བདེ་དང་ཆོས་དད་རང་དབང་སོགས་ཀྱི་ཐད་ཕྱག་ལས་གནང་མྱོང་ཡོད་པ་དང་། ཁོང་འདི་ལོའི་ཕྱི་ཟླ་ ༤ ནང་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་ཨ་རིའི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་བཞག་གནང་བའི་བརྒྱུད་རིམ་ཁྲོད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་གཞིར་བཞག་གིས་རྒྱ་ནག་གི་བྱེད་ཕྱོགས་ཁག་ལ་གདོང་ལེན་ནན་པོ་གནང་རྒྱུ་ཡིན་ཞེས་གསུངས་ཡོད་ལ། ལྕམ་སྐུ་ཛེ་ཡ་ལགས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་པ་ནི་དེ་སྔ་ཕྱི་ལོ་ ༡༩༩༧ ལོར་སྐུ་ཞབས་ Greg Craig ལགས་ནས་ཐུགས་འགན་བཞེས་པ་དེ་ནས་བཟུང་སྟེ་ད་ཆ་ཐུགས་འགན་བཞེས་མཁན་གྱི་གནད་ཡོད་མི་སྣ་ཨང་བདུན་པ་དེ་ཆགས་ཀྱི་ཡོད་པ་རེད།

གཞོན་ནུའི་སྦག་སྦག་སྐོར་སྐྱོད་པ་རྣམས་གྷོ་ཝར་འབྱོར་འདུག

འཚོགས་ལ་ཉེ་བའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གནང་མཁན་གཞོན་ནུའི་ལས་འགུལ་བ་རྣམས་ཁ་སང་རྒྱ་གར་ལྷོ་་ཕྱོགས་གཞི་ཆགས་མོན་གྷོ་ནས་ཐོན་སྟེ་ Goa མངའ་ཁུལ་དུ་འབྱོར་འདུགགྷོ་ཝར་གནས་བཞུགས་བོད་མི་ཉུང་ངུ་ལས་མེད་ཀྱང་ཁོང་རྣམས་ཀྱིས་ལས་འགུལ་བ་རྣམས་ཁུལ་དེར་འབྱོར་སྐབས་སྣེ་ལེན་གཟབ་རྒྱས་ཞུས་འདུགལོ་མང་རིང་བོད་དོན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་མངའ་སྡེ་དེའི་བློན་ཆེན་ Shri  Micheal lobo ལགས་དང་མཇལ་འཕྲད་ཐོབ་པ་མ་ཟད་ས་གནས་སུ་གསར་འགོད་ལྷན་ཚོགས་དང་མངའ་སྡེའི་མཐོ་སློབ་ཞིག་གི་ནང་དུ་བོད་དོན་ཐོག་གཏམ་བཤད་གནང་རྒྱུའི་གོ་སྐབས་ཀྱང་ཐོབ་འདུགལས་འགུལ་ནང་མཉམ་ཞུགས་གནང་མཁན་དང་ལྟི་ལི་ས་གནས་གཞོན་ནུའི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་གསར་འགོད་ལྷན་ཚོགས་སྐབས་ལས་འགུལ་གྱི་དགོས་འདུན་དོན་ཚན་ལྔ་པོའི་ཁོངས་ནས་རྒྱ་ནག་ནང་ཨོ་རྩལ་འཚོགས་རྒྱུ་མེད་པའི་ཐོག་དོ་སྣང་ཆེན་པོ་གནང་ཡོད་པ་དང་ལས་འགུལ་བ་རྣམས་ཀྱིས་དེའི་ཐོག་འགྲེལ་བཤད་རྒྱས་པ་གནང་ཡོད་སྐོར་གསུངས་འདུགགཞི་རྩའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གནང་རྒྱུ་གཙོས་དགོས་འདུན་དོན་ཚན་ ༥ ཅན་ཡོད་པའི་ཐེངས་འདིའི་གཞོན་ནུའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཕྱི་ཚེས་ ༡༠ ཉིན་སྦེང་ལོར་གྲོང་ཁྱེར་ནས་དབུ་འཛུགས་ཀྱིས་ད་བར་སྦེལ་ཀོབ་བོད་མིའི་གཞིས་ཆགས་དང་མོན་གྷོ་འདོད་རྒུ་གླིང་ལ་སྐོར་སྐྱོད་གནང་ཡོད་པ་དང་། ཟླ་བ་གཅིག་རིང་གི་ལས་འགུལ་དེ་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་བཅུའི་ནང་སྐོར་སྐྱོད་ཀྱིས་རྒྱལ་ས་ལྡི་ལིར་མཇུག་སྒྲིལ་གནང་འཆར་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༢༡།༡༢།༢༠

ཉན་པ།: Listen ཕབ་ལེན། Download སྐུ་ཞབས་ Mohan Bhagwat མཆོག་གཙོས་ RSS ཡི་ཆེས་མཐོའི་དཔོན་རིགས་ཁག་ཅིག་ལ་གཟིམ་ཆུང་མཇལ་ཁ། སངས་རྒྱས་མཚོ་ལགས་གློད་བཀྲོལ་བཏང་ཀྱང་སྐུ་གཟུགས་གནས་སྟངས་ཞན་པོ་གྱུར་བ། ཡོ་རོབ་བོད་རིགས་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་གཉིས་པ། Amazon ཡིས་ཞི་ཅིན་ཕིང་དང་འབྲེལ་བའི་དཔེ་དེབ་བསྐྱར་ཞིབ་དང་མིང་ཕྱིར་འཐེན། བོད་དོན་རྒྱབ་སྐྱོར་བ་ཞིག་གི་སྐུ་ཟླ་འདས་གྲོངས་སུ་གྱུར་བར་བོད་མི་ཚོས་མཆོད་འབུལ་སྨོན་ལམ། ཀརྨ་ཐུབ་བསྟན་ལགས་དང་ལྷན་དུ་དགེ་འདུན་པའི་ཆེད་དུ་ཚན་རིག་ལས་འཆར་གྱི་སྐོར་བཅར་འདྲི། Monday 20/12/2021 RSS Chief Mohan Bhagwat meets Dalai Lama, reiterates Tibet support Tibetan political prisoner released in dire health condition 2nd General meeting of Tibetans in Europe held in Paris Report reveals Amazon partnered with China propaganda arm Long time Tibet supporter’s wife Manjula Rathore passes away, Tibetans hold prayer vigil Science for Monks and nuns Project: Interview with Executive Director Karma Thupten

སྐུ་ཞབས་ Mohan Bhagwat མཆོག་གི་དབུ་ཁྲིད་པའི་ RSS ཆེས་མཐོའི་དཔོན་རིགས་ཁག་ཅིག་ནས་༸གོང་ས་མཆོག་དང་མཇལ་ཞུས།

དེ་རིང་ཟླ་ ༡༢ ཚེས་ ༢༠ ཉིན་གྱི་སྔ་དྲོར་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པ་ RSS ཡི་གཙོ་འཛིན་སྐུ་ཞབས་  Mohan Bhagwat མཆོག་གིས་དབུས་པའི་ཚོགས་པའི་དབུ་ཁྲིད་རྒན་གྲས་སྐུ་ཞབས་ Indresh Kumar ལགས་དང་ཚོགས་པའི་བྱང་ཕྱོགས་སྤྱི་ཁྱབ་པ་བཅས་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷན་མཇལ་ཞུས་སོང་།སྐུ་ཞབས་ Indresh Kumar ལགས་ཀྱིས་གསུངས་པར་གཞིགས་ན། མཇལ་ཁའི་སྐབས་སུ་༸གོང་ས་མཆོག་གིས་རྒྱ་གར་ནི་ཆོས་ལུགས་མཐུན་སྒྲིལ་ཐད་འཛམ་གླིང་ཡོངས་ལ་དམིགས་དཔེ་ལྟ་བུ་ཞིག་ཆགས་ཡོད་པ་བཞིན་རྒྱ་གར་གཞུང་མང་གི་ངོས་ནས་རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་ཡོད་པ་དེ་གོང་འཕེལ་གནང་གལ་ཡིན་པར་བཀའ་སྩལ་ཡོད་འདུག     སྐབས་དེར་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པ་ RSS ཚོགས་པའི་གཙོ་འཛིན་མཆོག་ནས་ཀྱང་སྐབས་དེར་༸གོང་ས་མཆོག་ལ་རྒྱ་གར་གྱི་ངོས་ནས་ད་བར་བོད་མི་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གནང་ཡོད་ལ། མ་འོངས་པར་དེ་ལྟར་མུ་མཐུད་གནང་རྒྱུའི་ཞལ་བཞེས་ཞུས་འདུགགཞི་རྩའི་སྔ་ལོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཆེས་ཆེར་སོང་བ་ནས་བཟུང་འཛམ་གླིང་ཁྱོན་ལ་སྒོ་རྒྱ་བསྡམས་པའི་གནས་སྟངས་རིམ་པ་བྱུང་བའི་ཁྲོད་དྷ་ས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུའང་མཇལ་ཁ་སོགས་ཡོངས་རྫོགས་རེ་ཞིག་བཀག་སྡོམ་གནང་ཡོད་ཀྱང་། ཉེ་བའི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དངོས་སུ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གཟིམ་ཆུང་མཇལ་ཁ་སྩལ་བ་དང་སྦྲགས་ཏེ་མཇལ་མོལ་མཛད་པ་དེ་ནི་རིམས་ནད་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དམ་དྲག་རྗེས་ཀྱི་མཇལ་ཁ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་མ་ཟད། ༸གོང་ས་མཆོག་ནས་གནད་ཡོད་མི་སྣ་ཚོར་༸གོང་ས་མཆོག་དང་དངོས་སུ་ཞལ་མཇལ་ཞུ་རྒྱུའི་མཛད་འཆར་གྱི་ཁོངས་ནས་ཆེས་ཐོག་མ་དེ་སྲིད་སྐྱོང་མཆོག་ནས་དབུ་འཛུགས་གནང་ཡོད་པ་རེད།སྐུ་ཞབས་ Mohan Bhagwat མཆོག་བཞུགས་སྒར་དྷརྨ་སཱ་ལཱར་ཉིན་གྲངས་བཞིའི་རིང་ཕྱོགས་ཕེབས་གནང་བ་དང་བསྟུན་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་ནས་ཁོང་ལ་འཚམས་འདྲི་ཞུ་བར་ཆེད་བཅར་ཞུས་ཡོད་པ་དང་། དེ་རིང་༸གོང་ས་མཆོག་དང་ལྷན་མཇལ་འཕྲད་ཞུས་གྲུབ་རྗེས་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་སྤྱི་འཐུས་ཚོགས་གཙོ་མཆོག་བཅས་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྐུ་ཞབས་ Mohan Bhagwat མཆོག་དང་སླར་ཡང་མཇལ་འཕྲད་གནང་ཡོད། སྐབས་དེར་སྐུ་ཞབས་ Bhagwat མཆོག་གིས་ RSS འདི་ནི་མི་མང་གི་ཚོགས་པ་ཞིག་ཡིན་པའི་ཆ་ནས་བོད་མིའི་ཆབ་སྲིད་ཀྱི་བཞེངས་ཕྱོགས་གང་ཡིན་པ་དེར་རྒྱབ་སྐྱོར་ཞུས་དང་ཞུ་བཞིན་ཡོད་ཅེས་གསུངས་འདུག་པ་དང་། སྲིད་སྐྱོང་མཆོག་གིས་དེ་རིང་གི་མཇལ་འཕྲད་ཐོག་སྐུ་ཞབས་ Bhagwat མཆོག་ལ་ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་གནད་དོན་ཁ་གསལ་འཁོད་པའི་ཕྱག་དེབ་ཞིག་ཕུལ་བ་དང་འབྲེལ་ཏེ་བོད་དོན་འཐབ་རྩོད་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་མདུན་སྐྱོད་གནང་གི་ཡོད་པ་སོགས་སྙན་སེང་ཞུས་འདུག

Latest news