Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2022

རེས་གཟའ་ཟླ་བ། ༢༠༢༢།༠༣།༢༨

ཉན་པ།: Listen ཕབ་ལེན། Download དེ་རིང་ཉིན་འཁྱོངས་རིང་གྲོས་ཚོགས་ནས་སྔོན་རྩིས་གཏན་འབེབས་ཐོག་བཏང་བ། ཨོ་གླིང་གི་སྲིད་བློན་གྱིས་རྒྱ་ནག་གི་གཞུང་ཚབ་པའི་ཐུག་འཕྲད་ངོས་ལེན་མ་བྱས་པ། བལ་ཡུལ་དང་རྒྱ་ནག་དབར་བཞག་པའི་གྲོས་མཐུན་ནང་བརྒྱུད་གཅིག་ལམ་གཅིག་གི་གནད་དོན་མེད་པ། ༸རྒྱལ་བའི་གསུང་རྩོམ་དཔེ་ཚོགས་དང་པོའི་བོད་འགྱུར་པོད་བདུན་དབུ་འབྱེད། བཞུགས་སྒར་དུ་ཟླ་བ་རྗེས་མར་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༥ འཚོགས་རྒྱུ། Monday 28/03/2022 TPiE: Discussion and sanction of budget continues Australian PM declines to meet new Chinese envoy BRI missing in 9 point agreement between Nepal and China Book Launch: 7 English books by HHDL translated to Tibetan TIPA to host 25th Shoton Festival in Dharamsala next month

གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བདུན་པ་ཉིན་འཁྱོངས་སྔོན་རྩིས་གཏན་འབེབས་ཐོག་བཏང་བ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བདུན་པ་ཉིན་འཁྱོངས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་རྩིས་ལོ་ ༢༠༢༢་་༢༠༢༣ ལོའི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་བཏང་སོང་། སྐབས་དེར་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ཁག་གི་རྒྱུན་གྲོན་དང་དམིགས་བསལ། དེ་བཞིན་ཟུར་སྐོས་སོགས་ཀྱི་སྔོན་རྩོས་དགོས་དངུལ་གཏན་འབེབས་གནང་སྐབས་སྤྱི་འཐུས་ཁག་ཅིག་ནས་དེ་སྔ་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་དེ་ཁང་གླའི་ངོ་བོར་གནས་མི་དགོས་པར་བོད་མིའི་སྒྲིག་འཛུགས་ཉོ་འཆར་ཡོད་པའི་གནས་བབ་ཅི་ཆགས་དང་དོན་གཅོད་ལས་ཁུངས་སུ་རྒྱལ་ཚོགས་ལ་འབྲེལ་བ་གནང་མཁན་གྱི་ལས་བྱེད་གཅིག་དགོངས་པ་ཞུས་ཟིན་པའི་གནས་སྟངས་སོགས་ཀྱི་ཐད་བཀའ་འདྲི་ཁག་ཅིག་ཞུས་དོན་ལྟར་ཕྱི་དྲིལ་བཀའ་བློན་མཆོག་ནས་དེ་སྔ་བཀའ་ཤག་གོང་མའི་སྐབས་སུད་སི་དོན་གཅོད་ལས་ཁུངས་བོད་མིའི་སྒྲིག་འཛུགས་ནས་ཉོ་འཆར་ཡོད་ཀྱང་། ཞིབ་འཇུག་གནང་བའི་བརྒྱུད་རིམ་ཁྲོད་དོན་ཁང་གི་ས་གོང་ཆེན་པོ་ཆགས་ཡོད་སྟབས་ཉོ་ཐུབ་ཀྱི་མེད་པའི་གནས་སྟངས་གསལ་བཤད་གནང་ཡོད།   དེ་བཞིན་དཔལ་འབྱོར་བཀའ་བློན་མཆོག་གིས་སུད་དོན་གཅོད་ལས་ཁུངས་སུ་རྒྱལ་ཚོགས་ཀྱི་ལས་དོན་ཐོག་ཕྱག་ལས་གནང་མཁན་གྱི་ལས་བྱེད་གཅིག་དགོངས་པ་ཞུས་པའི་གནས་སྟངས་བྱུང་ཡོད་ཀྱང་ལས་དོན་གྱི་ངོ་བོའི་ཐོག་ལ་འཐུས་ཤོར་ཕྱིན་པར་གསལ་བཤད་གནང་ཡོད། དེ་བཞིན་སྤྱི་འཐུས་ཤིག་ནས་སྐུ་ཚབ་གཅོད་ལས་ཁུངས་ཁག་ཅིག་གི་ཁྱབ་ཁོངས་སུ་ཡོད་པའི་རྒྱ་རིགས་འབྲེལ་མཐུད་པའི་ལས་དོན་ལས་འཕྲོས་ཏེ་བོད་མིའི་སྒྲིག་འཛུགས་ནས་རྒྱ་རིགས་ཚོ་དང་འབྲེལ་བ་གནང་སྐབས་ཡིད་གཟབ་གནང་གལ་ཡིན་པའི་དགོངས་ཚུལ་གསུངས་སོང་ལ། དབྱིན་ཇིའི་རྒྱལ་ཁབ་དེ་ནི་བོད་ཀྱི་ལོ་རྒྱུ་བརྒྱུད་རིམ་ཐོག་གནད་ཆེ་ཞིག་ཆགས་ཡོད་སྟབས། དབྱིན་ཡུལ་དོན་གཅོད་ལས་ཁུངས་ནས་ས་གནས་སུ་བོད་དོན་དང་ཆབ་སྲིད་ཀྱི་ལས་འགུལ་གཞི་རྒྱ་ཆེ་རུ་གནང་གནད་ཆགས་ཡོད་པ་སོགས་ཀྱི་དགོངས་ཚུལ་ཕུལ་ཡོད་པ་རེད། ད་ལྟའི་ཡུཀ་རེན་ནང་གི་གནད་དོན་ལས་འཕྲོས་ཏེ་ཨུ་རུ་སུའི་དངུལ་གྱི་ཛ་ཐང་ལ་དོ་ཕོག་ཆེན་པོ་ཐེབས་བཞིན་ཡོད་པར་བརྟེན་ད་རེས་རུ་སོག་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དེ་སྔའི་འཆར་འབུལ་ཐོག་བརྒྱ་ཆ་ལྔ་བཅུ་ཙམ་སྤར་ཆ་གནང་སྟེ་ཁྱོན་རྒྱུན་གྲོན་ཧིིན་སྒོར་ ༦༢༡༩༣༡༨ གཏན་འབེབས་གནང་དགོས་བྱུང་ཡོད། སྔོན་རྩོས་གཏན་འབེབས་ཀྱི་ལས་རིམ་ཁྲོད་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང་དེའི་ཡན་ལག་ལས་ཁུངས་སོགས་ཀྱི་སྔོན་རྩོས་འགྲོ་གྲོན་གཏན་འབེབས་གནང་ཡོད་པ་མ་ཟད། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྔོན་རྩིས་གཏན་འབེབས་གནང་སྐབས་མ་འོངས་པར་འོས་བསྡུ་ལས་ཁང་དང་འདེམས་ལྷན་གཉིས་ཀྱི་འགན་འཛིན་གྱི་ལས་འགན་དེ་གང་ཟག་གཅིག་ནས་གནང་བཞིན་པ་དེར་བསྐྱར་བཅོས་གནང་སྟེ་འགན་འཛིན་ལོགས་སུ་བསྐོ་གཞག་དགོས་པའི་དགོངས་ཚུལ་གསུང་མཁན་བྱུང་སོང་། གཞི་རྩའི་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ཆ་ཚང་ངམ་ཉིན་འཁྱོངས་སྔོན་རྩིས་གཏན་འབེབས་ཐོག་ཕེབས་ཡོད་པ་དང་། ཉིན་རྒྱབ་ཀྱི་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་དང་བོད་པའི་སྤྱི་ཚོགས་ཀྱི་ལས་དོན་ཐོག་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་འཇར་མ་ནི་ Friedrich Naumann Foundation for Freedom ཡི་ལྷོ་ཤར་ཨེ་ཤ་ཡའི་སྡེ་ཚན་གྱི་འགན་འཛིན་མཆོག་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་པར་དགའ་བསུ་ཞུས་ཡོད། པར་བདག་དབང་། སྤྱི་ལྷན་དང་བོད་མིའི་སྒྲིག་འཛུགས།

ཨོ་གླིང་གི་སྲིད་བློན་གྱིས་རྒྱ་ནག་གི་གཞུང་ཚབ་པའི་ཐུག་འཕྲད་ངོས་ལེན་མ་བྱས་པ།

ཨོ་གླིང་གི་སྲིད་བློན་ Scott Morrison ལགས་ཀྱིས་རྒྱ་ནག་དང་ཨོ་གླིང་གཉིས་ཀྱི་ཕྱི་འབྲེལ་གྱི་གནས་བབ་ལ་ཡར་རྒྱས་མ་ཕྱིན་བར་དུ་ཁོང་ནས་ཨོ་གླིང་གི་གྲོང་ཁྱེར་Canberra ཁུལ་དུ་བཅའ་བཞུགས་རྒྱ་ནག་གི་གཞུང་ཚབ་པ་གསར་བ་ Xiao Qian ལགས་སུ་ཐུག་འཕྲད་བྱེད་རྒྱུ་དེ་འོས་འཚམས་ཤིག་མིན་པར་བརྗོད་འདུགགཞི་རྩའི་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་བྱུང་སྐབས།  ཨོ་གླིང་སྲིད་གཞུང་གིས་རྒྱ་ནག་ནང་གི་ཏོག་དབྱིབས་རིམས་ནད་ཀྱི་འགོ་ཁུངས་ལ་ཞིབ་འཇུག་བྱེད་དགོས་བའི་རྩོད་སྒྲུབ་བྱས་པ་དང་འབྲེལ་ནས།  རྒྱ་ནག་གིས་ཨོ་གླིང་གི་ཚོང་ལས་རིགས་གཅིག་ལ་བཀག་སྡོམ་བྱས་པ་བརྒྱུད་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ་ཕན་ཚུན་གྱི་མཐོ་རིམ་དཔོན་རིགས་བར་དུ་ཐུག་འཕྲད་དང་གྲོས་མོལ་གང་ཡང་བྱུང་མེད་པ་རེད། ཕྱོགས་གཉིས་ཀྱི་ཕྱི་འབྲེལ་གྱི་གནས་བབ་དང་འབྲེལ་ནས་ད་རེས་ཨོ་གླིང་གི་བརྒྱུད་ལམ་ཁག་ནས་ཡུལ་དེའི་སྲིད་བློན་མཆོག་ལ་རྒྱ་ནག་གི་གཞུང་ཚབ་པ་གསར་པར་ཐུག་འཆར་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས།   རྒྱ་ནག་གི་ནང་དུ་ཡོད་པའི་ཨོ་གླིང་གི་གཞུང་ཚབ་པ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་མེད་དུས།   ཁོང་ཡང་རྒྱ་ནག་གི་གཞུང་ཚབ་པར་ཐུག་འཕྲད་བྱེད་ཐབས་མེད་པ་ཞིག་ཡིན་པར་བརྗོད་འདུག གཞན་ཡང་ཁོང་གིས། དུས་རྒྱུན་ནས་གཞུང་ཚབ་པ་རྣམས་འབྲེལ་ཡོད་སྲིད་གཞུང་གི་འགོ་ཁྲིད་ལ་ཐུག་འཕྲད་བྱེད་སྲོལ་མེད་པ་ཞིག་ཡིན་པར་འགྲེལ་བརྗོད་བརྗོད་བྱས་པ་མ་ཟད།   རྒྱ་ནག་གིས་དེང་སྐབས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་བློན་ཆེན་རང་བཞིན་གྱི་གྲོས་མོལ་བཀག་སྡོམ་བྱས་ཡོད་སྟབས།   རྒྱ་ནག་གིས་དེ་ལྟ་བུའི་བཀག་སྡོམ་དེ་ཕྱིར་བསྡུ་མ་བྱས་བར་དུ་རྒྱ་ནག་གི་གཞུང་ཚབ་པར་ཐུག་འཕྲད་བྱེད་རྒྱུ་དེ་འོས་འཚམས་ཤིག་མིན་པར་གསུངས་འདུག སྤྱིར་རྒྱ་ནག་གིས་ཉེ་སྔོན་ Pacific མངའ་ཁུལ་གྱི་རྒྱལ་ཁབ་ Solomon དང་འབྲེལ་བ་བཙུགས་ནས། ཁུལ་དེའི་བདེ་འཇགས་ལ་ཉེན་སྲུང་བྱ་རྒྱུར་ཐག་གཅོད་བྱས་པ་བརྒྱུད་ནས།   ཨོ་གླིང་དང་ཨ་རི་སོགས་ཀྱི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཅིག་གིས་གནད་དོན་དེར་སེམས་འཚབ་བྱེད་ཤུགས་ཆེ་རུ་གྱུར་ཡོད་པ་རེད།གཞི་རྩའི་རྒྱ་ནག་གི་གཞུང་ཚབ་པ་ Xiao Qian ཟེར་བ་དེ་ཟླ་བ་དང་པོ་ནས་ལས་ཁུར་ཞུས་ཏེ་ཨོ་གླིང་སྲིད་གཞུང་ལ་འབྲེལ་ལམ་འཛུགས་རྒྱུར་ཐབས་ཤེས་སྣ་མང་བྱེད་བཞིན་ཡོད་ཀྱང་།  ཨོ་གླིང་གི་སྲིད་བློན་Scott Morrison ལགས་ཀྱིས་རྒྱ་ནག་གི་གཞུང་ཚབ་པར་ཐུག་འཕྲད་བྱས་མེད་པ་དང་།  གནད་དོན་དེར་དཔྱད་བརྗོད་པས་འགྲེལ་བརྗོད་བྱས་པ་ལྟར་ན། ཨོ་གླིང་སྲིད་གཞུང་གིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་དེ་ནི་སྲིད་བློན་ Scott Morrison ལགས་ཀྱི་འོས་བསྡུ་དང་འབྲེལ་བའི་འཐབ་བྱུས་ཤིག་ཡིན་པ་དང་། ཁོང་གིས་ད་དུང་མི་མཐུད་དེ་རྒྱ་ནག་གིས་ཨོ་གླིང་ཁུལ་དུ་ཤུགས་རྐྱེན་ཐེབས་རྒྱུར་འགོག་རྒོལ་བྱེད་བཞིན་པའི་རྣམ་འགྱུར་སྟོན་བཞིན་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག ཨོ་གླིང་དུ་རྟེན་གཞི་བྱས་པའི་རྒྱ་རིགས་ཚོགས་པའི་ཚོགས་གཙོ།  Chen Hong ཟེར་བས་སྲིད་བློན་ Scott Morrison ཡིས་རྒྱ་ནག་གི་གཞུང་ཚབ་པར་མཇལ་འཕྲད་མ་བྱས་པ་དེ་ནི་གཞུང་ཚབ་པར་བརྩི་བཀུར་མ་བྱས་པ་ཁོ་ན་ཞིག་མིན་པར། རྒྱ་ནག་སྤྱི་ཡོངས་ལ་གུས་བརྩི་མ་བྱས་པའི་གནད་དོན་ཞིག་ཡིན་པར་བརྗོད་འདུག

༸རྒྱལ་བའི་གསུང་རྩོམ་དཔེ་ཚོགས་དང་པོའི་བོད་འགྱུར་པོད་བདུན་དབུ་འབྱེད།

ཁ་སང་བོད་ཀྱི་སྒྲ་སྒྱུ་དང་ཉམས་ཞིབ་ལྷན་ཁང་གིས་དབྱིན་སྐད་དུ་བཞུགས་པའི་༸རྒྱལ་བའི་གསུང་རྩོམ་དཔེ་ཚོགས་དང་པོའི་བོད་འགྱུར་པོད་བདུན་དབུ་འབྱེད་གནང་སོང་། ཁ་སང་སྔ་དྲོ་ཚོུད་ ༡༡༌༣༠ ཡོལ་ཙམ་ལ་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་དབུས་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ནས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་མཐུན་སྦྱོར་འོག་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་བོད་སྒྱུར་ཞུས་པའི་༸རྒྱལ་བའི་གསུང་རྩོམ་དཔེ་ཚོགས་དང་པོའི་བོད་འགྱུར་པོད་བདུན་དབུ་འབྱེད་གནང་སོང་བ་དང་། སྐབས་དེར་བོད་ཀྱི་སྒྲ་སྒྱུ་དང་ཉམས་ཞིབ་ལྷན་ཁང་གི་འགན་འཛིན་དགེ་བཤེས་ལུང་རྟོགས་ལགས་ཀྱིས་ཚོགས་པའི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ་ཏེ་༸གོང་ས་མཆོག་གི་གསུང་རྩོམ་དག་བོད་བསྒྱུར་གནང་དོན་ནི་མགོན་པོ་༸གང་ཉིད་མཆོག་གི་རླབས་ཆེན་མཛད་འཕྲིན་དེ་དག་མ་འོངས་པར་བོད་ཁ་བ་གངས་ཅན་ལྗོངས་སུ་ལོ་ངོ་སྟོང་ཕྲག་དུ་མར་གནས་རྒྱུ་དང་བོད་ཀྱི་ལོ་རྒྱུས་ནང་གི་སྟོང་ཆ་ཆེན་པོ་ཞིག་ཁ་སྐོང་ཞུས་པར་མཚོན་གྱི་ཡོད་ཅེས་གསུངས་ཡོད། མཛད་སྒོའི་སྐུ་མགྲོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་འགན་ཁུར་ལས་བྱེད་ཡོངས་ཀྱི་ཆོད་སེམས་བརྟན་པོའི་ཐོག་ནས་ཕྱག་ལས་གནང་བར་བསྔགས་བརྗོད་དང་ཉམས་ཞིབ་གང་གནང་བ་དེ་ཞིབ་ཚགས་པོ་དང་སྤུས་དག་པོ་ཡོང་བར་འབད་བརྩོན་གནང་གལ་ཡིན་པར་ལམ་སྟོན་གནང་བ་མ་ཟད། ལྷན་ཁང་འདིའི་ལས་གཞི་དང་མཉམ་ལོ་ཙཱ་བ་གསོ་སྐྱོང་བྱེད་རྒྱུ་དེ་གལ་ཆེན་པོ་རྩི་ཡི་ཡོད། འོན་ཀྱང་ལོ་ཙཱ་བ་ཚད་དང་ལྡན་པ་ཡོང་རྒྱུ་དེ་ཁག་པོ་ཆགས་ཡོད་སྟབས། སྒྲིག་འཛུགས་ཀྱི་ངོས་ནས་ལོ་ཙཱ་བར་སློབ་སྦྱོང་སྤྲད་པ་ཙམ་མ་ཚད་པར་མ་འོངས་པར་བོད་ཡིག་དང་ཨིན་ཡིག་གཉིས་ཀའི་ཐོག་ནས་ཕར་སྒྱུར་ཚུར་སྒྱུར་བྱེད་ཐུབ་མཁན་གྱི་ལོ་ཙཱ་བ་གསོ་སྐྱོང་གནང་རྒྱུར་བསམ་བློ་གཏོང་དགོས་ཞེས་དང་། དེ་བཞིན་དེང་སང་མི་ཚང་མ་བྲེལ་ཟིང་ཆེན་པོ་ཡོད་སྟབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རྣམས་སྒྲ་ལྡན་དང་བརྙན་དེབ་བཟོ་ཐུབ་ན་ཕན་ཐོགས་ཆེ་བ་ཡོད་སྐོར་སོགས་གསུངས་ཡོད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དེང་སྐབས་འཛམ་གླིང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་མ་མཁྱེན་མཁན་ཧ་ལམ་མེད་པའི་གནས་སྟངས་ལྟ་བུར་ཆགས་ཡོད་པའི་འཚམས་འདིར་མགོན་པོ་༸གང་ཉིད་མཆོག་གི་གསུང་དེ་དག་རིན་ཐང་ཆེན་པོ་ཆགས་ཀྱི་ཡོད་སྟབས། གསུང་བོད་སྐད་ཐོག་བསྒྱུར་བ་མ་ཟད། བསྒྱུར་ཟིན་པ་རྣམས་ཕྱོགས་སྒྲིག་བྱ་རྒྱུ་གཙོས། སྐད་ཡིག་གཞན་རྒྱ་སྐད་དང་ཉི་ཧོང་གི་སྐད་ལ་སོགས་པར་བསྒྱུར་ཐུབ་པའི་ལས་གཞི་རྒྱ་ཆེ་རུ་གཏོང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་དང་ལྷག་དོན་གསུང་རྩོམ་དེ་དག་ང་ཚོའི་སྤྱི་ཚོགས་དང་སྒོས་སློབ་གྲྭ་ཁག་ཏུ་དཔེ་ཀློག་དང་བགྲོ་གླེང་བྱ་རྒྱུའི་ཐད་དོ་སྣང་ཡོང་ཐབས་སུ་ལས་རིམ་མང་ཙམ་སྤེལ་དགོས་ཡོད་པར་གཞེན་སྐུལ་གནང་སོང་། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་གཉིས་ཀྱིས་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་༸རྒྱལ་བའི་གསུང་རྩོམ་ཁག་ཅིག་བོད་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུས་དང་འབྲེལ་ཏེ། ཕྱག་ལས་འདི་མུ་མཐུད་ནས་གནང་རོགས་ཞེས་དང་དེས་མ་འོངས་པའི་གཞོན་སྐྱེས་ཚོར་༸གོང་ས་མཆོག་གི་གསུང་ཀློག་རྒྱུར་ཕན་ཐོགས་ཡོང་ངེས་ཡིན་སྐོར་གསུངས་པ་མ་ཟད། ང་ཚོ་བོད་མི་ཡོངས་ནས་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་ཇི་ལྟར་སྩལ་དོན་བཞིན་སེམས་པ་བཟང་པོ་གནང་རྒྱུའི་ཐོག་འབད་བརྩོན་གནང་དགོས་ཀྱི་རེད་ཅེས་དྲན་སྐུལ་གནང་ཡོད། གཞི་རྩའི་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་འདི་ནི་ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། ཏཱ་ལའི་བླ་མ་དགེ་རྩ་ཚོགས་པས་ཚོགས་ཆུང་ཆེད་དུ་བཙུགས་ནས་མཐུན་འགྱུར་ལམ་སྟོན་གནང་བཞིན་པའི་ཤེས་ཡོན་གྱི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པའི་ངོས་ནས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་མཐུན་འགྱུར་འོག་ད་བར་༸རྒྱལ་བའི་གསུང་རྩོམ་པོད་བཞི་བཅུ་ཞེ་དྲུག་བོད་བསྒྱུར་གནང་ཟིན་ཡོད་པ་དང་དེ་བཞིན་བྱིས་སྒྲུང་ ༤༠༠ བསྒྱུར་ཟིན་ཡོད་པ་མ་ཟད། བོད་པའི་ལོ་ཙཱ་བ་གསོ་སྐྱོང་གིས་དེ་དག་ལ་ཁྱད་ལས་པའི་ཟབ་ཁྲིད་སོགས་གནང་མུས་རེད་འདུག

བཞུགས་སྒར་དུ་ཟླ་བ་རྗེས་མར་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༥ འཚོགས་གཏན་ཁེལ་བ།

བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༤ ཚེས་ ༦ ནས་ ༡༣ དང་བོད་ཟླ་ ༢ ཚེས་ ༥ ནས་ ༡༢ བར་དུས་ཡུན་ཉིན་གྲངས་བརྒྱད་ཀྱི་རིང་༸རྒྱལ་བའི་བཞུགས་སྒར་དྷརྨ་ཤཱ་ལཱར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པར་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༥ སྲུང་བརྩི་གནང་གཏན་ཁེལ་འདུག བོད་ཀྱི་ཞོ་སྟོན་ཐེངས་ ༢༥ ཐོག་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བཙན་བྱོལ་བོད་མིའི་ལྷ་མོའི་ཚོགས་པ་བཅིུས་ཡོད་པ་ལས་ད་རེས་མ་སུ་རི་བོད་ཁྱིམ་དང་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་སྒར། ཀ་སྦུག བྷན་དྷ་ར། ཀོ་ལི་གྷར། བོད་ཀྱི་ཟློས་གར་ཚོགས་པ། བལ་ཡུལ། དེ་བཞིན་ཨ་རི་ནས་ལྕགས་ཟམ་པ་སོགས་ལྷ་མོ་ཚོགས་པ་བརྒྱད་ཆེད་ཕེབས་གནང་གི་འདུག བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཁོང་རྣམ་པས་ཐེངས་འདིའི་ཞོ་སྟོན་ཐོག་ལྷ་གཞུང་པདྨ་འོད་འབར་དང་། གཟུགས་ཀྱི་ཉི་མ།  ཆོས་རྒྱལ་ནོར་བཟང་། སྣང་ས་འོད་འབུམ། འགྲོ་བ་བཟང་མོ། གཅུང་པོ་དོན་ཡོད་དོན་གྲུབ་བཅས་གཟིགས་འབུལ་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།   དེ་བཞིན་ཁོང་ད་རེས་བོད་ཀྱི་ཞོ་སྟོན་ཐོག་བཙན་བྱོལ་ནང་གི་ལྷ་མོ་ཚོགས་ཁག་བཞི་ནས་མཉམ་ཞུགས་གནང་མ་ཐུབ་པ་དེ་ནི་གཙོ་བོ་མི་ཆ་དང་སློབ་གྲྭ་ཁག་དབུ་འཛུགས་གནང་བའི་རྐྱེན་གྱིས་ཡིན་པར་གསུངས་སོང་། ཁོང་གིས་ད་དུང་ལྷ་མོའི་འཁྲབ་གཞུང་དེ་དག་སྐྱེས་བུ་དམ་པ་རྣམ་པའི་རྣམ་ཐར་ངོ་སྤྲོད་གནང་སྟེ་གསུང་བཞིན་ཡོད་སྟབས་གཞོན་སྐྱེས་ཚོར་གོ་བདེ་སླད་དུ་ཆེད་དམིགས་ཀྱིས་ཨིན་ཡིག་ཐོག་ལྟ་ཀློག་གི་མཐུན་རྐྱེན་བསྐྲུན་ཡོད་སྐོར་དེ་ལྟར་གསུངས་ཡོད། གཞན་ཡང་ཁོང་གིས་ལོ་གཉིས་ཙམ་གྱི་རྗེས་སུ་བོད་ཀྱི་ཟློས་གར་ཚོགས་པར་མང་ཚོགས་འཕོན་ཆེ་འདུ་འཛོམས་ཀྱི་གོ་སྒྲིག་ཞུས་དོན་ལྟར་གཉུག་མར་གནས་པའི་སེར་སྐྱ་མང་ཚོགས་གང་མང་ཕེབས་གནང་ཡོང་བའི་གཞེན་སྐུལ་གནང་སོང་། གཞི་རྩའི་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པར་བརྟེན་བོད་མི་ཚོ་རང་ཡུལ་དང་ཁ་གྱེས་དགོས་པའི་གནས་སྟངས་འོག་༸གོང་ས་མཆོག་གིས་དབུས་པའི་བོད་མི་ཚོ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ཡོད་པ་ལྟར། བཙན་བྱོལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རྣམས་ལ་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་གནང་བ་བཅས་ཀྱི་བཀའ་དྲིན་ལ་བརྟེན། བོད་ཀྱི་ཟློས་གར་ཚོགས་པས་རྐང་འགན་བཞེས་ཐོག་བཙན་བྱོལ་དུ་ཐོག་མར་ཕྱི་ལོ་ ༡༩༩༣ ལོར་ལྷ་མོ་ཚོགས་པ་ཁག་བཞི་འདུ་འཛོམས་ཀྱིས་བོད་ཀྱི་ཞོ་སྟོན་རྒྱས་པ་ཞེས་སླར་གསོ་གནང་ཐུབ་པ་བྱུང་ཡོད་པ་ལྟར། དུས་དེ་ནས་བཟུང་ལོ་རེ་བཞིན་བཙན་བྱོལ་ནང་ལྷ་མོ་ཚོགས་པ་ཇེ་མང་དུ་སོང་ཡོད་པ་མ་ཟད། འདི་ལོ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༥ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་གནང་གི་འདུག་པ་དང་། དེ་བཞིན་ལྷ་མོ་ཚོགས་ཁག་བརྒྱད་ནས་སྐྱེས་པ་སྒྱུ་རྩལ་བ་ ༡༣༢ དང་བེུད་སྒྱུ་རྩལ་བ་ ༡༢༤ བཅས་ཁྱོན་ཕོ་མོ་སྒྱུ་རྩལ་བ་ ༢༥༦ ཆགས་ཀྱི་འདུག

རེས་གཟའ་ཉི་མ། ༢༠༢༢།༠༣།༢༧

ཉན་པ།: Listen ཕབ་ལེན། Download ས་ཁང་ཚོང་གཉེར་བ་བསོད་ནམས་དབང་ཕྱུག་ལགས་དང་གླེང་མོལ། Sunday 27/03/2022 In conversation with Sonam Wangchuk, a Real Estate Agent from Toronto

རེས་གཟའ་སྤེན་པ། ༢༠༢༢།༠༣།༢༦

ཉན་པ།: Listen ཕབ་ལེན། Download ཆོད་གན་གྱི་དགེ་རྒན་གཏན་འཇགས་བཟོ་རྒྱུ་ཐོག་རྒྱ་གར་གཞུང་ལ་བཀའ་བསྡུར་གནང་དགོས། ཝང་ཡི་དང་ཐུག་འཕྲད་སྐབས་རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་ས་མཚམས་རྩོད་རྙོག་གཙང་སེལ་མ་བྱུང་བར་འབྲེལ་ལམ་རྒྱུན་ལྡན་ཆགས་ཐབས་མེད་པར་ནན་བརྗོད། ཐེ་ཝན་གྱི་གཙུག་ལག་སློབ་ཆེན་ཞིག་ཏུ་ཐེངས་དང་པོར་བོད་རིག་པའི་སྡེ་ཚན་འཛུགས་འཆར། བོད་མིའི་ངོས་ནས་རྒྱ་གར་གྱི་རྩོམ་རིག་དུས་སྟོན་ལ་མཉམ་ཞུགས། སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་དོན་གནད་ཆེ་ཕྱོགས་བསྒྲིགས། Saturday 26/03/2022 Tibetan MPs question Sherig Kalon on fate of CTSA contract staff Bilateral ties can't be normal if situation at borders is 'abnormal': Jaishankar tells Wang Yi Taiwan’s Hsuan Chuang University to open Tibetology and Tibetan Buddhist Studies section Tibetans participate in Dharamsala’s first Literary Festival 3rd Session of TPiE: Highlights from this week

ཆོད་གན་གྱི་དགེ་རྒན་གཏན་འཇགས་བཟོ་རྒྱུ་ཐོག་རྒྱ་གར་གཞུང་ལ་བཀའ་བསྡུར་གནང་དགོས།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཁ་སང་དང་དེ་རིང་གི་ལས་ཉིན་ཐོོག་བོད་མིའི་སྒྲིག་འཛུགས་ཤེས་རིགས་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་སྦྲགས་ཏེ།

ཐེ་ཝན་གྱི་གཙུག་ལག་སློབ་ཆེན་ཞིག་ཏུ་ཐེངས་དང་པོར་བོད་རིག་པའི་སྡེ་ཚན་འཛུགས་འཆར།

ཟླ་འདིའི་ཚེས་བཅུ་དྲུག་གི་ཉིན། ཐེ་ཝན་དོན་གཅོད་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་དང་ཁུལ་དེའི་ Xuanzang གཙུག་ལག་སློབ་ཆེན་གྱི་ཆོས་ལུགས་དང་རིག་གཞུང་སྡེ་ཚན་གྱི་འགན་འཛིན་ Shi Zhaohui ལགས་གཉིས་ཀྱི་མཚོན་པའི་འབྲེལ་ཡོད་ཀྱི་གནད་ཡོད་མི་སྣ་མཉམ་འཛོམས་ཀྱི་ཚོགས་འདུ་ཞིག་བསྡུ་སྐོང་བྱས་ཏེ། གཙུག་ལག་སློབ་ཆེན་དེའི་ནང་དུ། བོད་རིག་པའི་སྡེ་ཚན་དང་ནང་ཆོས་སློབ་སྦྱོང་གི་སྡེ་ཚན་ཞིག་ཟུར་འཛུགས་གནང་རྒྱུ་གཏན་ཁེལ་བྱུང་འདུག གནད་དོན་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་ཐེ་ཝན་དོན་གཅོད་ལགས་སུ་ཞལ་པར་བརྒྱུད་ནས་བཀའ་འདྲི་ཞུས་པར་ཁོང་གིས Xuanzang གཙུག་ལག་སློབ་ཆེན་དེར་སྔོན་ཆད་ནས་བོད་པའི་དགེ་འདུན་པ་རྣམས་ཀྱིས་ཡིག་རྒྱུགས་འཕྲོད་པ་ཡིན་ན་ཞིབ་འཇུག་དང་འབུམ་རམས་པའི་སློབ་སྦྱོང་གི་ལག་འཁྱེར་སྤྲོད་བཞིན་ཡོད་པ་ལྟར། ཉེ་སྔོན་འབྲེལ་ཡོད་ཀྱི་འགན་འཛིན་ལ་ཞུ་སྐུལ་དང་གྲོས་བསྡུར་བྱས་པ་བརྒྱུད་ནས། ད་ཆ་གཙུག་ལག་སློབ་གྲྭ་དེའི་ཆོས་ལུགས་དང་རིག་གཞུང་སྡེ་ཚན་དུ་བོད་རིག་པ་དང་བོད་བརྒྱུད་ནང་བསྟན་སློབ་སྦྱོང་གི་སྡེ་ཚན་ཞིག་ཟུར་འཛུགས་བྱེད་རྒྱུར་ཞལ་བཞེས་ཡོངས་སུ་ཐོབ་ཡོད་པ་མ་ཟད། སློབ་ཁྲིད་བྱེད་མཁན་ཡང་རང་རེའི་བོད་མི་ཞིག་བཞག་ཆོག་པའི་བཀའ་ཁྲོལ་ཐོབ་ཡོད་པར་གསུངས་སོང་།གཞན་ཡང་ཁོང་ལ་བོད་རིག་པ་དང་བོད་བརྒྱུད་ནང་བསྟན་གྱི་སློབ་ཁྲིད་ཀྱི་གཙོ་རྒྱུགས་སྐད་ཡིག་གང་ཡིན་མིན་གྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་ཆར་སློབ་ཁྲིད་གནང་མཁན་དེ་བོད་མི་ཞིག་འཇོག་རྒྱུར་ཐག་གཅོད་བྱུང་ཡོད་ཀྱང་། སློབ་ཁྲིད་ཀྱི་སྐད་ཡིག་དེ་རྒྱ་ཡིག་ཡིན་ཡང་། བསླབ་གཞིའི་ནང་དོན་གྱི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྒྱུ་རྩལ་དང་བཅོས་སློབ་ཁྲིད་བྱེད་རྒྱུ་ཡིན་པ་མ་ཟད། བོད་སྐད་བོད་ཡིག་སྦྱང་འདོད་ཡོད་རིགས་ལ་བོད་ཀྱི་སྐད་ཡིག་ཀྱང་སློབ་ཁྲིད་གནང་རྒྱུ་ཡིན་པར་གསུངས་སོང་། གཞན་ཡང་ཁོང་ལ་བོད་མི་རྣམས་ཐེ་ཝན་དུ་སློབ་སྦྱོང་དང་སློབ་ཁྲིད་བྱེད་དུ་འགྲོ་སྐབས་ཕྱིར་སྐྱོད་ལག་འཁྱེར་དང་འབྲེལ་བའི་དཀའ་ངལ་གང་འཚམས་ཤིག་འཕྲད་བཞིན་ཡོད་པ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས། སྤྱིར་ཐེ་ཝན་གྱི་གཞུང་ལ་སྐྱབས་བཅོལ་གྱི་ཁྲིམས་མེད་སྟབས་བོད་མི་རྣམས་ཀྱི་ཕྱིར་སྐྱོད་ལག་དེབ་སེར་པོ་དེ་བརྒྱུད་ནས་སློབ་སྦྱོང་བྱས་ཆོག་པ་སོགས་ཀྱི་གནས་བབ་ཅིག་མེད་ཀྱང་། དོན་གཅོད་ལས་ཁུངས་བརྒྱུད་ནས་ཐེ་ཝན་སྲིད་འཛིན་ལས་ཁུངས་དང་ལྷན་ཁང་བདུན་ལ་འབྲེལ་བ་ཞུ་མུས་ཡིན་པ་ལྟར། གང་མགྱོགས་བོད་མི་རྣམས་ཐེ་ཝན་དུ་འགྲོ་སྐྱོད་བྱེད་རྒྱུར་དཀའ་ངལ་གང་འཚམས་ཤིག་སེལ་ཐུབ་པའི་རེ་བ་ཡོད་པར་འགྲེལ་བརྗོད་ཀྱིས། ཉེ་སྔོན་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཐེ་ཝན་དུ་བོད་མི་འགྲོ་སྐྱོད་ཀྱི་ཐད་ནས་སྒོ་ཡོངས་སུ་ཕྱེས་ཟིན་པའི་གནས་ཚུལ་ཞིག་འགྲོ་བཞིན་པ་དེ་བདེན་པ་མ་རེད་ཅེས་གསུངས་སོང་། གཞི་རྩའི་ Xuanzang གཙུག་ལག་སློབ་ཁང་དེ་ནི་ཕྱི་ལོ་ ༡༩༩༧ ལོར། རྒྱ་ནག་ཐང་རྒྱལ་རབས་སྐབས་ཀྱི་ནང་པའི་དགེ་སློང་ Xuanzang ཞེས་པའི་མཚན་གནས་རྗེས་འབྲེལ་གྱི་ཐོག་གསར་འཛུགས་གནང་བ་ཞིག་ཡིན་དང་། བོད་རིག་པའི་སྡེ་ཚན་གསར་འཛུགས་བྱེད་འཆར་དང་འབྲེལ་ནས། གཙུག་ལག་སློབ་ཆེན་གྱི་སློབ་སྤྱི་མཆོག་གིས་གཙུག་ལག་ཁང་དེ་ནི་ཐེ་ཝན་ནང་དུ་བོད་རིག་པའི་སྡེ་ཚན་གསར་འཛུགས་བྱེད་མཁན་གྱི་གཙུག་ལག་སློབ་ཁང་ཐོག་མ་དེ་ཡིན་པར་བསྒྲགས་པ་མ་ཟད། བོད་བརྒྱུད་ནང་བསྟན་དང་བོད་རིག་པའི་སྡེ་ཚན་གསར་འཛུགས་ཀྱི་ལས་འཆར་དེར་རྒྱབ་སྐྱོར་ཡོད་པར་བརྗོད་འདུག པར་དབང་། ཐེ་ཝན་དོན་གཅོད་ཁང་།

Latest news