Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: August, 2022

རེས་གཟའ་ལྷག་པ། ༢༠༢༢།༠༨།༣༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་སོང་། སྲིད་སྐྱོང་མཆོག་གིས་ཅེཀ་གྲོས་ཚོགས་གོང་འོག་གི་འཐུས་མི་ལྷན་དུ་མཇལ་འཕྲད། མི་རིགས་དང་རིག་གཞུང་ལ་ཕུལ་བའི་ལེགས་སྐྱེད་ནི་ནམ་ཡང་འཇིག་ཏུ་མེད་པའི་རྡོ་རིང་བཞིན་ལྷང་ངེས་གནས་ཡོད་ཅེས་གསུངས་པ། རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོར་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་འབུར་བཏོན། ཐའེ་ཝན་གྱིས་རྒྱ་ནག་གི་ཌོ་རོན་གནམ་གྲུར་ཉེན་བརྡའི་མེ་མདའ་རྒྱབ་འདུག བཀའ་སློབ་ཀྱི་ལས་རིམ། ༸གོང་ས་མཆོག་གིས་དེ་སྔ་༸སྐུའི་འཁྲུངས་སྐར་ཉིན་མོར་སྩལ་བའི་བཀའ་སློབ། Wednesday 31/08/2022 The Dalai Lama arrives in Dharamshala after a month long stay in Ladakh Sikyong Penpa Tsering meets Czech’s Parliamentarians Karmapa mourns passing away of renowned Thangka artist Tenpa Rabten Panchen Lama remembered on International Day of the Victims of Enforced Disappearances Taiwan fires warning shots at Chinese drone for the first time FEATURE: Dalai Lama speech on his Birthday Celebration

༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་རིང་སྔ་དྲོ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་ཟླ་བ་གཅིག་ལྷག་གི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། དེ་རིང་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༧༌༣༠ ཡོལ་ཙམ་ལ་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་སོགས་ཕེབས་འདུག་པ་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པའི་ཐོག་བཅར་བའི་ཚོགས་བཅར་བ་རྣམས་ཆེད་བཅར་གྱིས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་སྦྲགས། ཆིབས་གྲུ་བརྒྱུད་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་མཛད་སྐབས་ཕེབས་ལམ་གྱི་གཡས་གཡོན་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་དུ་མས་དགའ་དད་སྤྲོ་གསུམ་འཁོལ་བའི་ངང་ནས་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་དྲི་བཟང་བདུག་སྤོས་སོགས་བསྣམས་ཏེ་དགའ་བསུའི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཁུལ་དེར་ཟླ་བ་གཅིག་ལྷག་གི་རིང་བཀའ་ཆོས་དང་བཀའ་དབང་། གནས་གཟིགས་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་དེ་ནི་ཕྱི་ལོ་ ༢༠༢༠ ལོར་འཛམ་གླིང་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་གྱི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་རྗེས་༸རྒྱལ་བའི་བཞུགས་སྒར་ནས་ཕྱི་ཕྱོགས་སུ་ཆིབས་བསྒྱུར་མཛད་པ་ཆེས་ཐོག་མ་དེ་ཆགས་ཡོད་པ་དང་། ལ་དྭགས་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་གྱིས་༸སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་ཡོད་པ་རེད།༸གོང་ས་མཆོག་གི་མཛད་འཆར་ཐུགས་གཏན་ཁེལ་བར་གཞིགས་ན། ཕྱི་ཟླ་ ༩ ཚེས་ ༧ རེས་གཟའ་ལྷག་པ་༸རྒྱལ་བའི་༸སྐུའི་བླ་གཟའ་དང་བསྟུན་མོན་ཡུལ་བསྟད་དོན་རིག་གཞུང་གཅེས་སྐྱོང་ཁང་དང་གཞིས་བྱེས་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར། དེ་བཞིན་སིཌ་ནི་བོད་རིགས་མཐུན་ཚོགས་བཅས་ཚོགས་པ་ལྔས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸རྒྱལ་བའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོ་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༡༥ དང་ ༡༦ བཅས་ཉིན་གཉིས་རིང་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་རྣམས་ལ་དབུ་མ་འཇུག་པ་རང་འགྲེལ་གྱི་གསུང་ཆོས་བཀྲིན་སྩལ་གནང་གི་ཡོད་པ་རེད།

སྲིད་སྐྱོང་མཆོག་ཅེཀ་གྲོས་ཚོགས་གོང་འོག་གི་འཐུས་མི་དང་མཇལ་འཕྲད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་འོག་འཐུས་མི་གཙོས་ཁུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་དང་ལྷན་མཇལ་འཕྲད་གནང་འདུག ཁ་སང་ཕྱི་ཚེས་ ༣༠ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་ཁང་ལྗང་ཁུ་དུ་ཚོགས་གཞོན་སྐུ་ཞབས་ Jiří Oberfalzer མཆོག་དང་ཚོགས་གཞོན་གཞན་གཉིས། དེ་བཞིན་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་  Přemysl Rabas ལགས་ཀྱིས་གཙོས་པའི་གྲོས་ཚོགས་གོང་མའི་འཐུས་མིས་ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གདན་ཞུས་ལྟར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པར་མ་ཟད། དེ་རྗེས་གྲོས་ཚོགས་འོག་མར་གདན་ཞུས་ཀྱིས་ཚོགས་གཙོ་ Markéta Pekarová Adamová མཆོག་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Hayato Okamura མཆོག་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད་འདུགསྲིད་སྐྱོང་མཆོག་གིས་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་དང་མཇལ་འཕྲད་ཚོགས་འདུའི་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་དེ་བཞིན་ཡོ་རོབ་མཐུན་ཚོགས་གཙོས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་ཕྱོགས་སོགས་ཀྱི་ཐད་ལ་བཀའ་མོལ་གནང་ཡོད་པ་རེད། སྐབས་དེར་གྲོས་ཚོགས་གོང་མའི་ཚོགས་གཞོན་ Jiří Oberfalzer མཆོག་གིས་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་ད་ལྟའི་བོད་ཀྱི་གནས་བབ་དང་ཡོ་རོབ་མཐུན་ཚོགས་ཀྱི་ཆབ་སྲིད་ར་བར་བོད་འདི་དབང་སྒྱུར་འོག་གནས་ཡོད་པའི་གནད་དོན་དེ་སེལ་རྒྱུ་ཡིན་པ་དང་། རྒྱ་ནག་དམར་ཤོག་གིས་བོད་ ལ་དབང་སྒྱུར་བྱས་ཡོད་ཀྱང་དུས་ནམ་ཡང་བོད་མི་རྣམས་ཀྱི་སེམས་ལ་དབང་སྒྱུར་བྱེད་ཐུབ་མ་རེད་ཅེས་གསུངས་པ་དང་ཆབས་ཅིག་མང་གཙོའི་རྒྱལ་ཁབ་རྣམས་ནས་བོད་མི་རྣམས་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་ངེས་པར་དུ་གནང་དགོས་སྐོར་གསུངས་འདུགརྩ་བའི་སྐབས་དེར་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་འཐུས་མི་ཁག་གཅིག་མཇལ་འཕྲད་གྲུབ་མཚམས་སུ་ཁུལ་དེའི་པཱ་རག་རྒྱལ་ཡོངས་དཔེ་མཛོད་ཁང་དུ་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ Jiří Oberfalzer མཆོག་གིས་གོ་སྒྲིག་འོག་ཁུལ་དེར་པོད་གྲངས་ ༢༢༣ བདག་ཉིད་ཅན་གྱི་སྨོན་ལམ་ཚིག་མཛོད་དབུ་འབྱེད་མཛད་སྒོར་སྲིད་སྐྱོང་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་སྐུ་ཞབས་ Martin Baxa མཆོག་ལྷན་ཞུགས་གནང་ཡོད་པ་རེད།

རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོར་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་འབུར་བཏོན།

ཁ་སང་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་མོ་དེ་ནི་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་དུས་དྲན་ཉིན་མོ་ཡིན་པ་དང་བསྟུན། བོད་མི་དང་བོད་དོན་རྒྱབ་སྐྱོར་བས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ཐེར་འདོན་གྱིས་རིན་པོ་ཆེ་མཆོག་འཕྲལ་མར་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་འདུགCECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཁ་སང་འཕྲུལ་སྒྲ་ཐོག་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོ་རྣམས་དྲན་གསོ་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་ཡབ་ཡུམ་དང་ལྷན་གར་སོང་ཆ་མེད་དུ་བཏང་སྟེ་རིན་པོ་ཆེ་མཆོག་འཛམ་གླིང་ནང་བཙོན་པ་དུས་ཡུན་རིང་ཤོས་ལ་བཙོན་འཇུག་ཞུས་པ་ཞིག་ཆགས་ཀྱི་ཡོད་སྟབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རིན་པོ་ཆེ་མཆོག་གིས་དབུས་པའི་སྐུ་འཁོར་རྣམས་སྐུ་འཚོ་བཞུགས་ཡིན་པའི་ཁུངས་འཕེལ་དང་། བོད་མི་རྣམས་དང་བཀའ་མོལ་གནང་བཅུག་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Gao Zhisheng ལགས་ཀྱིས་གནད་དོན་དེ་ཐེར་འདོན་གྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ Gao Zhisheng ལ་མནར་གཅོད་དང་གར་སོང་ཆ་མེད་དུ་བཏང་མཁན་རྣམས་འགན་ཁུར་ལྡན་པ་ཞིག་བཟོ་རྒྱུའི་དུས་ལ་སླེབས་ཡོད་སྐོར་བཀོད་འདུགགཞན་ཡང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་མེག་ལོཌ་ཁྲོམ་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་དང་བཅས་པ་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༧ འགྲོ་བཞིན་པའི་སྐོར་མང་ཚོགས་ལ་གོ་རྟོགས་ཀྱི་ལས་འགུལ་སྤེལ་བར་མ་ཟད། རིན་པོ་ཆེའི་གནད་དོན་ལ་རྒྱལ་སྤྱིའི་ཡོངས་ནས་རྒྱབ་སྐྱོར་དང་ཐུགས་སྣང་གནང་དགོས་པ་དང་ཆབས་ཅིག་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ནས་ཀྱང་རིན་པོ་ཆེ་མཆོག་འཕྲལ་མར་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་འདུགགཞི་རྩའི་འདས་པའི་དུས་ཡུན་ནས་རྒྱ་ནག་གིས་དམ་དྲག་དང་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་མི་གང་བྱུང་དུ་འཛིན་བཟུང་བཙན་ཁྲིད་ཀྱིས་རྡུང་རྡེག་མནར་གཅོད་བཏང་དང་གཏོང་མུས་ཡིན་པར་མ་ཟད། ལྷག་དོན་བོད་མི་མང་དག་ཅིག་བཙན་དབང་འོག་གར་སོང་ཆ་མེད་དུ་བཏང་ཡོད་པ་རེད།

མི་རིགས་དང་རིག་གཞུང་ལ་ཕུལ་བའི་ལེགས་སྐྱེས་ནི་ནམ་ཡང་འཇིག་ཏུ་མེད་པའི་རྡོ་རིང་བཞིན་ལྷང་ངེས་གནས་ཡོད་ཅེས་གསུངས་པ།

ཁ་ཉིན་ཚེས་ ༢༩ ཉིན་ད་ལྟ་དགུང་ལོ་ ༨༢ ལ་ཕེབས་པའི་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་བ་ཆེན་མོ་དང་བོད་ལྗོངས་སློབ་ཆེན་གྱི་བཟོ་རིག་སློབ་དཔོན་ཆེན་མོ་བསྟན་པ་རབ་བརྟན་ལགས་བོད་ཀྱི་རྒྱལ་ས་ལྷ་སའི་རང་ཁྱིམ་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་། དེ་དོན་ཁ་སང་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དབུས་པའི་བོད་མི་རྣམས་ནས་ཁོང་ལ་མྱ་ངན་རྗེས་དྲན་ཞུ་བཞིན་འདུགཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ཐོག་བོད་ཀྱི་རྒྱུ་རྩལ་བ་གྲགས་ཆེན་བརྒན་བསྟན་པ་རབ་བརྟན་ལགས་སྐུ་གཤེགས་པའི་གནས་ཚུལ་ཐོན་རྗེས་༸དཔལ་རྒྱལ་དབང་ཀརྨ་པ་ མཆོག་གིས་སྐུ་སྒེར་ངོ་དེབ་ཐོག་དམ་པ་ཁོང་གི་ཆེད་དུ་རྗེས་དྲན་གསུང་འཕྲིན་ཞིག་སྩལ་འདུག་པའི་ནང་དམ་པ་དེ་ཉིད་ལ་དམིགས་ཏེ་ཐུགས་སྨོན་མཛད་པ་དང་འབྲེལ། དགེན་བསྟན་པ་རབ་བརྟན་ལགས་དམ་པ་ཁོང་སྐུ་ཚེ་མ་ཟིན་པར་ཐུགས་ཕམ་དཔག་མེད་བྱུང་ཡོད་སྐོར་དང་། ཁོང་སྐུ་གཤེགས་པ་འདི་ནི་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་གཟོ་རིག་སྒྱུ་རྩལ་གྱི་གོད་ཆག་ཅིག་ཡིན་པར་གསུངས་འདུག འོན་ཏང་དགེན་དམ་པ་ཁོང་གིས་བསྐྱེད་བསྲིང་གནང་བའི་སློབ་ཚོགས་དུ་མས་གངས་ལྗོངས་མཐའ་དབུས་རྣམས་ནས་ཞུམ་པ་མེད་པའི་སྙིང་སྟོབས་བསྐྱེད་བཞིན་བཟོ་རིག་སྒྱུ་རྩལ་མི་ཉམས་སླར་གསོ་གནང་བཞིན་པ་དེ་ནི་དགེན་དམ་པ་ཁོང་གཟིམ་མལ་གྱི་ཐ་མར་བཞུགས་དུས་ཀྱང་ཐུགས་ཡིད་ཚིམས་ཤོས་སུ་གྱུར་ཡོད་ངེས་རེད་ཅེས་གསུངས་འདུག༸དཔལ་རྒྱལ་དབང་ཀརྨ་པ་ཆེ་མཆོག་གིས་ད་དུང་དགེན་དམ་པ་ཁོང་རེ་ཞིག་རང་རེ་རྣམས་དང་ཞལ་བྲལ་ཡང་ཁོང་གིས་མི་རིགས་དང་རིག་གཞུང་ལ་ཕུལ་བའི་ལེགས་སྐྱེས་ནི་ནམ་ཡང་འཇིག་ཏུ་མེད་པའི་རྡོ་རིང་བཞིན་ལྷང་ངེས་གནས་ཡོད་པ་དང་འབྲེལ། རིན་པོ་མཆོག་ཀྱང་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དང་རིག་གནས་ལ་དུང་བ་ཡོད་མཁན་ཞིག་དང་། དགེན་ཁོང་གི་བརྩམས་ཆོས་རྣམས་ལ་དགའ་མོས་ཞུ་མཁན་ཞིག་ཡིན་པའི་ཆ་ནས་ད་རེས་དགེན་ཁོང་ཞི་བར་གཤེགས་པའི་དུས་འདིར་བླ་ན་མེད་པའི་གུས་འདུད་དང་སྨོན་འདུན་ཟབ་མོ་ཞུ་རྒྱུ་ཡིན་པར་མ་ཟད། ཤུལ་ལུས་ནང་མི་རྣམས་དང་སློབ་འབངས་རྣམས་ལའང་སྙིང་ཐག་པ་ནས་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག རྩ་བའི་སློབ་དཔོན་ཆེན་མོ་བསྟན་པ་རབ་བརྟན་ལགས་ནི་ཕྱི་ལོ་ ༡༩༤༡ ལོར་རི་མོའི་ཁྱིམ་རྒྱུད་ཤིག་ཏུ་སྐུ་འཁྲུངས་ཞིང་། ཁོང་ནི་བོད་ཀྱི་ཐང་བྲིས་སྒྱུ་རྩལ་ཐད་བྱས་རྗེས་བླ་ན་མེད་པ་འཇོག་མཁན་ཞིག་དང་། ཁོང་གི་ཡབ་དྲུང་གཏོགས་སྐལ་བཟང་ནོར་བུ་མཆོག་ནི་དེ་སྔ་བོད་ནང་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་དངུལ་སྒོར་ཇུས་འགོད་པ་དང་བཟོ་རིག་སྒྱུ་རྩལ་བ་ཞིག་ཡིན་འདུག་ལ། དེ་བཞིན་ཁོང་གི་སྤོ་བོ་ཨེ་པ་ཚེ་རིང་རྒྱའུ་མཆོག་ནི་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་གམ་བཅར་རི་མོ་བའམ་རི་མོའི་དབུ་མཛད་ཆེན་མོའི་ཕྱག་ལས་གནང་མྱོང་ཡོད་པ་དང་། མདོར་ན་ཁྱིམ་རྒྱུད་ཅིག་གིས་བོད་ཀྱི་བཟོ་རིག་ཐད་མི་རབས་མང་པོར་བྱས་རྗེས་བཞག་གནང་ཡོད།

རེས་གཟའ་མིག་དམར། ༢༠༢༢།༠༨།༣༠

ཉན་པ།: Listen ཕབ་ལེན། Download སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་ལ་བཅོས་སྒྱུར་དང་འགོ་ཁྲིད་ཀྱི་དབང་ཆར་སྟངས་འཛིན། མེ་སོར་མཐོ་སློབ་ནས་བོད་པའི་བུད་མེད་གཉིས་ལ་གསེར་གྱི་རྟགས་མ་ཐོབ་འདུག སི་ཡ་ཊལ་དང་ནིའུ་ཡོག་ནང་བོད་ཀྱི་དུས་སྟོན་སྲུང་བརྩི། ཨ་ལ་ལ་མོ། མང་ཚོགས་ཀྱི་རེ་སྐུལ་གནང་བའི་གླུ་གཞས། གཅེན་མོ་དང་ལུག་རྫི་བུ་མོ། Tuesday 30/08/2022 Dalai Lama to attend long life prayer offering on September 7 China’s communist cadre writes open letter, criticising Xi Jinping Two Tibetan students achieve academic excellence in South India TibFest: Tibetans in Seattle and NYNJ celebrate Tibetan Culture Alalamo : Your weekly song on request. ‘Chenmo and Lukzi Bhumo’

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་དང་གཞིས་བྱེས་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར། དེ་བཞིན་སིཌ་ནི་བོད་རིགས་མཐུན་ཚོགས་བཅས་ཚོགས་པ་ལྔས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཕྱི་ཟླ་ ༩ ཚེས་ ༧ རེས་གཟའ་ལྷག་པ་༸རྒྱལ་བའི་༸སྐུའི་བླ་གཟའ་དང་བསྟུན་ནས་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད། སྐབས་དེའི་༸རྒྱལ་བའི་བརྟན་ཞུགས་དང་འབྲེལ་བའི་ཐུན་མོང་གི་སྔོན་འགྲོའི་ཆོ་ག་ཁག་གཅིག་བདུན་ཕྲག་གཅིག་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནང་གཏན་ཁེལ་ཡོད་པ་ལྟར་ཕྱི་ཚེས་ ༡ ཉིན་ནས་དབུ་འཛུགས་ཀྱིས་ཁྱོན་གཟའ་འཁོར་གཅིག་རིང་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག་བརྟན་བཞུགས་ཀྱི་སྒྲུབ་ཞག་གནང་རྒྱུ་ཡིན་པ་རེད།རྩ་བའི་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་དང་གཞིས་བྱེས་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར། དེ་བཞིན་སིཌ་ནི་བོད་རིགས་མཐུན་ཚོགས་བཅས་ཐུན་མོང་གི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་ཀྱི་འབུལ་རྫས་གཙོ་བོ་ནི་སྐུ་རྟེན་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་བརྙན་དང་། གསུང་རྟེན་ལ་ཤེར་ཕྱིན་མདོ་བརྒྱད་སྟོང་པའི་ཕྱག་དཔེ། ཐུགས་རྟེན་ལ་བཀའ་གདམས་མཆོད་རྟེན། དེ་བཞིན་བཀྲིས་པའི་རྫས་བརྒྱད་དང་བཀྲིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། ༸སྐུའི་ན་བཟའ་ཉེར་ཆས། འཁོར་ལོ་རྩིབས་སྟོང་ལ་སོགས་པ་བཅས་ཆགས་ཀྱི་འདུགགཞི་རྩའི་འདས་པའི་ལོ་ངོ་གཉིས་ཙམ་གྱི་རིང་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཤུགས་ཆེར་སོང་བར་བརྟེན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ཐོག་བརྒྱུད་མང་ཚོགས་ལ་བཀའ་ཆོས་དང་བཀའ་དབང་། བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་ཡོད་ཀྱང་། ཉེ་ལམ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་གྱི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་ཡོད་སྟབས་རིམ་པས་སྔར་བཞིན་མཛད་འཆར་ཁག་མུ་མཐུད་དབུ་འཛུགས་མཛད་ཡོད་པ་རེད།ད་ལྟའི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་སླད་བཞུགས་ཞག་མཛད་ཡོད་པ་དང་། སང་ཕྱི་ཚེས་ ༣༡ ཉིན་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གྷལ་གནམ་ཐང་དང་དེ་ནས་ཆིབས་གྲུ་བརྒྱུད་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ལ་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་རེད།༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་རྒྱར་༸གོང་ས་མཆོག་གི་མཛད་འཆར་སྐོར་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ཟླ་ ༩ ཚེས་ ༡༥ དང་ ༡༦ གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་བཀའ་དྲིན་སྩལ་གཏན་ཁེལ་འདུག ༸སྐུ་པར་ཁག་གི་བདག་དབང་༸སྐུ་སྒེར་ཡིག་ཚང་ལ་ཡོད།

མེ་སོར་མཐོ་སློབ་ནས་བོད་པའི་བུད་མེད་གཉིས་ལ་གསེར་གྱི་རྟགས་མ་ཐོབ་འདུག

རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་གྱི་མཐོ་སློབ་ St. Philomena ནས་བོད་པའི་བུད་མེད་གཉིས་ཡིག་རྒྱུགས་རྩེ་ཕུད་སོན་པར་མཐོ་སློབ་ཀྱི་གསེར་གྱི་རྟགས་ཕུལ་ཐོབ་འདུགཟླ་འདིའི་ཕྱི་ཚེས ༢༧ ཉིན་མཐོ་སློབ་ཀྱི་བསླབ་པ་མཐར་སོན་སྐབས་ ༨ པ་ཚོགས་སྐབས་ཚོང་རིག་ཐོག་གཙུག་ལག་རབ་འབྱམས་པ་ཐོན་མཁན་བོད་རིགས་བུ་མོ་བརྩོན་འགྲུས་བཟང་མོ་ལགས་ལ་བརྒྱ་ཆ་ ༩༡ ཐོབ་པ་དང་དབྱིན་ཡིག་ཆེད་སྦྱོང་གི་གཙུག་ལག་རབ་འབྱམས་པ་ཐོན་མཁན་བདེ་སྐྱིད་བཟང་མོ་ལགས་ཀྱིས་བརྒྱ་ཆ་ ༨༨ ཐོབ་པར་བརྟེན་ཁོང་རྣམ་གཉིས་ཀྱིས་གཙུག་ལག་རབ་འབྱམས་པའི་ལོ་འཁོར་མོའི་གྲུབ་འབྲས་རྩེ་ཕུད་སོན་སྟབས་མཐོ་སློབ་ཀྱིས་གསེར་གྱི་རྟགས་མ་གནང་འདུག གསར་འགོད་པས་བརྩོན་འགུས་བཟང་མོ་ལགས་སུ་ཡིག་རྒྱུགས་རྩེ་ཕུད་སོན་པར་བརྟེན་མཐོ་སློབ་ཀྱི་ངོས་ནས་གསེར་གྱི་རྟགས་མ་གནང་བ་དང་འབྲེལ་ཏེ་བཅར་འདྲི་ཞུས་པར་ཁོང་གིས་ཐེངས་འདིའི་ཡིག་རྒྱུགས་གྲུབ་འབྲས་ལེགས་སོན་བྱུང་བར་དཀའ་སྤོབས་ཆེན་པོ་བྱུང་ཞེས་གསུངས་སོང་བ་དང་དེ་བཞིན་བདེ་སྐྱིད་བཟང་མོ་ལགས་ཀྱིས་ཀྱང་སེམས་ལ་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་ཆབས་ཅིག་སླད་མར་དགེ་རྒན་འོས་སྦྱོང་གནང་བློ་ཡོད་སྐོར་གསུངས་ཡོད།གཞི་རྩའི་བདེ་སྐྱིད་བཟང་མོ་ལགས་ནི། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མོན་གྷོ་ནས་ཡིན་པ་དང་གཞི་རིམ་འོག་མའི་སློབ་སྦྱོང་མོན་གྷོ་སཾ་བྷོ་ཊ་ནས་གནང་འདུག དེ་རྗེས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བུད་མེད་ཀྱི་མཐོ་སློབ་ Indraprastha ནང་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་འདུགབརྩོན་འགྲུས་བཟང་མོ་ལགས་ནི། ལ་དྭགས་དུ་འཚར་ལོངས་བྱུང་བ་དང་གཞི་རིམ་འོག་མའི་སློབ་སྦྱོང་དེ་ལ་དྭགས་དང་དྷ་སྟེང་བོད་ཁྱིམ་དུ་གནང་འདུག ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་ཡོད་པ་དང་།  St. Philomena སློབ་གཉེར་ཁང་ནས་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན་ཡོད། ཏེ། ད་ལྟ་ཁོང་སྨན་རྩིས་ཁང་དུ་རྩིས་པའི་ཕྱག་ལས་གནང་བཞིན་པ་རེད།

རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་ལ་བཅོས་སྒྱུར་དང་འགོ་ཁྲིད་ཀྱི་དབང་ཆར་སྟངས་འཛིན།

རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་རྒན་གྲས་ཁག་གཅིག་གིས་ཞི་ཅིན་ཕིང་གིས་དབང་ཆ་གཅིག་བསྡུས་བྱེད་བཞིན་པའི་བྱ་སྤྱོདལ་སྐྱོན་བརྗོད་ཀྱི་རྣམ་པ་དང་སྦྲགས་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་ལ་བཅོས་སྒྱུར་དང་འགོ་ཁྲིད་ཀྱི་དབང་ཆ་ལ་སྟངས་འཛིན་དགོས་པ་སོགས་གསུངས་འདུགརྒྱ་གར་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གཅིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་རྒན་གྲས་ Dong Hongyi དང་། Ma Guiquan དེ་བཞིན་ Tian Qizhuang བཅས་ཀྱིས་ཞི་ཅིན་ཕིང་ལ་ཡི་གེ་ཞིག་བཏང་སྟེ། རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་ནང་གནད་དོན་ཐམས་ཅད་དམག་ཤོག་ཚོགས་པས་སྣེ་ཁྲིད་བྱེད་ཀྱི་རེད་ཅེས་གསལ་བའི་དོན་ཚན་དེས་གཞུང་འཛིན་དམར་ཤོག་ཚོགས་པ་ལ་ཚད་མེད་པའི་དབང་ཆ་སྤྲད་པ་ཞིག་མཚོན་གྱི་ཡོད་སྟབས་དོན་ཚན་དེ་ལ་འགྱུར་བཅོས་དགོས་པ་དང་། ད་ལྟའི་རྒྱ་ནག་ནང་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་ཀྱང་དོན་ཚན་དེ་ལ་བརྟེན་ནས་ཡོང་གི་ཡོད་པར་གསུངས་འདུག ཡི་གེ་དེའི་ནང་ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྒྲིག་ཁྲིམས་ལྷན་ཁང་དང་ཁྲིམས་ལུགས་དབང་འཛིན་གྱི་ངོས་ནས་ལས་དོན་འཐུས་གཙང་མ་བྱས་པའི་དབང་གིས་དམར་ཤོག་ཚོགས་པའི་འགོ་ཁྲིད་ནང་ལྐོག་ཟ་བྱེད་མཁན་མང་དུ་ཕྱིན་པ་དང་། འགོ་ཁྲིད་རྣམས་ཀྱི་དཔལ་འབྱོར་གནས་བབ་མི་མང་དཀྱུས་མའི་གནས་བབ་ལས་ཧ་ཅང་གི་མཐོ་བ་ཆགས་ཡོད་པ། དེ་བཞིན་རྒྱལ་ཁབ་ནང་ལ་ཏོག་དབྱིབས་ཀྱི་སྔོན་འགོག་ལས་དོན་འཐུས་གཙང་བྱེད་མ་ཐུབ་པ་སོགས་ཀྱི་གནས་སྟངས་ཆགས་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་རྣམས་ཀྱིས་དངོས་ཡོད་གནས་སྟངས་དང་རྒྱུ་མཚན་ལྡན་པའི་ལས་དོན་བྱེད་མ་ཐུབ་པ་དེ་ནི་དབང་ཆ་གཅིག་བསྡུས་དང་། གང་ཟག་སྒེར་གྱི་དབང་ཆ་རྒྱ་སྐྱེད་གཏོང་རྒྱུ་ཁོ་ནར་དམིགས་པར་བརྟེན་ནས་བྱུང་བ་ཞིག་རེད་ཅེས་བཀོད་ཡོད་འདུགལྷག་པར་དུ་གང་ཟག་སྒེར་གྱི་དབང་ཆ་ཆེན་པོ་ཆགས་པ་དེར་ཚད་འཛིན་མ་ཐུབ་ཚེ་དེ་སྔ་ Mao Zedong སྐབས་སུ་བྱུང་བའི་རིག་གནས་གསར་བརྗེའི་གནས་སྟངས་དེ་བསྐྱར་དུ་ཡོང་ངེས་ཡིན་པ་སོགས་ཀྱང་བཀོད་འདུག་ལ། གནད་དོན་འདིའི་ཐད་ Rights Protection Network ཞེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་གྱི་ཚོགས་པས་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་ནང་གཞུང་འཛིན་དམར་ཤོག་ཚོགས་པར་སྤྲད་པའི་དབང་ཆ་དང་འབྲེལ་བའི་དོན་ཚན་དེ་ཐོག་མར་ Mao Zedong ཡིས་གསར་བཟོ་བྱས་པ་ཞིག་དང་། ཕྱིས་སུ་ Deng Xiaoping སྐབས་སུ་དོན་ཚན་དེའི་གོ་དོན་ལ་འགྱུར་བཅོས་བཏང་ཡོད་ཀྱང་། ཞི་ཅིན་ཕིང་གིས་སླར་ཡང་དོན་ཚན་དེ་དབང་ཆ་གཅིག་བསྡུར་ལ་སྤྱོད་བཞིན་ཡོད་པར་འགྲེལ་བརྗོད་དང་སྦྲགས། ད་རེས་ཞི་ཅིན་ཕིང་ལ་དངོས་སུ་ཡི་གེ་གཏང་མཁན་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་རྒན་གྲས་གསུམ་པོ་དེ་དག་ད་ཆ་སྲིད་གཞུང་གི་སྟངས་འཛིན་དོ་དམ་འོག་གནས་དགོས་པ་མ་ཚད་པར་སྲོག་ལའང་ཉེན་ཁ་ཞིག་ཆགས་ཡོད་སྟབས། ཁོང་གསུམ་གྱི་གནས་སྟངས་ཇི་ཆགས་ཐོག་མུ་མཐུད་དོ་སྣང་བྱེད་བཞིན་ཡོད་ཅེས་གསུངས་འདུག རྩ་བའི་རྒྱ་ནག་གཞུང་གི་དམ་དྲག་གནས་སྟངས་འོག་རྒྱ་ནག་ནང་གི་ཆབ་སྲིད་འགྱུར་འགྲོས་སོགས་ཀྱི་གནས་ཚུལ་ཆ་ཚང་བ་ཞིག་ཤེས་རྟོགས་དཀའ་ནའང་། ཞི་ཅིན་ཕིང་གི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཡུན་གསུམ་པ་དེ་རྒྱུན་འཛིན་བྱ་ཉེ་བའི་སྐབས་འདིར་རྒྱ་ནག་གི་འགོ་ཁྲིད་ནང་མི་མཐུན་པའི་རྣམ་པ་ཆེན་པོ་ཡོད་པ་དང་། ཞི་ཅིན་ཕིང་ལ་ངལ་བ་ཁག་གཅིག་འཕྲད་བཞིན་པ་སོགས་ཀྱི་གནས་སྟངས་འགྲེལ་བརྗོད་གནང་མཁན་ཡོད་པ་དང་། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་དང་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་རྒྱ་ནག་གི་ Beidaihe ཡི་ཚོགས་འདུ་གྲོལ་བ་དང་། ཞི་ཅིན་ཕིང་གི་དཀའ་ངལ་ཞེས་པའི་བརྗོད་གཞིའི་ཐོག་དཔྱད་ཞིབ་གནང་བར་སྐབས་དེའི་ཚོགས་འདུའི་ཐོག་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་མི་སྣ་གཏན་ཁེལ་མ་ཐུབ་པ་དང་རིམས་ནད་རྩ་མེད་ཀྱི་སྲིད་བྱུས་ལ་འདྲི་རྩད་བྱས་པ་སོགས་ཀྱི་གནས་སྟངས་བྱུང་ཡོད་པ་གསུངས་འདུག སྐབས་དེའི་ཚོགས་འདུ་གྲོལ་བའི་རྗེས་སུ་ཞི་ཅིན་ཕིང་དང་ལི་ཁ་ཆཱང་གི་གཏམ་བཤད་བྱེད་སྟངས་ནས་རྒྱ་ནག་ནང་ལོག་ལ་དཀའ་ངལ་ཡོད་པ་མངོན་གསལ་དོད་དུ་ཕྱིན་པ་སོགས་གསུངས་འདུག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ཆར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་དང་འབྲེལ་བའི་ཚོགས་འདུའི་ཐོག་གསུངས་བཤད་གནང་སྐབས་དབང་ཆ་འཐབ་རྩོད་ཀྱི་རྐྱེན་པས་ད་ཆ་རྒྱ་ནག་གི་འགོ་ཁྲིད་ནང་ཁུལ་ལ་ཡིད་ཆེས་མེད་པའི་རྣམ་པ་ཆེ་རུ་འགྲོ་བཞིན་པའི་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པའི་དབུ་འབྱེད་མཛད་སྒོར་ད་ལྟའི་རྒྱ་ནག་ཆབ་སྲིད་ཀྱི་འགྱུར་བ་འདི་ཧ་ཅང་གི་འགྱུར་གྲོས་ཆེན་པོ་ཞིག་ཡིན་པ་སོགས་གསུངས་ཡོད། དེ་བཞིན་ཨོ་སི་ཊོ་ལི་ཡའི་འཕྲུག་རིགས་གཙུག་ལག་སློབ་གཉེར་ཁང་ནས་ཡིན་པ་ Feng Chongyi ཟེར་བས་ཞི་ཅིན་ཕིང་གིས་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གི་འགོ་ཁྲིད་བྱ་རྒྱུའི་ལོ་ཚད་དེ་ངེས་མེད་བཟོས་པ་ནས་བཟུང་སྟེ་རྒྱ་ནག་དམར་ཚོགས་པའི་དབང་ཐང་ལས་རང་ཉིད་སྒེར་གྱི་དབང་ཐང་རྒྱ་སྐྱེད་ཐོག་གོམ་སྤོ་དུ་མ་བྱས་ཡོད་པ་སོགས་གསུངས་འདུག དཔྱད་ཞིབ་པ་ཁག་གཅིག་ནས་དམར་ཤོག་ཚོགས་པའི་དབང་ཐང་དང་རང་ཉིད་སྒེར་གྱི་དབང་ཐང་རྒྱ་སྐྱེད་གཉིས་ཀྱི་དབར་ལ་ཁྱད་པར་ཆེན་པོ་ཡོད་པར་འགྲེལ་བརྗོད་དང་སྦྲགས། གལ་སྲིད་ཞི་ཅིན་ཕིང་གིས་སོ་སོ་སྒེར་གྱི་དབང་ཐང་རྒྱ་སྐྱེད་གཏོང་བཞིན་པའི་ཁྲོད་ནོར་འཕྲུལ་ཞིག་བཟོས་ཚེ་དེའི་ཤུགས་རྐྱེན་དེ་ཆུང་ཆུང་ཞིག་མིན་པར་རྒྱ་ནག་རྒྱལ་ནང་དང་དེའི་མི་སེར་ཡོངས་ལ་དོ་ཕོག་ཐེབས་སྲིད་སྐོར་སོགས་གསུངས་འདུག

Latest news