Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2022

རེས་གཟའ་མིག་དམར། ༢༠༢༢།༠༥།༣༡

ཉན་པ།: Listen ཕབ་ལེན། Download ཀར་ན་ཊ་ཀའི་ནང་འཚར་ལོངས་བྱུང་བ་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཆགས་པར་མངོན་བསྟོད། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་ཀར་ན་ཊ་ཀ་མངའ་སྡེར་འཚོགས་གཏན་འཁེལ་བ། བོད་མིའི་སྤྱི་ཚོགས་ནང་དཀའ་ངལ་ཆེ་ཤོས་ཁྱིམ་གྱི་དྲག་སྤྱོད་ཆགས་ཡོད། ཏོག་དབྱིབས་སྔོན་ཁབ་གསུམ་པའི་སྐོར་བཅར་འདྲི། Tuesday 31/05/2022 CM commends Karnataka born Sikyong Penpa Tsering for leading CTA. 7th All India Tibet support groups meeting to be held in Karnataka. CTA’s Women empowerment desk commences ‘Gender Sensitisation’ workshop to staff. Interview with Dr. Ugyen Gyatso on Covid 19 booster shots.

ཀར་ན་ཊ་ཀའི་ནང་འཚར་ལོངས་བྱུང་བ་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཆགས་པར་མངོན་བསྟོད།

ཁ་སང་སྲིད་སྐྱོང་མཆོག་རྒྱལ་ས་སྦེང་ལོར་གྱི་མཚམས་གཟིགས་ལེགས་གྲུབ་ཟིན་རྗེས་མཛད་རིམ་མཐའ་མ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་  Basavaraj Bommai མཆོག་དང་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ Shri P Ravi Kumar མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་པ་ལྟར། སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་མཛད་པའི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་མངའ་སྡེའི་བློན་ཆེན་དང་སྤྱི་ཁྱབ་དྲུང་ཆེ་རྣམ་གཉིས་ལ་ཕུལ་ཡོད་པ་རེད།སྲིད་སྐྱོང་མཆོག་ལ་ཆ་མཚོན་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་དམིགས་བསལ་ཀར་ན་ཊ་ཀ་མངའ་སྡེར་འཚར་ལོངས་བྱུང་ནས་ད་ཆ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཆགས་པ་ཐོག་མ་དེ་ཆགས་ཡོད་པར་ངོ་སྤྲོད་གནང་དོན་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་  Basavaraj Bommai མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་སྲིད་སྐྱོང་མཆོག་ལ་མངོན་བསྟོད་གནང་བ་དང་སྲིད་སྐྱོང་མཆོག་གི་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གནང་ཕྱོགས་ལ་ཐུགས་འགུལ་བྱུང་ཡོད་སྐོར་གསུངས་འདུགདབུ་ཁྲིད་རྣམ་པའི་མཇལ་འཕྲད་སྐབས་ལྷན་བཅར་ཞུ་མཁན་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་སྲིད་སྐྱོང་མཆོག་ནས་ཀར་ན་ཊ་ཀའི་ཡུལ་སྐད་ཐོག་མངའ་སྡེའི་བློན་ཆེན་མཆོག་ལ་གཞིས་ཆགས་ཀྱི་དཀའ་ངལ་ཁག་ཅིག་སྙན་སེང་ཞུས་ཡོད་པར་འགྲེལ་བརྗོད་གནང་སོང་།སྦེང་ལོར་ནང་མཚམས་གཟིགས་ལེགས་གྲུབ་རྗེས་སྲིད་སྐྱོང་མཆོག་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་སྦེལ་ཀོབ་ནང་བདེ་འབྱོར་བྱུང་ཡོད་པ་དང་། དེ་རིང་སྔ་དྲོ་ཐོག་མར་༸རྒྱལ་བའི་ཕོ་བྲང་ལ་གནས་གཟིགས་དང་ཚོུད་ ༩ ཐོག་ལོ་རིམ་བརྒྱད་པ་ནས་བཅུ་གཉིས་བར་གྱི་སྦེལ་ཀོབ་བོད་ཁྱིམ་གྱི་དགེ་ལས་སློབ་གཉེར་བ་རྣམ་པ། དེ་བཞིན་གཏན་སློབ་ཀྱི་དགེ་ལས་སློབ་གཉེར་བ་རྣམས་ལ་གསུང་བཤད་གནང་བ་མ་ཟད། དེ་རྗེས་བྱེས་ཀྱི་གདན་ས་ཆེན་མོ་སེ་ར་བླ་སྤྱི་དང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་། སེར་བྱེས་མཁས་སྙན་གྲྭ་ཚང་བཅས་སུ་མཆོད་མཇལ་ གནང་བ་དང་དེར་འཁོད་མཁས་མང་དགེ་འདུན་འདུས་པ་རྒྱ་མཚོར་སྐབས་ ༡༦ པའི་བཀའ་ཤག་གི་ལས་དོན་གནང་ཕྱོགས་སྐོར་གསུང་བཤད་གནང་ཡོད། སློབ་མ་རྣམས་ལ་གསུང་བཤད་དང་ཉིན་རྒྱབ་ཏུ་དགེ་འདུན་པ་རྣམས་ལ་གསུང་བཤད་གནང་ཟིན་མཚམས་སུ་བཀའ་འདྲིར་བཀའ་ལན་གནང་ཡོད་པ་ལྟར། སློབ་ཕྲུག་ཞིག་གིས་སྤྱི་ཚོགས་ནང་ཕན་ཚུན་མི་དགའ་བའི་གནས་ཚུལ་རྐྱེན་གྱིས་སྤྱི་ཚོགས་ལ་བརྡབ་གསིག་ཡོང་སྐབས་སྲིད་སྐྱོང་མཆོག་གིས་དེར་གདོང་ལེན་གང་འདྲ་གནང་གི་ཡོད་པ་དང་དེ་བཞིན་ཧི་མཱ་ཡ་ལའི་དགེ་འདུན་པ་ཞིག་གིས་ང་ཚོ་ནི་ཁྲིམས་ཐོག་ནས་ཧི་མཱ་ལ་ཡའི་རིགས་རྒྱུད་ཡིན་ཀྱང་། མི་རིགས་ཀྱི་ཆ་ནས་བོད་རིགས་ཡིན་སྐོར་ཞུས་ཏེ་ཧི་མཱ་ལ་ཡའི་དགེ་འདུན་པ་ཚོའི་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་དང་བླངས་དཔྱ་དངུལ་ཕུལ་འདོད་ཡོད་ཀྱང་ཕྱི་ལོ་ ༢༠༡༧ ལོ་ནས་དངུལ་བཞེས་མཁན་མི་འདུག་ཅེས་ཞུས་སོང་།སྐབས་དེར་སྲིད་སྐྱོང་མཆོག་གིས་གཞུང་གང་འདྲ་ཞིག་ཡིན་ཡང་རྙོག་གྲ་མེད་པའི་གཞུང་མེད་པ་དང་། ང་ཚོའི་སྤྱི་ཚོགས་ནང་ལའང་སྐབས་དང་དུས་སོ་སོར་ཕྲན་བུ་ངལ་བ་འཕྲད་ཀྱི་ཡོད་ཀྱང་སྒྲིག་འཛུགས་ཀྱི་ངོས་ནས་གཙོ་བོ་ཕྱི་གསལ་ནང་གསལ་གནང་དགོས་གལ་ཡིན་པ་མ་ཟད་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ཁྲིམས་ལུགས་དང་མཐུན་པར་ངལ་བ་སེལ་གནད་ཡིན་པར་གསུངས་སོང་།སྤྱིར་ཉིན་རྒྱབ་ཀྱི་མཛད་རིམ་ཐོག་གདན་སའི་དགེ་འདུན་པ་ཁྱོན་ ༢༠༠ ཙམ་ཕེབས་ཡོད་པ་དང་སྲིད་སྐྱོང་མཆོག་གིས་ཁོང་གཞིས་ཆགས་འདི་ནས་འཚར་ལོངས་བྱུང་སྟེ་ད་ཆ་སྐབས་ ༡༦ པའི་བཀའ་ཤག་གི་སྲིད་སྐྱོང་ཆགས་ནས་དེ་རིང་གདན་ས་ཆེན་པོར་དངོས་སུ་བཅར་ཏེ་ལྷན་རྒྱས་ལ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་ཐོབ་པར་དགའ་ཚོར་བྱུང་ཞེས་གསུངས་པ་དང་ཆབས་ཅིག འདིར་དངོས་སུ་ཕེབས་པའི་དགེ་འདུན་པའི་ཞལ་གྲངས་ལ་གཞིགས་ན་དྲི་བ་ཞིག་ཆགས་ཀྱི་འདུག་ཅེས་གསུངས་ཡོད། སེར་སྨད་མཁན་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་གནང་སྐབས་ཁོང་གིས་སྲིད་སྐྱོང་མཆོག་ས་ཐག་རིང་པོ་ནས་ཕེབས་ཏེ་གདན་སར་ཆེད་ཕེབས་གནང་ཡོད་ཀྱང་། དེ་རིང་དགེ་འདུན་པའི་ཞལ་གྲངས་ཉུང་ཉུང་ལས་ཕེབས་མེད་པར་དགོངས་སེལ་ཞུས་པ་དང་སྦྲགས། སྲིད་སྐྱོང་མཆོག་གིས་ལས་འཁུར་བཞེས་ནས་བཟུང་ད་བར་ཕྱག་ལས་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་སོང་།

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་ཀར་ན་ཊ་ཀ་མངའ་སྡེར་འཚོགས་གཏན་འཁེལ་བ།

ཟླ་བ་འདིའི་ཕྱི་ཚེས་ ༢༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ལྷན་ཚོགས་ཤིག་ལྡི་ལི་དོན་གཅོད་ཁང་དུ་ཚོགས་ཡོད་པ་དང་ལྷན་ཚོགས་ཐོག་སྡེ་ཚན་ནང་མའི་དབུས་ཀྱི་འབྲེལ་མཐུད་པ་གཙོ་བོ་སྐུ་ཞབས་ R K  Khirmey མཆོག་དབུ་བཞུགས་ཐོག་ས་གནས་ཀྱི་སྡེ་ཚན་ནང་མ་ཁག་དགུའི་སྐུ་ཚབ་དང་། དེ་བཞིན་ལྡི་ལི་དོན་གཅོད་ཁང་གི་དྲུང་ཆེ། འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་བྱེད་བཅས་ཁྱོན་ཚོགས་མི་ ༡༤ ལྷག་ལྷན་འཛོམས་གནང་འདུགཉིན་གཅིག་གི་ལྷན་ཚོགས་ཐོག་ནས་རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འདས་པའི་ལས་དོན་ལ་བསྐྱར་ཞིབ་དང་མ་འོངས་གནང་འཆར་བཅས་ཀྱི་ཐོག་གྲོས་མོལ་གནང་ཡོད་པ་དང་། ལྷག་དོན་ལོ་གསུམ་རེའི་མཚམས་སུ་ཐེངས་གཅིག་ཚོགས་སྲོལ་ཡོད་པའི་རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་འདི་ལོའི་ཕྱི་ཟླ་ ༡༠ དང་ ༡༢ དབར་ཀར་ན་ཊ་ཀ་མངའ་སྡེའི་སྦེང་ལོར་གྲོང་ཁྱེར་ནང་འཚོགས་གཏན་འཁེལ་འདུགལྷན་ཚོགས་ཐོག་ད་དུང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ R K Khirmey  མཆོག་གིས་ས་གནས་ཀྱི་འབྲེལ་མཐུད་པ་རྣམས་ལ་བོད་དང་རྒྱ་གར། རྒྱ་ནག་བཅས་ཀྱི་ད་ལྟའི་ཆབ་སྲིད་ཀྱི་འགྱུར་གྲོས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་ངོས་ནས་གོ་སྐབས་དམ་འཛིན་གནང་ཕྱོགས་བཅས་ལམ་སྟོན་གནང་བ་དང་འབྲེལ། ས་གནས་ཀྱི་ཚོགས་མི་རྣམ་པའི་འདས་པའི་ལས་དོན་ལ་ཡི་རང་བསྔགས་བརྗོད། མ་འོངས་པར་མུ་མཐུད་སྔར་ལྷག་འབད་བརྩོན་གནང་སྟེ་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་ཐུགས་རེ་ཡོད་སྐོར་སོགས་གསུངས་ཡོད།གཞི་རྩའི་རེས་གཟའ་ཉི་མའི་ཉིན་ལྡི་ལི་དོན་གཅོད་ཁང་དུ་ཚོགས་པའི་ལྷན་ཚོགས་དེ་ནི།རྒྱ་གར་རྒྱལ་ཡོངས་ཀྱི་སྡེ་ཚན་ནང་མའི་ཚོགས་མི་རྣམས་ལོ་རེའི་མཚམས་སུ་ཐེངས་གཉིས་རེ་ཚོགས་སྲོལ་ཡོད་པའི་ཆ་ཤས་ཤིག་ཡིན་པ་དང་།  ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་འདས་པའི་ལས་དོན་ལ་བསྐྱར་ཞིབ་དང་མ་འོངས་ལས་དོན་བྱེད་ཕྱོགས་བཅས་ཀྱི་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ་ལྟར་སྐབས་དེར་ལྡི་ལི་དོན་གཅོད་ཀྱི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་ཚོས་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ་བོད་དོན་དྲིལ་བསྒྲགས་གང་མང་ཐུབ་ཐབས་གནང་དགོས་པའི་འབོད་སྐུལ་སོགས་གནང་ཡོད།རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མ་ཞེས་པ་དེ་ནི། རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚང་མའི་འབྲེལ་མཐུད་ཀྱི་ལས་ཁུངས་གཙོ་བོ་དེ་ཡིན་པ་དང་། ལྡི་ལིར་རྟེན་གཞི་བྱས་པའི་ལས་ཁུངས་དེའི་ངོས་ནས་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་དོན་དོན་ལ་མཐུན་འགྱུར་རམ་འདེགས་དང་ལྷག་པར་རྒྱ་གར་དབུས་གཞུང་དང་བོད་མིའི་སྒྲིག་འཛུགས་བཅས་སུ་འབྲེལ་མཐུད་ཀྱི་ཐུགས་འགན་བཞེས་གནང་གི་ཡོད་པར་མ་ཟད་ས་གནས་ཀྱི་ཚོགས་པ་ཁག་ལ་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་སོགས་ཀྱང་གནང་གི་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༢༢།༠༥།༣༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཝེ་ཏི་ནམ་གྱི་ཚོང་ལས་འགོ་ཁྲིད་དང་སྨན་པ་སོགས་མི་གྲངས་ ༡༦༨ ལ་མཇལ་ཁ་སྩལ་བ། ལྕམ་སྐུ་ Michelle Bachelet མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་ལ་སྐྱོན་བརྗོད། སྲིད་སྐྱོང་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད། བོད་དོན་འཐབ་རྩོད་ནུས་པ་ཇེ་ཆེར་གཏོང་རྒྱུའི་རྒྱལ་སྤྱིའི་ལྷན་ཚོགས་བསྐོང་ཚོགས། ཐེ་ཝན་སྐུ་ཚབ་དོན་གཅོད་དང་ཐེ་ཝན་ཕྱི་སྲིད་བློན་ཆེན་རྣམ་གཉིས་དབར་མཇལ་མོལ། རྒྱ་ནག་དང་ཧོང་ཀོང་གི་འགོ་ཁྲིད་ཚོའི་རྒྱུ་ནོར་ལ་ཞིབ་འཇུག་དགོས་པའི་དགོས་འདུན། Monday 30/05/2022 HHDL addresses a group of 168 Vietnamese from various professions Michelle Bachelet faces criticism over her heavily curtailed trip to China Sikyong Penpa Tsering meets Karnataka CM Various Tibet’s support groups meet in Barcelona to strengthen Tibetan freedom struggle Representative Kelsang Gyaltsen meets Taiwan FM, discusses HHDL visit to the country Over 100 UK MPs urge Liz Truss to sanction Chinese officials over Hong Kong

ལྕམ་སྐུ་ Michelle Bachelet མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་ལ་སྐྱོན་བརྗོད།

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་རྒྱ་ནག་ནང་གི་གཞུང་འབྲེལ་འཚམས་གཟིགས་མཇུག་སྒྲིལ་དང་སྦྲགས། ཁོང་གིས་ཐེངས་འདིའི་འཚམས་གཟིགས་ཁྲོད་རྒྱ་ནག་གི་དཔོན་རིགས་ཚོར་འཇིགས་སྐུལ་ལ་གདོང་ལེན་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པ་དང་། ལྷག་དོན་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་སྲུང་སྐྱོབ་བྱེད་དགོས་པར་ནན་བཤད་གནང་ཡོད་སྐོར་གསུངས་ཡོད་པ་དེ་ལྟར་ནའང་། བོད་མིས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་དང་། ཕྱི་སྡོད་ཡུ་གུར་མི་རིགས་ཚོས་ལྕམ་སྐུ་མཆོག་གི་ངོས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དངོས་ཡོད་གནས་སྟངས་ལ་འཇིགས་ཞུམ་མེད་པར་དྲང་བདེན་ཐོག་ནས་རྟོག་ཞིབ་གནང་ཐུབ་མེད་པར་སྐྱོན་བརྗོད་གནང་འདུགལྕམ་སྐུ་ Michelle Bachele མཆོག་གིས་ཟླ་ ༥ ཚེས་ ༢༣ ནས་དབུ་འཛུགས་ཀྱིས་ཉིན་གྲངས་དྲུག་རིང་ཤིན་ཅང་གཙོས་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་གནང་སྟེ་ཁ་ཉིན་གཟིགས་སྐོར་མཇུག་སྒྲིལ་སྐབས་བརྙན་པར་བརྒྱུད་གསར་འགོད་ལྷན་ཚོགས་ཤིག་གནང་བའི་ནང་ལྕམ་སྐུ་མཆོག་གིས་ད་ལན་རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ལོ་ངོ་ ༡༧ རྗེས་ཆེས་ཐོག་མ་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འཇུག་པ་དང་། དེ་བཞིན་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་རྒྱ་ནག་རྒྱལ་ནང་གཙོས་གོ་ལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐད་ཀར་གྲོས་བསྡུར་གནང་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འཚམས་གཟིགས་ཁྲོད་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཙོས་ཕྱི་སྲིད་བློན་བློན་ཆེན་ Wang Yi དེ་བཞིན་རྒྱ་ནག་ནང་གི་སྤྱི་དམངས་དང་ཤེས་ཡོན་སྡེ་ཁག ཆོས་ལུགས་ཀྱི་དབུ་ཁྲིད་སོགས་དང་ཐུག་འཕྲད་གནང་སྟེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་འདུན་པ་ཆེད་བཏོན་གནང་བ་དང་། འཚམས་གཟིགས་འདི་ནི་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་ཞལ་གསང་པོའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་རྒྱུའི་གོ་སྐབས་ཤིག་མ་གཏོགས་རྟོག་ཞིབ་བྱ་རྒྱུའི་སྐོར་སྐྱོད་ཅིག་མིན་སྐོར་གསུངས་འདུགཁ་སང་དྲ་ལམ་གྱི་གསར་འགོད་གསལ་བསྒྲགས་དེའི་ཐོག་ལྕམ་སྐུ་མཆོག་གིས་འཚམས་གཟིགས་ཁྲོད་རྒྱ་ནག་གི་མཐོ་གྲས་དཔོན་རིགས་ཚོར་འཇིགས་སྐུལ་ལ་གདོང་ལེན་གྱི་སྲིད་བྱུས་བསྐྱར་ཞིབ་དགོས་པ་དང་ལྷག་དོན་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག བོད་མིའི་ངོ་བོ་བཅས་སྲུང་སྐྱོབ་གནང་དགོས་པའི་གལ་གནད་དང་བོད་མི་རྣམས་ལ་ཆོས་ལུགས་དང་གྲོས་མོལ་གྱི་ཐག་གཅོད་ཁག་གི་ནང་དུ་མཉམ་ཞུགས་གནང་རྒྱུའི་རང་དབང་ཆ་ཚང་སྤྲོད་དགོས་པའི་སྐོར་གླེང་ཡོད་པ་མ་ཟད་བོད་རང་སྐྱོང་ལྗོངས་ནང་གི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གྲོས་བསྡུར་གནང་སྟེ། བོད་ཕྲུག་རྣམས་སོ་སོའི་སྐད་ཡིག་དང་རིག་གཞུང་བཅས་པ་བོད་མིའི་ཁྱིམ་ཚང་དང་བོད་པའི་ཁོར་ཡུག་ནང་ལ་སློབ་སྦྱོང་གནང་འཇུག་པའི་གལ་གནད་སོགས་ཀྱི་སྐོར་ལ་བཀའ་མོལ་ནན་པོ་གནང་ཡོད་པར་གསུངས་འདུག འོན་ཏང་ཨ་རིར་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལྕམ་སྐུ་ Michelle མཆོག་གི་སྐོར་སྐྱོད་ལ་བློ་ཕམ་གྱི་རྣམ་པ་བསྟན་པ་དང་འབྲེལ། ལྕམ་སྐུ་མཆོག་གིས་བོད་དོན་ཐོག་ཚིག་འབྲུ་གཉིས་རང་བཀོད་པ་དེ་ནི་དང་ལེན་རྩ་བ་ནས་གནང་ཐབས་མེད་པ་ཞིག་དང་། ལྕམ་སྐུ་མཆོག་གིས་ཐེངས་འདིའི་སྐོར་སྐྱོད་ཁྲོད་རྒྱ་ནག་ནང་གི་དངོས་ཡོད་གནས་སྟངས་ལ་དྲང་བདེན་དང་འཇིགས་ཞུམ་མེད་པར་རྟོག་ཞིབ་གནང་ཐུབ་མེད་པ་དེ་ནི་རང་ཉིད་ཀྱི་འོས་འགན་བསྒྲུབ་ཐུབ་མེད་པར་ངོས་འཛིན་ཞུ་གྱི་ཡོད་ཅེས་གསུངས་པ་དང་ཆབས་ཅིག་ཏུ་དེས་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་རྒྱལ་ཁ་སྤྲད་ཡོད་སྐོར་གསུངས་འདུག བོད་མིའི་ཚོགས་སྡེ་ཁག་ཅིག་གིས་ཀྱང་ལྕམ་སྐུ་ Michelle མཆོག་གིས་སྐོར་སྐྱོད་དེའི་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་བྱུས་ངན་སྲིད་བྱུས་དེ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོད་ཁས་ལེན་བྱས་པ་ཞིག་ཡིན་པའི་ཟུར་ཟ་གནང་འདུག་པ་མ་ཟད་ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གནད་དོན་འདིའི་ཐད་སེམས་འཚབ་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་གཞུང་ནས་ལྕམ་སྐུ་ Bachelet མཆོག་གི་འཚམས་གཟིགས་འདིར་དམ་དྲག་གིས་ཤིན་ཅང་ནང་གི་འགྲོ་བ་མིའི་རིགས་རྩ་གཏོར་གཏོང་བཞིན་པའི་ཐད་རང་དབང་གི་རྟོག་ཞིབ་ཚད་ལྡན་བྱ་རྒྱུར་གཡོ་ཐབས་བྱས་པར་སྐྱོན་བརྗོད་གནང་འདུགཡུ་གུར་བ་ས་ཡ་ལྷག་དོ་དམ་བྱེད་སའི་ས་ཚིགས་ཁག་ཏུ་རང་དབང་ངང་གཟིགས་ཞིབ་དང་། ཡང་ན་ཤིན་ཅང་གི་ཕྱིར་སྐྱོད་མི་ཆོག་པའི་དེ་དག་གི་ནང་མི་དང་ལྷག་དོན་ཤིན་ཅང་གི་ངལ་རྩོལ་ར་བའི་ལས་གཞི་ནང་ཞུགས་མྱོང་ཡོད་པའི་ཡུ་གུར་རང་དབང་རྩོད་ལེན་པ་སོགས་དང་ལྷན་གསང་བའི་མཇལ་མོལ་གནང་མེད་པའི་ཐད་ལ་ཆེས་བློ་ཕམ་བྱུང་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱ་གཞུང་ལ་བོད་མི་གཙོས་ཧོང་ཀོང་དང་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བྱས་པའི་ཐོག་ཤིན་ཅང་ནང་གི་བཙན་གནོན་སྲིད་བྱུས་དེ་ཉིད་འཕྲལ་དུ་མཚམས་འཇོག་གིས་དྲང་བདེན་མིན་པར་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ཀློད་བཀྲོལ་གཏོང་དགོས་པ་དང་། བོད་གཙོས་ཤིན་ཅང་དང་རྒྱ་ནག་ཁྱོན་དུ་འགོག་རྐྱེན་མེད་པར་རང་དབང་གི་རྟོག་ཞིབ་མི་སྣ་ཆེད་གཏོང་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ Dolkun Isa ལགས་ཀྱིས་ཀྱང་ལྕམ་སྐུ་མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་དེའི་མཇུག་འབྲས་ལ་བློ་ཕམ་གྱི་རྣམ་པ་ཆེད་བཏོན་གནང་བ་དང་སྦྲགས་ཏེ་ཐེངས་འདིའི་འཚམས་གཟིགས་དེ་རྒྱ་གཞུང་ལ་ད་བར་འགྲོ་བ་མིའི་རིགས་དང་སྒོས་ཡུ་གུར་མི་རིགས་རྩ་གཏོར་གཏོང་བའི་བྱས་ཉེས་དག་ལ་སྦས་བསྐུངས་ཀྱིས་དྲིལ་བསྒྲགས་བྱ་རྒྱུའི་གོ་སྐབས་ཤིག་ཏུ་འགྱུར་བར་ཞེད་སྣང་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག

སྲིད་སྐྱོང་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་འདུག

བོད་མིའི་སྒྲིག་འཛུགས་གི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་སྐབས་ ༡༦ པའི་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ཉེ་ཆར་ལོ་གཅིག་ཧྲིལ་པོ་འཁོར་བ་དང་སྦྲགས། ཟླ་བ་འདིའི་ཚེས་ ༢༨ ནས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་གཙོས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་གནང་བ་མ་ཟད། དེ་རིང་སྦེང་ལོར་གྲོང་ཁྱེར་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་  Basavaraj Bommai མཆོག་གིས་དབུས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་དམིགས་བསལ་མཇལ་འཕྲད་གནང་འདུགདེའང་སྲིད་སྐྱོང་མཆོག་གིས་དེ་རིང་ཉིན་རྒྱབ་ཚོུད་ ༣ ཙམ་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་གཟིམ་ཤག་ཏུ་ཆེད་ཕེབས་ཀྱིས་མཇལ་འཕྲད་ཞུས་འདུག རླུང་འཕྲིན་ཁང་གི་གསར་འགོད་པས་ལྷོ་སྤྱི་མཆོག་ལ་མཇལ་འཕྲད་དེའི་སྐོར་བཅར་འདྲི་ཞུ་ཐབས་ཞུས་ཀྱང་མཛད་བྲེལ་རྐྱེན་གྱིས་བཅར་འདྲིའི་གོ་སྐབས་ཐོབ་མ་སོང་།སྲིད་སྐྱོང་མཆོག་རེས་གཟའ་སྤེན་པ་སྟེ་ཚེས་ ༢༨ ཉིན་སྦེང་ལོར་དུ་འབྱོར་མ་ཐག་ཐོག་མར་དེ་སྔ་ནས་སྒོ་རྒྱག་པའི་གཞོན་སྐྱེས་ལས་རིགས་སྦྱོང་བརྡར་ཁང་ནི་ལཱ་མན་གྷལཾ་ལ་གཟིགས་ཞིབ་དང་། སྨན་རྩིས་ཁང་ཡན་ལག་སྨན་ཁང་དུ་གཟིགས་སྐོར་གནང་བ་མ་ཟད། ཕྱི་དྲོའི་ཕྱག་ཚོད་ ༤ ཙམ་ལ་སྦེང་ལོར་བོད་ཁྱིམ་སྡོད་ཁྱིམ་དུ་ཕེབས་འབྱོར་གྱིས་སློབ་མ་རྣམས་དང་སྦེང་ལོར་གཡས་གཡོན་གྱི་ས་གནས་བོད་མི་མང་ཚོགས་བཅས་ལ་གསུང་བཤད་གནང་ཡོད།སྲིད་སྐྱོང་མཆོག་གིས་སྐབས་དེར་ཁོང་ནས་བོད་མའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གིས་ཐུགས་འགན་བཞེས་པ་ནས་བཟུང་གང་ཐུབ་ཅི་ཐུབ་ཀྱིས་བོད་མིའི་གཞིས་ཆགས་གང་མང་ནང་དངོས་སུ་ཕེབས་ཏེ་ས་གནས་ས་ཐོག་གི་གནས་སྟངས་རྒྱུས་ལོན་གནང་སྟེ་འཆར་གཞི་སྒྲིག་རྒྱུ་དེ་གལ་ཆེན་པོ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་ལྟར། འདས་པའི་ལོ་གཅིག་གི་རིང་གཞིས་ཆགས་མི་ཉུང་བར་འཚམས་གཟིགས་གནང་ཡོད་པ་དང་། ལྷག་པར་ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་རྒྱུ་དམིགས་བསལ་གལ་ཆེར་གཟིགས་ཀྱི་ཡོད་པ་བཞིན་ད་ལྟ་ཕྱག་ལ ས་གང་དང་གང་གནང་ཡོད་པ་སོགས་ལས་དོན་སྙིང་བསྡུས་གསུངས་ཡོད།སྲིད་སྐྱོང་མཆོག་གིས་གཙོ་བོར་སྐབས་ ༡༦ པའི་བཀའ་ཤག་གི་སྲིད་བྱུས་འཛིན་ཕྱོགས་དང་། དེ་འབྲེལ་ཐབས་བྱུས་ཅི་འདྲ་ཞིག་བེད་སྤྱོད་གནང་ནས་མ་འོངས་པའི་འཆར་གཞི་སྒྲིག་སྟངས་བཅས་ཀྱི་སྐོར་ལ་གསུང་བཤད་གནང་བ་མ་ཟད། གཞོན་སྐྱེས་རྣམས་རྣམས་ལ་མི་རེ་ངོ་རེས་ཉི་མ་འཁྱོལ་ཙམ་མིན་པར་རང་གི་ལུང་པའི་གནས་སྟངས་སེམས་ནང་བཞག་ནས་སློབ་སྦྱོང་ལ་འབད་བརྩོན་གནང་དགོས་པ་དང་། སྤྱི་ཚོགས་ནང་གི་དཀྲོག་གཏམ་ཁག་ལ་མགོ་མ་འཁོར་བར་རང་ཉིད་ནས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཕྱག་དེབ་མང་ཙམ་བཀླག་གལ་ཡིན་པའི་གཞེན་སྐུལ་གནང་ཡོད།སྲིད་སྐྱོང་མཆོག་གིས་རེས་གཟའ་ཉི་མའི་ཉིན་སྦེང་ལོར་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་མཐོ་སློབ་དང་ཉེ་འཁྲིས་སུ་ཡོད་པའི་སྨན་རྩིས་ཁང་ལ་ཆེད་ཕེབས་ཀྱིས་བོད་རྒྱ་འབྲེལ་མོལ་བརྒྱུད་བོད་ཀྱི་གནད་དོན་སེལ་ཐབས་དང་བཙན་བྱོལ་བོད་མིའི་བདེ་དོན་བཅས་དང་འབྲེལ་བཀའ་ཤག་གི་ལས་འགན་གཙོ་བོའི་སྐོར་གསུངས་པ་དང་ཆབས་ཅིག འདས་པའི་ལོ་གཅིག་ནང་གི་ལས་དོན་ཁག་གང་དག་སྤེལ་ཡོད་པ་སོགས་ངོ་སྤྲོད་གནང་བའི་ཁྲོད་ཡིག་ཆ་མེད་པ་ཕྱིན་ན་ལོ་རྒྱུས་བརླག་འགྲོ་གི་ཡོད། ལོ་རྒྱུས་ཉར་ཚགས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ནས་ཤོག་བུ་སྟེང་ནས་མིན་པར་དྲ་ཐོག་ནས་ E-governance ཤུགས་རྒྱག་བཞིན་ཡོད་པ་སོགས་གསུངས་སོང་།གཞི་རྩའི་སྲིད་སྐྱོང་མཆོག་གིས་འདས་པའི་ལོ་གཅིག་གི་དུས་ཡུན་ཁྲོད་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༢༥ ལ་གཞུང་འབྲེལ་འཚམས་གཟིགས་གནང་སྟེ་བཀའ་ཤག་སྐབས་བཅུ་དྲུག་གི་དམིགས་ཡུལ་དང་ལས་དོན་གནང་ཕྱོགས། དེ་བཞིན་མང་ཚོགས་ཀྱི་དཀའ་ངལ་དང་དགོས་མཁོའི་སྐོར་ལ་རྒྱུས་ལོན་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་ ༡༦ པའི་དུས་ཡུན་ཁྲོད་བཙན་བྱོལ་བོད་མིའི་གནས་སྡོད་ཁག་ཏུ་ཉུང་མཐར་ཐེངས་གཉིས་ཙམ་གཟིགས་སྐོར་དུ་ཕེབས་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།ཐེངས་འདིར་རྒྱལ་ས་སྦེང་ལོར་ནང་གི་འཚམས་གཟིགས་ལེགས་གྲུབ་ཟིན་རྗེས་སྲིད་སྐྱོང་མཆོག་རིམ་པས་སྦེལ་ཀོབ་གཞིས་ཆགས་ལ་ཕེབས་ཐོན་གནང་གི་ཡོད་པ་དང་། དེ་རྗེས་སྦེལ་ཀོབ་གསར་རྙིང་གཉིས་དང་། ཧུན་སུར་རབ་རྒྱས་གླིང་། ཀོ་ལེ་གྷལ་དོན་ལྡན་གླིང་། དེ་བཞིན་མོན་གྷོ་འདོད་རྒུ་གླིང་བཅས་སུ་ཆེད་ཕེབས་གནང་གི་ཡོད་པ་རེད།

བོད་དོན་འཐབ་རྩོད་ནུས་པ་ཇེ་ཆེར་གཏོང་རྒྱུའི་རྒྱལ་སྤྱིའི་ལྷན་ཚོགས་བསྐོང་ཚོགས།

ཟླ་བ་འདིའི་ཕྱི་ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་སོ་པེན་གྱི་གྲོང་ཁྱེར་སྦར་སི་ལོ་ན་ནང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག ཡོ་རོབ་དང་ཨེ་ཤ། ཨ་རི། ཨ་ཕི་རི་ཀ་བཅས་འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ ༦༠ ལྷག་ལྷན་འཛོམས་ཐོག་རྒྱལ་སྤྱིའི་ནང་བོད་དོན་འཐབ་རྩོད་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་ཀྱི་གོ་བསྡུར་སྦྱང་བཤད་གནང་འདུགརྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་བོད་དོན་ལས་འགུལ་ནུས་པ་ཚགས་ཚུད་དོན་འཕེལ་ཡོང་ཕྱིར་རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཨེ་ཤ་ཡ་དང་ཡོ་རོབ། ཨ་རི་བཅས་ལ་འཆར་འགོད་ཀྱིས་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྲོལ་ཡོད་པ་དེ་ལྟར་ཡང། འདས་པའི་ལོ་གཉིས་ནང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་ཚོགས་འདུ་བསྐོང་ཚོགས་ཐུབ་མེད་སྟབས། ད་ལན་གྱི་སི་པེན་གྱི་གྲོང་ཁྱེར་སྦར་ལི་ལོ་ན་ནང་རྟེན་གཞི་བྱས་པའི་བོད་ཁང་གི་འགན་འཛིན་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱི་མཐུན་འགྱུར་འོག་ཁུལ་དེའི་བོད་ཁང་དུ་ནད་ཡམས་ཁྱབ་གདལ་རྗེས་སུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐེངས་དང་པོ་ཚོགས་ཐུབ་པ་བྱུང་འདུག ཚོགས་འདུ་ཐོག་རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ ༣༠ ལྷག་གི་ཚོགས་བཅར་བ་ ༦༠ ལྷག་དང་དེ་བཞིན་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་རྣམ་གཉིས་བཅས་ལྷན་ཞུགས་གནང་འདུགརྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོང་ཡུག་ཉམས་ཞིབ་པ་དང་ཐེངས་འདིའི་ཚོགས་འདུའི་གསར་འགོད་འབྲེལ་མཐུད་པ་བློ་བཟང་དབྱངས་འཛོམས་ལགས་ཀྱིས་ཚོགས་འདུ་ཐོག་དེ་སྔ་དང་མི་འདྲ་བར་གཞོན་སྐྱེས་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་ཚོགས་བཅར་གནང་ཐུབ་པ་བྱུང་ཡོད་ཅེས་གསུངས་སོང་།ཚོགས་འདུ་དེའི་ཐོག་བོད་དོན་ལས་འགུལ་ཁང་གི་འདས་པའི་ལས་འགུལ་སྤེལ་ཕྱོགས་ལ་བསྐྱར་ཞིབ་དང་འབྱུང་འགྱུར་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རྒྱལ་སྤྱིའི་སྟེང་ནུས་པ་རྒྱ་ཆེ་རུ་གཏོང་ཕྱོགས་དང་སྒོས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་གཏན་འཇགས་སློབ་གྲྭ་ཆེད་བཙུགས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་ཀྱི་སྲིད་བྱུས་ལ་གདོང་ལེན་བྱེད་ཕྱོགས། དེ་འབྲེལ་རྒྱལ་སྤྱིའི་ནང་གི་གཞུང་སྒེར་ཚོགས་སྡེ་ཁག་ལ་བོད་དོན་ཞུ་གཏུག་དང་ལས་འགུལ་གྱི་ནུས་པ་ཤུགས་ཆེ་རུ་ཇི་ལྟར་གཏོང་རྒྱུ་སོགས་ཐོག་ཆེད་ལས་མི་སྣ་གདན་ཞུས་ཀྱིས་ཟབ་སྦྱོང་དང་ཚོགས་བཅར་བ་ནང་ཁུལ་དབར་གོ་བསྡུར་སྦྱང་བཤད་སོགས་གནང་ཡོད།རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་མཐུད་ཀྱི་ལས་གཞི་སྤེལ་ཏེ་ད་ལྟའི་ཆར་རྒྱལ་ཁབ་མི་འདྲ་བ་ ༢༠༠ ཐམ་པའི་ནང་བོད་དོན་འབྲེལ་མཐུད་ཀྱི་ལས་དོན་སྤེལ་དང་སྤེལ་མུས་ཡིན་པ་རེད།

ཐེ་ཝན་སྐུ་ཚབ་དོན་གཅོད་དང་ཐེ་ཝན་ཕྱི་སྲིད་བློན་ཆེན་རྣམ་གཉིས་དབར་མཇལ་མོལ།

ཐེ་ཝན་སྐུ་ཚབ་དོན་གཅོད་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཕྱི་ཟླ་ ༥ ཚེས་ ༢༥ ཉིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་སུ་བློན་ཆེན་སྐུ་ཞབས་ Joseph Wu མཆོག་དང་མཇལ་འཕྲད་ཞུས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་གདན་ཞུ་ཕུལ་དགོས་པ་གཙོས་གལ་ཆེའི་གནད་དོན་ཁག་ཅིག་གི་ཐོག་གླེང་མོལ་ཞུས་འདུགཉེ་ཆར་བོད་མི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐེ་ཝན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་དང་ལྷན་དུ་ཕྱག་ཚོད་ཕྱེད་ཀ་ཙམ་གྱི་རིང་མཇལ་འཕྲད་ཞུས་ཡོད་པ་དང་མཇལ་འཕྲད་འདིའི་ཐོག་གཙོ་བོ་དོན་ཚན་གསུམ་གྱི་ཐོག་གླེང་གློང་ཞུས་ཡོད་པ་རེད། བཙན་བྱོལ་བོད་མིའི་ལག་དེབ་སེར་པོར་མཐོང་མཆན་ལ་ངོས་འཛིན་ཞུ་ཕྱོགས་ཀྱི་དཀའ་ངལ་དང་འབྲེལ། སྲིད་བློན་ལས་ཁུངས་དང་འབྲེལ་ཡོད་བློན་ཆེན་ལས་ཁུངས་ཁག་གི་དབར་གོ་བསྡུར་རིམ་པའི་ཁྲོད་གནད་དོན་དེའི་ཐོག་གུ་ཡངས་གནང་རྒྱུའི་ཁྲིམས་འཆར་གྲོས་ཚོགས་སུ་ཕུལ་ཟིན་པར་ཕྱི་མི་གནས་སྤོ་ལས་ཁུངས་གཙོས་འབྲེལ་ཡོད་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སླད་མར་མུ་མཐུད་མཐུན་འགྱུར་དེ་ལྟར་ཡོང་བའི་ཞུ་སྐུལ་དང་། ཐེ་ཝན་གྱི་དཔལ་འབྱོར་འཛམ་གླིང་ལྷོ་ཕྱོགས་སུ་རྒྱ་བསྐྱེད་གཏོང་རྒྱུའི་འཐབ་བྱུས་འོག་རྒྱ་གར་ནང་འཚར་ལོངས་བྱུང་བའི་བོད་པའི་གཞོན་སྐྱེས་རྣམས་ལ་ལས་རིགས་ཀྱི་སྦྱོང་བརྡར་གྱི་ཟབ་སྦྱོང་སྤྲད་དེ་མ་འོངས་པར་ཐེ་ཝན་གྱི་བཟོ་གྲྭ་དང་ཚོང་ལས་ཁང་གི་ངོ་ཚབ་ཐོག་ནས་རྒྱ་གར་ནང་ལས་ཀ་བྱ་རྒྱུ་སོགས་ཕྱོགས་གཉིས་ཀར་སྨན་པའི་མཐུན་འགྱུར་གནང་ཕྱོགས། ལྷག་པར་དུ་ཐེ་ཝན་མང་ཚོགས་ཀྱི་རེ་འདུན་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་གདན་ཞུ་ཕུལ་དགོས་སྐོར་དང་། དེ་བཞིན་ཐེ་ཝན་གཞུང་གིས་བོད་མིའི་སྐུ་ཚབ་དོན་ཁང་ལ་ངག་ཐོག་ནས་ངོས་འཛིན་གནང་བ་བཞིན་ལག་ལེན་ཐོག་ནས་ཀྱང་དེ་ལྟར་གནང་དགོས་པ་བཅས་ཀྱི་སྐོར་ལ་གོ་བསྡུར་ལྷུག་པོ་གནང་བར་ཕྱི་སྲིད་བློན་ཆེན་མཆོག་ནས་སྲིད་འཛིན་མཆོག་ལ་སྙན་སེང་ཞུ་རྒྱུ་གཙོས་གང་ཐུབ་ཐུགས་བརྩོན་གནང་རྒྱུ་ཡིན་ཞེས་ཞལ་བཞེས་གནང་འདུགགཞི་རྩའི་ཐེ་ཝན་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Joseph Wu ཁོང་ལྟ་བུར་ཆ་མཚོན་ན་དེ་སྔ་ ༢༠༠༣ ལོར་ཐེ་བོད་འབྲེལ་བའི་ཐེབས་རྩའི་དྲུང་ཆེའི་ཐུགས་འགན་བཞེས་མྱོང་ཡོད་པ་དང་། བོད་མིའི་གནས་སྟངས་ལ་རྒྱུས་མངའ་ཆེན་པོ་ཡོད་པ་མ་ཟད་བོད་མིར་ཤ་ཚ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་གྱི་དད་གུས་ཡོད་མཁན་ཞིག་ཡིན་པ་ལྟར་དེ་སྔ་ཁོང་གིས་ཐེ་བོད་དབར་གྱི་འབྲེལ་ལམ་གོང་འཕེལ་གཏང་སླད་ཤུགས་གནོན་ཆེན་པོ་རྒྱག་མྱོང་ཡོད་པ་རེད། ཐེངས་འདིའི་མཇལ་འཕྲད་ཐོག་སྐུ་ཚབ་དོན་གཅོད་མཆོག་ནས་ཕྱི་སྲིད་བློན་ཆེན་མཆོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཡག་པོ་ཡོད་པ་དང་ཉེ་ཆར་བཞུགས་སྒར་དུ་༸དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་སྟར་འབུལ་ཞུས་ཡོད་པ་བཅས་སྙན་སེང་ཞུས་འདུག

རེས་གཟའ་ཉི་མ། ༢༠༢༢།༠༥།༢༩

ཉན་པ།: Listen ཕབ་ལེན། Download བོད་དང་ཧི་མཱ་ལ་ཡ། སྤི་ཏི་ཏ་པོ་དགོན་པའི་ཆགས་རབས་དང་གནས་བཤད། Sunday 29/05/2022 Tibet and the Himalayas: Tabo Monastery and its historical background

Latest news