Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: April, 2022

རེས་གཟའ་སྤེན་པ། ༢༠༢༢།༠༤།༣༠

ཉན་པ།: Listen ཕབ་ལེན། Download སེམས་ཁམས་འཕྲོད་བསྟེན་ཐོག་སྤྱི་ཚོགས་ཀྱི་ལྟ་ཚུལ། Saturday 30/04/2022 Outlook on Mental Health in Tibetan Community

རེས་གཟའ་པ་སངས། ༢༠༢༢།༠༤།༢༩

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སྐུ་ཞབས་ཧོར་ཊ་མཆོག་ཤར་ཊི་མོར་གྱི་སྲིད་འཛིན་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་པ། རྟ་དབང་རླུང་ལ་ཞེས་པར་༸གོང་ས་མཆོག་གི་ཕོ་བྲང་གསར་རྒྱག་ལེགས་གྲུབ་ཀྱི་དབུ་འབྱེད་གསོལ་འདེབས། སྲིད་སྐྱོང་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་རྣམ་གཉིས་དབར་མཇལ་མོལ། གཉན་རིམས་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་སྟབས་བོད་མིས་སྔོན་འགོག་གི་ཐབས་ལམ་མུ་མཐུད་བསྟེན་དགོས། ད་ཆ་ཨ་རིའི་གསང་སྒྲིག་འོག་དྲག་པོའི་སྦྱོང་བརྡར་བྱེད་མཁན་བོད་མི་གཅིག་ཀྱང་ལྷག་ཡོད་མ་རེད། Friday 29/04/2022 Dalai Lama congratulates East Timor President elect Jose Ramos Horta Monpa cultural group calls on HHDL, urges him to inaugurate new residence built for him in Lungla, Tawang Sikyong meets with Speaker Nancy Pelosi, discusses Tibet issue Tibetans urged to be cautious as COVID cases rise in India No Camp Hale trainees alive today: Tibetan filmmaker pays homage to Tibetan resistance

༸གོང་ས་མཆོག་གིས་ Jose Ramos Horta མཆོག་ཤར་ཊི་མོར་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་མཛད་པ།  

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཤར་ཊི་མོར་གྱི་དབུ་ཁྲིད་སྐུ་ཞབས་ Jose Ramos Horta མཆོག་ཡུལ་དེའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འཕྲིན་སྩལ་འདུགའདི་ལོའི་ཕྱི་ཟླ་ ༣ དང་ ༤ པའི་ལྷོ་ཤར་ཨེ་ཤ་ཡའི་མངའ་ཁུལ་དུ་ཡོད་པའི་ East  Timor རྒྱལ་ཁབ་ཀྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་ཡུལ་དེའི་ Fretilin ཚོགས་པའི་སྲིད་འཛིན་འོས་མི་ Francisco Guterres ལགས་ལ་འོས་གྲངས་བརྒྱ་ཆ་ ༣༧ དང་ དེ་བཞིན་ CNRT ཚོགས་པའི་སྲིད་འཛིན་འོས་མི་ Jose Ramos Horta ལགས་སུ་འོས་གྲངས་བརྒྱ་ཆ་ ༦༢ ཀྱི་ཐོག་ནས་མང་མོས་རྒྱལ་ཁ་ཐོབ་སྟེ་སླར་ཡང་སྲིད་འཛིན་དུ་བདམས་ཐོན་བྱུང་ཡོད་པ་རེད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཤར་ཊི་མོར་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་དང་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Jose Ramos Horta མཆོག་ལ་སྲིད་འཛིན་གྱི་འོས་བསྡུ་ཁྲོད་སླར་རྒྱལ་ཁ་ཐོབ་པར་བསྔགས་བརྗོད་མཛད་པ་དང་སྦྲགས་ཏེ་འཚམས་འདིའི་གསུང་འཕྲིན་ཞིག་སྩལ་བའི་ནང་། རྒྱལ་སྤྱིའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཤར་ཊི་མོར་གྱི་དབུ་ཁྲིད་སྐུ་ཞབས་ Jose Ramos Horta མཆོག་དེ་སྔ་ ༡༩༩༠ ལོ་མགོར་བཞུགས་སྒར་དྷརྨ་སཱ་ལཱར་གཟིགས་སྐོར་དབུ་འཛུགས་གནང་བ་ནས་བཟུང་ལོ་མང་རིང་མགོན་པོ་༸གང་ཉིད་མཆོག་དང་ཐུགས་འདྲིས་ཟབ་མོ་ཡོད་པ་དང་། ཉེ་ཆར་སྐུ་ཞབས་ཁོང་སླར་ཤར་ཊི་མོར་གྱི་སྲིད་འཛིན་དུ་འོས་འདེམས་བྱུང་ནས་གལ་ཆེའི་ཐུགས་འགན་བཞེས་གནང་ཡོད་པ་དེས་ཁོང་གི་དབུ་ཁྲིད་འོག་ཤར་ཊི་མོར་གྱི་མི་མང་ཚོར་མ་འོངས་པར་མུ་མཐུད་ཞི་བདེ་དང་དཔལ་འབྱོར་དང་ཤེས་ཡོན་ཕུན་སུམ་ཚོགས་པའི་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་དང་དེ་བཞིན་སྤྱི་ཚོགས་ནང་གི་དབྱུལ་ཕོངས་ཉམ་ཐག་རྣམས་ཀྱི་འཚོ་བ་གོང་འཕེལ་གཏོང་ཐུབ་རྒྱུར་གཟིགས་སྐྱོང་གནང་བའི་ཐུགས་རེ་ཡོད་པའི་ལམ་སྟོན་མཛད་འདུགམགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ Jose Ramos Horta མཆོག་སྲིད་འཛིན་གནང་རིང་ལ་བྱ་གཞག་མཐའ་དག་ལམ་ལྷོང་ཡོང་བ་དང་ལྷག་དོན་ཤར་ཊི་མོར་གྱི་མི་མང་ཚོའི་ཐུགས་རེ་དང་མངོན་འདོད་གྲུབ་ཆེད་སླད་མར་གདོང་ལེན་བྱ་དགོས་རིགས་ལ་གདོང་ལེན་བྱ་ཐུབ་པའི་ཐུགས་སྨོན་ཡོད་ཅེས་བཀའ་སྩལ་འདུག རྩ་བའི་སྐུ་ཞབས་ Jose Ramos Horta ལགས་ཕྱི་ལོ་ ༡༩༤༩ ལོར་འཁྲུངས་ཤིང་ད་བར་ཤར་ཊི་མོར་གྱི་ཕྱི་སྲིད་བློན་ཆེན་དང་སྲིད་བློན། སྲིད་འཛིན་སོགས་གནང་མྱོང་ཡོད་པ་མ་ཟད་དེ་སྔ་ ༡༩༩༦ ལོར་སྐུ་ཞབས་ཁོང་ལ་རྒྱལ་སྤྱིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པ་རེད།

རྟ་དབང་རླུང་ལ་ཞེས་པར་༸གོང་ས་མཆོག་གི་ཕོ་བྲང་གསར་རྒྱག་གྲུབ་པར་དབུ་འབྱེད་གསོལ་འདེབས།

དེ་རིང་སྔ་དྲོ་རྒྱ་གར་བྱང་ཤར་ཁུལ་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་མོན་ཡུལ་གྱི་ Preserve Culture Promote Dialect ཞེས་པའི་ཚོགས་པའི་འགན་འཛིན་བསྟན་འཛིན་འབྱོར་ལྡན་ལགས་དང་ཁོང་གི་ཕྱག་རོགས་བཅས་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་ཏེ། འདི་ལོའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོར་མོན་ཁུལ་དུ་གསར་རྒྱག་ཟིན་པའི་༸རྒྱལ་བའི་ཕོ་བྲང་དེ་ཉིད་དྲ་ཐོག་གམ་བརྙན་པར་བརྒྱུད་དབུ་འབྱེད་མཛད་གནང་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་མགོན་པོ་གང་༸ཉིད་མཆོག་གིས་བརྙན་པར་བརྒྱུད་སྐར་མ་བཙུ་ཙམ་གྱི་བཀའ་སློབ་བཀའ་དྲིན་ཆེ་བ་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་འདུགཁོང་རྣམ་པའི་མཇལ་ཁ་གྲུབ་མཚམས་སུ་མོན་ཡུལ་གྱི་ Preserve Culture Promote Dialect ཞེས་པའི་ཚོགས་པའི་འགན་འཛིན་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་དེ་སྔ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་བསྒྱུར་སྐབས་རྟ་དབང་ཁུལ་དུ་བཞུགས་ཞག་མཛད་ཡོད་པ་དང་། ལྷག་པར་དུ་གནས་དེ་ནི་མགོན་པོ་༸གང་ཉིད་མཆོག་༸སྐུ་དངོས་༸ཞབས་སོར་འཁོད་དེ་བྱིན་གྱིས་བརླབས་པའི་གནས་ཤིག་ཡིན་སྟབས། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་རྣམ་པ་གཉིས་དང་ས་གནས་མི་མང་གི་ལམ་སྟོན་འོག་མོན་པ་རླུང་ལ་ཞེས་པའི་ས་ཁུལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་དང་འགྲེམས་སྟོན་ཁང་ཞིག་གསར་བཞེངས་ལེགས་གྲུབ་ཡོད་པ་ལྟར། འདི་ལོའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོར་མོན་ཁུལ་དུ་གསར་རྒྱག་ཟིན་པའི་༸རྒྱལ་བའི་ཕོ་བྲང་དེ་ཉིད་དྲ་ཐོག་གམ་བརྙན་པར་བརྒྱུད་དབུ་འབྱེད་མཛད་གནང་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་མགོན་པོ་གང་༸ཉིད་མཆོག་གིས་བརྙན་པར་བརྒྱུད་སྐར་མ་བཙུ་ཙམ་གྱི་བཀའ་སློབ་བཀའ་དྲིན་ཆེ་བ་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་འདུགཁོང་རྣམ་པ་བཞུགས་སྒར་དུ་ཆེད་བཅར་ཞུས་དོན་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་ལམ་སྟོན་འོག་བོད་ཀྱི་དཔེ་མཛོད་ཁང་དུ་བཅར་ནས་དགེ་བཤེས་ལྷག་རྡོར་ལགས་དང་ཐུག་འཕྲད་ཀྱིས་འགྲེམས་སྟོན་ཁང་གསར་རྒྱག་དང་འབྲེལ་བའི་ལམ་སྟོན་ཁག་ཅིག་ཞུས་པ་དང་དེ་བཞིན་བོད་ཀྱི་འགྲེལམས་སྟོན་ཁང་དུ་ཆེད་དུ་བཅར་གྱིས་ལམ་སྟོན་ཡང་ཞུས་འདུགབསྟན་འཛིན་འབྱོར་ལྡན་ལགས་ཀྱིས་མོན་དང་བོད་རིགས་ཚོའི་ཆོས་རིག་དང་འཚོ་སྡོད་བྱེད་སྟངས་སོགས་ཕལ་ཆེ་བ་གཅིག་མཚུངས་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་དུས་ནས་དུས་སུ་ང་ཚོའི་ས་མཚམས་བོད་དང་ལྷན་དུ་ཡོད་པ་ལས་རྒྱ་ནག་དང་ལྷན་དུ་མེད་ཅེས་གསུངས་ཡོད་པ་ལྟར་ང་ཚོ་མོན་པ་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སློབ་མ་ངོ་མ་ཞིག་ཡིན་སྟབས་དུས་ནམ་ཡང་བོད་མིའི་རྩ་དོན་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་རྣམ་གཉིས་དབར་མཇལ་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་ས་ Washington DC ནང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། ཁ་སང་ཕྱི་ཚེས་ ༢༨ ཉིན་སྲིད་སྐྱོང་མཆོག་ནས་ཡུལ་དེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་དང་མཇལ་འཕྲད་གནང་སྟེ་ཆུ་ཚོད་གཅིག་ཙམ་གྱི་རིང་བོད་དོན་སྐོར་བཀའ་མོལ་གནང་འདུགསྐབས་དེའི་མཇལ་འཕྲད་ཀྱི་ཐོག་མར་སྲིད་སྐྱོང་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་ལ་སྩལ་བའི་འཚམས་འདྲིའི་བཀའ་ཡིག་ཅིག་སྤྱན་འབུལ་ཞུས་པ་དང་སྦྲགས། ཆུ་ཚོད་གཅིག་ཙམ་གྱི་རིང་ལ་བོད་དོན་སྐོར་དམིགས་བསལ་ཚོགས་འདུ་ཞིག་ཚོགས་ཏེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་མ་འོངས་ཕྱག་ལས་གནང་ཕྱོགས། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་ཨ་རི་གཞུང་དབར་མཉམ་ལས་གནང་ཕྱོགས་སོགས་ཀྱི་གནད་དོན་མི་ཉུང་བ་ཞིག་གི་ཐོག་ལ་བཀའ་གྲོས་ལྷུག་པོ་གནང་འདུགསྐབས་དེའི་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དང་ཚོགས་འདུ་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern མཆོག་དབུས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་བཅས་ལྷན་ཞུགས་གནང་ཡོད་པ་རེད།མཇལ་འཕྲད་དེའི་ཁྲོད་སྲིད་སྐྱོང་མཆོག་དང་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་ཚོགས་གཙོ་ལྕམ་ Nancy Pelosi མཆོག་ལ་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་སྙན་སེང་ཞུས་པ་དང་སྦྲགས། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེས་དབུས་པའི་སྐུ་འཁོར་ནང་མི་ལྷན་རྒྱས་རང་དབང་ཐོབ་ཐབས་གནང་དགོས་བའི་འབོད་སྐུལ་ཞུས་འདུགམཇལ་འཕྲད་དེ་ནི་སྐུ་ཞབས་སྤེན་པ་ཚེ་རིང་མཆིག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་པའི་རྗེས་སུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་དངོས་སུ་མཇལ་འཕྲད་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། མཇལ་འཕྲད་དེ་དང་འབྲེལ་སྲིད་སྐྱོང་མཆོག་ནས་སྐུ་སྒེར་གྱི་འཕྲུལ་སྒྲ་ཐོག་ལྕམ་སྐུ་ Nancy Pelosi མཆོག་ནི་བོད་མི་གཙོས་གཞན་གྱི་གཉའ་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་མི་སེར་ས་ཡ་མང་པོའི་རེ་བ་མཚོན་གྱི་ཡོད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ལྕམ་སྐུ་མཆོག་གི་རྒྱབ་སྐྱོར་ནི་བོད་མིའི་རེ་བ་དང་འབོད་སྒྲ་ཁག་རྒྱལ་སྤྱིའི་ཐོག་མངོན་གསལ་ཐུབ་རྒྱུར་རྒྱབ་རྟེན་ གཙོ་བོ་ཞིག་ཆགས་ཡོད་སྟབས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་ཁག་ལ་ཐུགས་རྗེ་ཆེ་ཞེས་གསུངས་འདུགདེ་བཞིན་སྲིད་སྐྱོང་མཆོག་གིས་ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ Michael McCaul མཆོག་དང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ James E. Risch མཆོག་བཅས་དང་མཇལ་འཕྲད་གནང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་འཚམས་འདྲིའི་བཀའ་ཡིག་ཁག་སྤྱན་འབུལ་དང་སྦྲགས། བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་སོགས་ཀྱི་ཐོག་བཀའ་མོལ་གནང་ཡོད་པ་དང་། སྐུ་ཞབས་ Michael McCaul མཆོག་གིས་སྐུ་སྒེར་གྱི་འཕྲུལ་སྒྲ་ཐོག་ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་དངོས་སུ་མཇལ་འཕྲད་བྱུང་བ་དང་། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་འཚམས་འདྲིའི་བཀའ་ཡིག་འབྱོར་བར་དགའ་པོ་བྱུང་ཞེས་དང་། ངའི་ངོས་ནས་དུས་རྟག་ཏུ་བོད་མི་གཙོས་རྒྱ་ནག་དམར་ཤོག་གཞུང་གི་གཉའ་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་མི་སེར་ཚོ་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུགགཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ཐེངས་འདིའི་ཨ་རིའི་རྒྱལ་ས་ Washington DC ནང་གི་གཞུང་འབྲེལ་འཚམས་གཟིགས་ཁྲོད་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་གནད་དོན་ཐོག་གི་འབྲེལ་མཐུད་པ་དང་པོ་སྐུ་ཞབས་ Kurt Campbell མཆོག་སོགས་གཞུང་འབྲེལ་གནད་ཡོད་མི་སྣ་མི་ཉུང་བ་ཞིག་དང་མཇལ་འཕྲད་གནང་ཡོད་པ་རེད།དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཨ་རིའི་ཉིན་མོའི་ཆུ་ཚོད་ ༢ ཐོག་རྒྱལ་ས་ཝ་ཤིན་ཊོན་གྱི་ཇཱོར་ཇི་ཝ་ཤིན་ཊོན་གཙུག་ལག་སློབ་གཉེར་ཁང་དུ་ལོ་ངོ་སུམ་ཅུའི་རིང་གི་བོད་རྒྱ་འབྲེལ་མོལ་ལ་བསྐྱར་ཞིབ་ཅེས་པའི་གནད་ཡོད་མི་སྣའི་གླེང་མོལ་གྱི་མཛད་རིམ་ཞིག་ ཐོག་ལྷན་ཞུགས་གནང་གཏན་ཁེལ་ཡོད་པ་རེད།

ད་ལྟའི་ཆར་ཨ་རིའི་གསང་བའི་སྒྲིག་འཛུགས་འོག་ Camp Hale དུ་དྲག་པོའི་སྦྱོང་བརྡར་བྱེད་མཁན་བོད་མི་གཅིག་ཀྱང་ལྷག་ཡོད་མ་རེད།

གློག་བརྙན་བཟོ་སྐྲུན་པ་འཛིན་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་རི་ཏུ་ས་རིན་ལགས་ཀྱིས་ཕྱི་ཚེས་ ༢༠ ཉིན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ IIC རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་ The Shadow Circus ཞེས་པའི་འགྲེམས་སྟོན་བརྒྱུད་དེ་སྔ་ཕྱི་ལོ་ ༡༩༥༧ ནས་ ༡༩༧༤ བར་བལ་ཡུལ་གྱི་གློ་སྨོན་ཐང་ཁུལ་དུ་ཨ་རིའི་ CIA སྒྲིག་འཛུགས་ཀྱི་ངོས་ནས་བོད་མིར་དམག་འཐབ་ཀྱི་སྦྱོང་བརྡར་ཇི་ལྟར་སྤྲད་ཡོད་མེད་དང་བོད་མི་དེ་དག་གིས་བོད་ཀྱི་བསྟན་སྲིད་བདེ་ཐབས་སླད་དུ་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་དོན་གང་དག་སྤེལ་བ་སོགས་ཀྱི་གློག་བརྙན་དང་པར་རིགས་བཅས་ཀྱི་འགྲེམས་སྟོན་ཞིག་གནང་བཞིན་ཡོད་པ་ལྟར། ཁ་ཉིན་ཕྱི་ཚེས་ ༢༧ ཉིན་གོ་སྒྲིག་པ་བསྟན་འཛིན་བསོད་ནམས་ལགས་དང་རི་ཏུ་ས་རིན་གཉིས་ནས་ Walk-Through ཞེས་གཟིགས་མོ་བ་རྣམས་ལ་འགྲེམས་སྟོན་ངོ་སྤྲོད་ཞུ་རྒྱུའི་ལས་རིམ་ཞིག་གཉེར་ཡོད་པ་དང་། སྐབས་དེར་བསྟན་འཛིན་བསོད་ནམས་ལགས་ཀྱིས་ཨ་རིའི་གསང་བའི་སྒྲིག་འཛུགས་ CIA ཀྱིས་དེ་སྔོན་ཨ་རིའི་ Camp Hale ཁུལ་དུ་སྦྱོང་བརྡར་སྤྲད་པའི་བོད་མི་མང་པོ་ཞིག་དམག་འཐབ་བྱེད་སྐབས་རྒྱ་མིས་བསད་ཡོད་པ་དང་ཁག་ཅིག་དུག་ཟས་ཏེ་འདས་གྲོངས་སུ་གྱུར་ཡོད་སྟབས་ད་ལྟའི་ཆར་ཁོང་ཚོའི་གྲས་ཀྱི་བོད་མི་གཅིག་ཀྱང་ལྷག་མེད་སྐོར་སོགས་འགྲེལ་བརྗོད་གནང་སོང་།གཞི་རྩའི་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་སྐུ་ཟླ་གཉིས་ནི་ཆུང་དུས་རྒྱ་གར་དུ་སློབ་སྦྱོང་གནང་སྟེ། ཕྱིས་སུ་ཨ་རིའི་ཀེ་ལི་ཕོར་ནི་ཡ་ཁུལ་དུ་གསར་འགོད་པ་དང་གློག་བརྙན་བཟོ་སྐྲུན་གྱི་ཆེད་ལས་སློབ་སྦྱོང་གནང་མྱོང་ཡོད་པ་མ་ཟད། ཁོང་བཟའ་མི་གཉིས་ཀྱི་ངོས་ནས་ White Crane ཞེས་པའི་གློག་བརྙན་བཟོ་སྐྲུན་གྱི་སྡེ་ཚན་དེའི་འོག་ནས་ད་བར་རྒྱལ་སྤྱིའི་ཚད་ལྡན་དངོས་བྱུང་ལོ་རྒྱུས་ཀྱི་གློག་བརྙན་ ༢༠ ལྷག་བཟོ་སྐྲུན་ཞུས་ཡོད། འཁྲབ་སྟོན་བྱས་པའི་པར་རིས་གློག་བརྙན་དང་དེ་བཞིན་གཟུགས་མཐོང་བརྙན་འཕྲིན་གློག་བརྙན་ཐུང་ཐུང་དེ་འདྲ་ཡང་མང་དག་ཅིག་བཟོ་སྐྲུན་གནང་མྱོང་ཡོད་པ་རེད། ལྷག་དོན་དེ་སྔོན་ཕྱི་ལོ་ ༡༩༩༨ ལོར་དབྱིན་ཇིའི་ BBC གསར་ཁང་གི་མཐུན་འགྱུར་འོག་ཁོང་གཉིས་ནས་བོད་ནང་ཨ་རིའི་གསང་བའི་སྒྲིག་འཛུགས་ CIA ཀྱི་རྒྱབ་སྐྱོར་འོག་ནས་བོད་མའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ཞི་དྲག་གཉིས་ཀྱི་ལས་འགུལ་དང་འབྲེལ་བའི་གློག་བརྙན་ཞིག་ཀྱང་བཟོ་སྐྲུན་གནང་ཡོད།འདི་ག་རླུང་འཕྲིན་ཁང་གིས་བསྟན་འཛིན་བསོད་ནམས་ལགས་སུ་ཟླ་བ་རྗེས་མའི་ཕྱི་ཚེས་ ༡ བར་མུ་མཐུད་གནང་རྒྱུའི་ The Shadow Circus ཞེས་པའི་པར་རིགས་འགྲེམས་སྟོན་སྐོར་བཅར་འདྲི་ཞུས་ཡོད་པས་གཤམ་ལ་གསན་པར་ཞུ།།

རེས་གཟའ་ཕུར་བུ། ༢༠༢༢།༠༤།༢༨

ཉན་པ།: Listen ཕབ་ལེན། Download བོད་ཁྱིམ་སློབ་ཟུར་གཙོས་པའི་སྡེ་ཁག་བཅོ་ལྔས་ཕྱི་ཟླ་ ༡༠ ནང་༸གོང་ས་མཆོག་ལ་བརྟན་བཞུགས་ འབུལ་རྒྱུ། ༸པཎ་ཆེན་རིན་པོ་ཆེ་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་བཞིན་ཡོད་ཚེ་སྐུ་སྒེར་གྱི་གནད་དོན་སྐོར་བཀའ་མོལ་ཞུ་མ་བཅུག་པ་གང་ཡིན་ནམ་ཞེས་འདྲི་རྩད། བོད་ཀྱི་རྩོམ་པ་པོ་གྲགས་ཅན་བྲག་གདོང་བཀྲས་གླིང་དབང་རྡོར་ལགས་སྐུ་གྲོངས་པ། རྒྱ་ནག་སླར་དམིགས་བསལ་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འབོད། Baloch རང་བཙན་རྩོད་ལེན་ཚོགས་པས་པ་ཀིསྟན་ནང་གི་ཁུང་ཙེ་སློབ་གླིང་ལ་ངོ་རྒོལ་གནང་བར་ངོས་ལེན། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། བྱིས་པའི་ཆམ་རིམས་སྐོར་གྱི་ངོ་སྤྲོད། Thursday 28/04/2022 Former TCV students and other 15 organizations to offer 'Tenshug' to HHDL Tibetan rights group questions China’s claim on Panchen Lama living ‘normal life’ Prominent Tibetan Writer dies at 88 in Lhasa USCIRF report calls for China to be re-designated as country of particular concern Pakistan rebel group warns China of harsher attacks HEALTH FEATURE: Flu in kids

རྒྱ་ནག་སླར་དམིགས་བསལ་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འབོད།

ཉེ་ཆར་ཕྱི་ཚེས་ ༢༥ ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༡༌༢༢ བར་གྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ནང་རྒྱ་ནག་གཞུང་གིས་ཡུལ་དེའི་མི་སེར་རྣམས་ཀྱི་ཆོས་དང་རང་དབང་ཁག་མུ་མཐུད་བརྩི་མེད་བཏང་བར་མངོན་གསལ་གྱིས་རྒྱ་ནག་དེ་སླར་དམིགས་བསལ་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འབོད་གནང་འདུག ཤོག་གྲངས་ ༡༠༠ ཡོད་པའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོ་ནང་རྒྱལ་སྤྱིའི་རྒྱལ་ཁབ་ ༢༧ ལྷག་གི་ཆོས་ཕྱོཊ་ལས་དོན་དང་འབྲེལ་བའི་རྒྱབ་ལྗོངས་ངོ་སྤྲོད་དང་། འདས་ལོར་ཆོས་དང་རང་དབང་གི་གནས་བབ་སྐོར་ཞིབ་བཀོད་གནང་འདུག་པ་དང་། རྒྱ་ནག་དང་འབྲེལ་བའི་ཚན་པའི་ཁོངས་སུ་སྤྱིར་རྒྱ་ནག་རྒྱལ་ཁབ་དེ་ཆོས་ཁས་ལེན་བྱེད་མཁན་གྱི་རྒྱལ་ཁབ་ཅིག་མིན་ཡང་། ཡུལ་དེའི་མི་སེར་གྱི་བརྒྱ་ཆ་ ༡༨ ཙམ་ནང་པ་དང་། བརྒྱ་ཆ་ ༥ ཡི་ཤུ། དེ་བཞིན་བརྒྱ་ཆ་ ༢ ཁ་ཆེའི་ཆོས་དད་པ་ཆགས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་གཞུང་གིས་ད་བར་ཡུལ་དེའི་ཆབ་སྲིད་ཀྱི་འགོ་ཁྲིད་རྣམས་ཆོས་ཕྱོགས་ཀྱི་ལྟ་བ་ཡོད་པ་དང་ལས་དོན་ལ་ཞུགས་པ་སོགས་ལ་དམ་དྲག་བྱས་པ་མ་ཟད། མི་སེར་རྣམས་ལ་ཆོས་ཀྱི་ལས་དོན་ཁག་ལ་ཞུགས་མི་ཆོག་པར་བཙན་བཀའ་བཏང་ཡོད་སྐོར་བཀོད་འདུག ལྷག་དོན་རྒྱ་གཞུང་གིས་འདས་ལོའི་ནང་ཆོས་ལུགས་རྒྱ་སྒྱུར་གྱི་སྲིད་བྱུས་ལག་བསྟར་བྱས་ནས་རྒྱ་ནག་སྤྱི་དང་སྒོས་བོད་གཙོས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་ཆོས་ལུགས་ཚོགས་སྡེ་ཁག་དང་རྗེས་འབྲང་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་དང་ལྟ་བར་རྒྱབ་སྐྱོར་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། དེ་བཞིན་དགེ་འདུན་པ་དང་མང་ཚོགས་ཀྱི་ཆོས་ཕྱོགས་ལས་དོན་ཐད་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་སོགས་མངོན་གསལ་གནང་འདུག སྙན་ཐོ་དེ་ནང་དེ་སྔ་ཕྱི་ཟླ་ ༥ ནང་རྒྱ་གཞུང་གིས་བོད་དང་འབྲེལ་བའི་རྒྱབ་ཤ་དཀར་པོའི་སྙན་ཐོ་བཏོན་པའི་ནང་དུ་ནང་བསྟན་རྒྱ་སྒྱུར་གྱི་སྲིད་བྱུས་ལ་ནན་ཏན་གསལ་བཤད་བྱས་པ་དང་། ཕྱི་ཟླ་ ༧ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་དུ་བསྐྱོད་དེ་དམར་ཤོག་ཚོགས་པའི་ཆོས་ལུགས་སྲིད་བྱུས་ཆ་ཚང་བ་ལག་བསྟར་བྱ་རྒྱུའི་གལ་གནད་སྐོར་ནན་བཤད་བྱས། དེ་བཞིན་བོད་ཀྱི་ས་གནས་ཁག་ཏུ་ཡོད་པའི་རྒྱ་ནག་གི་ས་གནས་སྲིད་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ཀྱི་ལྟ་བ་བརྗེ་སྒྱུར་ཆེད་ཚོགས་འདུ་སྐོང་འཚོགས་བྱས་པ་མ་ཟད། བོད་མི་རྣམས་དགོན་སྡེ་ཁག་ཏུ་མཆོད་མཇལ་འགྲོ་རྒྱུར་བཀག་སྡོམ་དང་། ཆོས་ཕྱོགས་ཀྱི་མཚོན་དོན་རྣམས་གཏོར་བཅོམ་ཡོད་སྐོར་བཀོད་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ལྷན་ཚོགས་ཀྱི་སྙན་ཐོ་ནང་ད་དུང་རྒྱ་ནག་གི་བྱེད་བབ་ཁག་ཐེར་འདོན་དང་སྦྲགས་ཏེ། རྒྱ་ནག་དེ་ནི་ཆོས་དད་རང་དབང་གི་གནས་བབ་ཐོག་ནས་དམིགས་བསལ་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འབོད་གནང་འདུག་པ་དང་། དེའི་ཁོངས་སུ་ཨཕ་ག་ནིསྟན་དང་། བྱང་ཀོ་རི་ཡ། པ་ཀིསྟན། ཨུ་རུ་སུ། འབར་མ་སོགས་ཚུད་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ལྷན་ཚོགས་ཀྱིས་ཐེངས་འདིའི་སྙན་ཐོར་ཨ་རིའི་སྲིད་གཞུང་གི་ངོས་ནས་རྒྱ་གཞུང་གིས་གོ་རིམ་ལྡན་པའི་ཐོག་ནས་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་ངོས་འཛིན་གནང་སྟེ། རྒྱ་ནག་རྒྱལ་ཁབ་དེ་ནི་ཆེས་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་བློ་མཐུན་རྒྱལ་ཁབ་ཁག་དང་ཟུང་འབྲེལ་གྱིས་རྒྱ་ནག་གི་བྱ་སྤྱོད་ཁག་ལ་འདྲི་རྩད་བརྒྱུད་འགན་ཁུར་གསལ་བཤད་བྱེད་བཅུག་དགོས་པ་གསུངས་འདུག རྒྱ་ནག་ནང་ཆོས་དད་རད་དབང་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གཏོང་ཐབས་སུ་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་གཏན་འབེབས་གནང་བའི་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་ཡིག་དང་། ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཁག་ཨ་རིའི་འཛིན་སྐྱོང་ནས་ལག་བསྟར་གནང་ཐུབ་རྒྱུར་སྐུལ་འདེད་གནང་དགོས་པ་གསུངས་ཡོད།

བོད་ཀྱི་རྩོམ་པ་པོ་གྲགས་ཅན་བྲག་གདོང་བཀྲས་གླིང་དབང་རྡོར་ལགས་སྐུ་གྲོངས་འདུག

དེ་རིང་བོད་ནང་གི་བརྩམས་སྒྲུང་གྲགས་ཅན་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཀྱི་རྩོམ་པ་པོ་བྲག་གདོང་བཀྲས་གླིང་དབང་རྡོར་ལགས་དགུང་ལོ་ ༨༨ ཐོག་སྐུ་གྲོངས་འདུག བོད་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་བོད་ནང་གི་རྩོམ་པ་པོ་དང་ལོ་ཙཱ་བ་གྲགས་ཅན་བྲག་གདོང་བཀྲས་གླིང་དབང་རྡོར་ལགས་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་གྲོངས་པ་དང་འབྲེལ། ད་ཆ་བོད་ཕྱི་ནང་གཉིས་སུ་རྩོམ་པ་པོ་དང་ཁོང་གི་བརྩམས་ཆོས་ལ་དགའ་མོས་གནང་མཁན་གྱིི་ཀློག་པ་པོ་མང་པོ་ཞིག་ནས་སྤྱི་ཚོགས་དྲ་ལམ་སོགས་སུ་མྱ་ངན་དང་ཁོང་གིས་བོད་ཀྱི་རྩོམ་རིག་ཐད་བཞག་པའི་མཛད་རྗེས་སྐོར་གླེང་སློང་གིས་ཆེ་བསྟོད་ཤུགས་ཆེར་བྱེད་བཞིན་འདུག རྩོམ་པ་པོ་ཁོང་གིས་ད་བར་བརྩམས་སྒྲུང་དང་བསྒྱུར་རྩོམ་མང་དག་ཞིག་བྲིས་གནང་ཡོད་པའི་ཁོངས་སུ་ཡོངས་གྲགས་ཆེ་ཤོས་ཁག་ཅིག་ནི་འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་ནང་སྙན་གྲགས་ཡོད་པའི་དབྱིན་ཇིའི་རྩོམ་པ་པོ་ Shakespeare གྱི་བརྩམས་སྒྲུང་ཁག་ལས་ Hamlet དང་ Romeo and Juliet སོགས་བོད་ཡིག་ནང་བསྒྱུར་གནང་ཡོད་པ་མ་ཟད། ལྷག་དོན་རྩོམ་པ་པོ་ཁོང་གིས་བརྩམས་སྒྲུང་རིང་གྲས་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཅེས་པ་དེར་རྩོམ་བྲིས་གནང་རྒྱུར་ལོ་བདུན་འགོར་བས་དེ་ནི་འགྲན་ཟླ་བྲལ་བའི་བརྩམས་སྒྲུང་ཞིག་ཆགས་ཡོད་ཅིང་དེ་རྒྱ་ཡིག་དང་དབྱིན་ཇི། འཇར་མན་བཅས་ཀྱི་སྐད་རིགས་ཐོག་བསྒྱུར་ཟིན་པར་མ་ཟད། ད་ཆ་ཉི་ཧོང་དང་ཀོ་རི་ཡའི་སྐད་ཡིག་ཐོག་ཕབ་བསྒྱུར་བྱེད་བཞིན་ཡོད་པ་རེད། རྩོམ་པ་པོ་བཀྲས་གླིང་དབང་རྡོར་ལགས་ནི་ཕྱི་ལོ ༡༩༣༤ ལོར་བོད་ལྗོངས་རྒྱལ་རྩེར་བྲག་གདོང་བཀྲས་གླིང་ཞེས་པའི་ཁྱིམ་དུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༤༦ ལོར་སྐབས་དེའི་བོད་གཞུང་བཀའ་ཤག་གིས་བཀོད་ཁྱབ་འོག་རྒྱ་གར་ཀ་ལིང་སྦུག་གི་ Sen Joseph སློབ་གྲྭར་བཏང་བའི་སློབ་མ་བཅུའི་ཁྲོད་ཀྱི་གཅིག་ཡིན་པ་དང་རྗེས་སུ་ ༡༩༥༣ ལོར་ཕྱིར་བོད་དུ་ལོག་ཕེབས་ནས་ལྷ་ས་སློབ་ཆུང་དང་པོ་དང་། གཞིས་རྩེ་ལས་བྱེད་སློབ་གྲྭར་དགེ་རྒན་གྱི་ཕྱག་ལས་གནང་བ་དང་དེ་མིན་རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་སློབ་གསོ་ལྷན་ཚོགས་དང་ཡུལ་སྐོར་ལས་ཁུངས་སོགས་སུ་འགན་འཛིན་གྱི་ལས་གནས་གཉེར་ཏེ། ༡༩༩༡ ལོར་རྒན་ཡོལ་ཞུས་པ་དང་དེའི་རྗེས་ཀྱིས་སྐུ་ཚེ་ལྷག་སྡད་རྣམས་ཡིག་བསྒྱུར་དང་རྩོམ་རིག་བཅས་ལ་འཇུག་ཡོད་པ་རེད།

Latest news