Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: August, 2022

སི་ཡ་ཊལ་དང་ནིའུ་ཡོག་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།

ཨ་རིའི་སི་ཡ་ཊལ་དང་ནིའུ་ཡོག་གི་གྲོང་ཁྱེར་ནང་བོད་ཀྱི་དུས་སྟོན་སྲུང་སྲུང་བརྩི་བརྒྱུད་ས་གནས་མང་ཚོགས་ལ་བོད་དོན་དྲིལ་བསྒྲགས་དང་བོད་རིགས་སྤྱི་མཐུན་ཚོགས་པས་མ་དངུལ་གསོག་སྒྲུབ་གནང་འདུགཕྱི་ཟླ་ ༨ ཚེས་ ༢༧ དང་ ༢༨ བཅས་གཉིས་རིང་ཨ་རིའི་ཝ་ཤིན་ཊོན་མངའ་སྡེ་ནང་གི་སི་ཡ་ཊལ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ཁུལ་དེའི་ས་གནས་ Seattle Center Armory ནང་བོད་ཀྱི་དུས་སྟོན་ཐེངས་ ༢༧ པ་སྲུང་བརྩི་གནང་ཡོད་པ་རེད།སྐུ་མགྲོན་གཙོ་བོ་ Seattel Center སྤྱི་ཁྱབ་པ་སྐུ་ཞབས་ Robert Nellams ལགས་གཙོས་ས་གནས་བོད་རིགས་དང་། དེ་བཞིན་ཨ་རིའི་ Oregon མངའ་སྡེ་ནང་གི་ Portland ཁུལ་གྱི་བོད་མི་རྣམས་དུས་སྟོན་དེར་མཉམ་ཞུགས་གནང་ཡོད་པ་མ་ཟད། དུས་སྟོན་ཐོག་བོད་ཀྱི་གནད་དོན་དྲིལ་བསྒྲགས་དང་བོད་ཀྱི་ཐུན་མིན་རིག་གཞུང་མཚོན་པའི་བོད་ཆས་སྤྲས་པ། བོད་ཟས་ཚོང་འགྲེམས། བོད་ཀྱི་རྐང་བྲོ་གླུ་གཞས་འཁྲབ་སྟོན་གནང་སྟེ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།ཨ་རིའི་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་ཁ་སྔོན་ཕྱི་ཚེས་ ༢༨ ཉིན་བོད་ཀྱི་གཞུང་ལམ་ཐོག་ཏུ་བོད་ཀྱི་དུས་ཆེན་ཆེས་ཐོག་མ་དེ་སྲུང་བརྩི་ཞུས་ཡོད་པ་རེད།སྐབས་དེར་སྐུ་མགྲོན་གཙོ་བོ་ས་གནས་གྲོང་སྡེ་སྤྱི་ཁྱབ་པ་ Julie Won མཆོག་ཕེབས་ཡོད་པ་དང་ས་གནས་བོད་མི་མང་དག་ཅིག་མཉམ་ཞུགས་གནང་སྟེ་བོད་རིགས་ནང་ཁུལ་དབར་ངོ་ཤེས་དང་འཆམ་མཐུན། དེ་བཞིན་བོད་ཀྱི་རིག་གཞུང་དུས་ཆེན་བརྒྱུད་ཕྱི་མིའི་རིགས་རྣམས་ལ་བོད་དོན་དྲིལ་བསྒྲགས་དང་ཆབས་ཅིག་དཔལ་འབྱོར་འདུ་འགོད། སྒེར་གྱི་ཚོང་འགྲེམས་སོགས་གནང་བའི་ཐོག་ནས་ཉིན་འཁྱོངས་རིང་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་ཡོད།ཐེངས་འདིའི་ལས་གཞི་བརྒྱུད་མ་འོངས་པར་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་དང་སློབ་ཡོན་ཞུ་ཕྱོགས་སོགས་ལ་མཐུན་འགྱུར་གནང་རྒྱུའི་འཆར་གཞི་སོགས་ཡོད་པ་རེད།དེ་མཚུངས་སུ་བྱང་ཨ་རིའི་བོད་རིགས་ཐུན་མོང་ནས་ཕྱི་ཟླ་ ༡༠ པའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༢༢།༠༨།༢༩

ཉན་པ།: Listen ཕབ་ལེན། Download བོད་ནང་གཉན་རིམས་ཁྱབ་བརྡལ་དང་འབྲེལ་ལས་བྱེད་བརྒྱ་ཙམ་ལ་ཉེས་ཆད་བཏང་བ། བོད་ནང་དགེ་འདུན་པ་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཅེཀ་རྒྱལ་ཁབ་ནང་འཐབ་བྱུས་ཀྱི་ཚོགས་འདུ་ཚོགས་པ། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་མཆོག་སེ་རར་ཆིབས་སྒྱུར་མཛད་པ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་ལེ་ཚན། ༸པཎ་ཆེན་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གི་སྐོར། Monday 29/08/2022 China penalizes officials over spread of Covid in Tibet Two Tibetan monks sentenced for “exercising right to freedom of expression” Sikyong Penpa Tsering chairs Europe strategic meeting Ling rinpoche visits Sera monastery, offers prayer to overcome Covid in Tibet History feature: short biography of the 9th Panchen Lama

བོད་ནང་དགེ་འདུན་པ་གཉིས་ལ་བཙོན་འཇུག་ཉེས་ཆད་བཏང་འདུག

ཉེ་ལམ་ཕྱི་ཟླ་ ༦ པའི་ནང་སེར་ཤུལ་རྫོང་མི་མང་ཁྲིམས་ཁང་ཟེར་བས་ཁམས་རྫ་ཆུ་ཁ་བ་རོང་སྡེ་པ་ནས་ཡིན་པའི་གྲྭ་བསྟན་འཛིན་དར་རྒྱས་དང་གྲྭ་རིག་ཚེ་ཞུ་བའི་བོད་མི་གཉིས་ལ་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད་པ་རེད་འདུག དེ་ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དེ་སྔ་ཁོང་གཉིས་ནས་རྒྱ་གཞུང་གི་དྲིལ་བསྒྲགས་དང་ལས་འགུལ་ཁག་ལ་འགག་པ་བརྒྱབ་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་པར་དང་ཕྱི་ཕྱོགས་གནས་ཚུལ་ཉར་ཚགས་བྱས་པའི་རྐྱེན་གྱིས་ལོ་གཉིས་མ་ཟིན་ཙམ་བཀག་ཉར་བྱས་ཏེ། ཉི་ལམ་ཕྱི་ཟླ་ ༦ པའི་ནང་སེར་ཤུལ་རྫོང་མི་མང་ཁྲིམས་ཁང་ནས་གྲྭ་བསྟན་འཛིན་དར་རྒྱས་ལགས་སུ་ལོ་གསུམ་དང་ཕྱེད་ཀ་དང་། གྲྭ་རིག་ཚེ་ལགས་སུ་ལོ་གསུམ་བཅས་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུགབོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས་རྒྱ་ནག་གཞུང་ནས་དེ་འབྲེལ་གྱི་བྱ་སྤྱོད་དེར་ཁྲིམས་ཐོག་ནས་འགན་འཁུར་དགོས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་གནད་དོན་དེ་དག་གི་ཐོག་ལ་གནོན་ཤུགས་སྤྲད་དགོས་པའི་འབོད་སྐུལ་ཞུས་སོང་། རྩ་བའི་གྲྭ་རིག་ཚེ་ལགས་ཀྱི་གནས་ཚུལ་ཞིབ་ཕྲ་འཁོད་མེད་ཀྱང་། གྲྭ་བསྟན་འཛིན་དར་རྒྱས་ལགས་ནི་དུས་རྒྱུན་བོད་ཀྱི་ཛ་དྲག་གནས་སྟངས་ཐོག་ལ་ཐུགས་འཁུར་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་། སྐད་འཕྲིན་གྱི་བརྒྱུད་ལམ་ཁག་གི་ནང་བོད་དོན་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྐུལ་དང་། ༸གོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་སོགས་བརྒྱུད་སྤེལ་གནང་གི་ཡོད་པ་དང་ཆབས་ཅིག རང་ཉིད་ཀྱི་སྐད་འཕྲིན་གྱི་མིང་བྱང་དུ་ཏཱ་ལའི་རྗེས་འབྲང་ཞེས་བཀོད་ཡོད་པ་མ་ཟད་། ལྷག་པར་དུ་ཉེ་བའི་འཆར་རྒྱ་ནག་གཞུང་ནས་བོད་འདི་ཉིད་བཅིངས་གྲོལ་བཏང་ནས་ལོ་ ༧༠ འཁོར་གྱི་ཡོད་ཚུལ་སོགས་ཀྱི་དྲིལ་བསྒྲགས་ཤུགས་ཆེར་བྱེད་པའི་སྐབས་ཁོང་གི་རྒྱ་ནག་གཞུང་ནས་བོད་འདི་ཉིད་བཅིངས་གྲོལ་བཏང་མྱོང་མེད་ཅེས་དགག་པ་གནང་ཡོད་པ་རེད་འདུགདེ་བཞིན་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༩ པའི་ནང་གྲྭ་བསྟན་འཛིན་དར་རྒྱས་ལགས་ཀྱི་ཁ་པར་རྒྱ་གཞུང་ཉེན་རྟོག་པའི་རྔོག་བཤེར་གྱིས་དེའི་ནང་༸གོང་ས་མཆོག་གི་སྐུ་པར་དང་། ཕྱི་ཕྱོགས་ཀྱི་གནས་ཚུལ་ཉར་ཚགས་བྱས་ཡོད་པའི་ཉེས་མིང་འོག་འཇུ་བཟུང་བྱས་ཡོད་པ་དང་། ཁོང་དང་མཉམ་དུ་དགེ་འདུན་པ་གཞན་ཞིག་འཇུ་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་ཀྱང་ངོ་རྟགས་ཆོད་མེད་པ་དེ་ལྟར་ཡང་། ཉེ་ལམ་དགེ་འདུན་པ་དེའི་མཚན་ལ་རིག་ཚེ་ཡིན་པ་ཤེས་རྟོགས་ཐུབ་ཡོད། ཁོང་གཉིས་ཀྱི་ཁྲིམས་ཐག་བཅད་པའི་དུས་ཚོད་ཀྱང་གཅིག་མཚུངས་འཁེལ་ཡོད་འདུག གཞི་རྩའི་རྒྱ་གཞུང་ནས་ཁོང་གཉིས་ཀྱི་ད་ལྟའི་འཆར་བཙོན་ཁང་གང་དུ་ཡོད་མེད་དང་གཟུགས་གཞི་གནས་སྟངས་སོགས་ཀྱི་གནས་ཚུལ་ཧ་ཅང་གསང་རྒྱ་བྱེད་བཞིན་ཡོད་པ་མ་ཟད། འབྲེལ་ཡོད་ནང་མི་རྣམས་ལའང་གནས་ཚུལ་མཁོ་སྤྲོད་བྱས་ཀྱི་མེད་པ་དང་ཆབས་ཅིག དེ་འབྲེལ་གནས་ཚུལ་གླེང་སློང་བྱེད་མཁན་ཡོད་ཚེ་གཞུང་ནས་ཐོབ་ཐང་སོགས་བཅད་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད་འདུག པར་དབང་། TCHRD  

བོད་ནང་གཉན་རིམས་ཁྱབ་བརྡལ་དང་འབྲེལ་ལས་བྱེད་བརྒྱ་ཙམ་ལ་ཉེས་ཆད་བཏང་འདུག

ཕྱི་ཟླ་ ༨ ཚེས་ ༨ ནས་བཟུང་སྟེ་བོད་ནང་དུ་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་བརྡལ་ཤུགས་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱ་གཞུང་གིས་ས་གནས་ལས་བྱེད་པ་ཁྱོན་ ༡༠༠ ཙམ་ལ་གཉན་རིམས་ཁྱབ་བརྡལ་འགོག་ཐབས་ཀྱི་ལས་དོན་འཐུས་ཚང་གནང་མེད་པའི་ཉེས་འཛུགས་འོག་ཉེས་ཆད་བཏང་བའི་ཁོངས་ནས་ལས་བྱེད་ ༡༧ གནས་དབྱུང་བཏང་འདུག ཁ་སང་ལྷོ་རྒྱ་ནག་སྔ་དྲོའི་འཆར་འཕྲིན་གྱིས་བོད་ནང་ཏོག་དབྱབས་གཉན་རིམས་ཁྱབ་བརྡལ་དང་འབྲེལ་བའི་གནས་ཚུལ་སྤེལ་བར་ཉེ་ཆར་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་ཁྱོན་ཡོངས་ནང་དུ་གཉན་རིམས་ཕོག་པའི་ནད་པ་གསར་པ་ ༡༣༠༠ ཙམ་ཐོན་ཡོད་ཚུལ་བཤད་པའི་ཁོངས་ནས་མི་གྲངས་ ༥༠༠ བོད་ནང་ནས་ཡིན་སྐོར་དང་འབྲེལ་ཏེ་བོད་ནང་ཉིན་རེ་བཞིན་གཉན་རིམས་ཁྱབ་བརྡལ་ཆེས་ཆེར་འཕེལ་འགྲོ་བཞིན་པའི་གནས་སྟངས་མངོན་གསལ་དང་སྦྲགས། བོད་ཀྱི་རྒྱལ་ས་ལྷ་ས་ནང་ལས་བྱེད་ཁྱོན་ ༢༢ ལ་ཉེས་ཆད་བཏང་བའི་ཁོང་ནས་ ༥ གནས་དབྱུང་དང་གཞན་རྣམས་ལ་ཉེན་བརྡའི་འོག་ཏུ་བཞག་འདུག དེ་བཞིན་ལྷོ་ཁ་ཁུལ་ནས་ལས་བྱེད་ ༦ ལ་ཉེས་ཆད་བཏང་བའི་ཁོངས་ནས་ ༢ གནས་དབྱུང་བཏང་འདུག་པ་དང་། གཞིས་རྩེ་ཁུལ་ནས་ལས་བྱེད་ཁྱོན་ ༧༧ ལ་ཉེས་ཆད་བཏང་བའི་ཁོངས་ནས་ ༡༠ ཕྱིར་འབུད་བཏང་ཡོད།རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བའི་ནང་ལས་བྱེད་དེ་དག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ཞན་པ་དང་། གཉན་རིམས་མངོན་འགོག་དང་འགོག་ཐབས་ཀྱི་ལས་དོན་འཐུས་ཤོར་བ། དེ་བཞིན་གོང་རིམ་བརྩི་བཀུར་མེད་པ་དང་ཆོ་གའི་དང་ཞེན། ལས་དོན་ཐོག་ནུས་སྤུངས་མེད་པའི་ཉེས་ཆད་བཏང་ཡོད་སྐོར་བཀོད་འདུགལྷོ་རྒྱ་ནག་སྔ་དྲོའི་འཆར་འཕྲིན་གསར་ཁང་གིས་སིངྒྷ་པུར་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་སྲིད་བྱུས་ཉམས་ཞིབ་སྡེ་ཚན་གྱི་སློབ་དཔོན་ Alfred Wu ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་ད་ལྟ་བོད་གཙོས་ཧེཡིནེན་ས་ཁུལ་དུའང་གཉན་རིམས་ཁྱབ་བརྡལ་དང་འབྲེལ་ནས་ལས་བྱེད་པ་མང་དག་ཅིག་གནས་དབྱུང་བཏང་བའི་གནད་དོན་དེའི་ཐོག་ནས་རིང་མིན་རྒྱ་ནག་གི་འཚོགས་ལ་ཉེ་བའི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐོག་གཉན་རིམས་འགོག་ཐབས་འདི་གནད་དོན་གཙོ་བོའི་གྲས་ཤིག་ཆགས་ངེས་ཡིན་པ་དང་། ལྷག་པར་དུ་ཞིང་ཆེན་རིམ་པའི་ལས་བྱེད་རྣམས་ལ་རིམ་བཞིན་ཉེས་ཆད་བཏང་བའི་ཐོག་ནས་ས་གནས་ཀྱི་ལས་བྱེད་རྣམས་ལ་སྲིད་འཛིན་ཞི་ཅིན་ཕིང་ལ་རྒྱབ་སྐྱོར་བྱེད་དགོས་པའི་ཉེན་བརྡ་བཏང་བ་ལྟ་བུ་ཞིག་མཚོན་གྱི་ཡོད་པར་གསུངས་འདུགབོད་གནས་དབྱེ་ཞིབ་པ་མང་དག་ཅིག་གིས་རྒྱ་གཞུང་གིས་བོད་ནང་ཏོག་དབྱིབས་གཉན་རིམས་ ༡༩ དང་འབྲེལ་བའི་སྟངས་འཛིན་བྱེད་ཕྱོགས་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་མངོན་རྒྱུ་ཡོད་སྐོར་དང་། ལྷག་དོན་ལས་བྱེད་ལ་ཉེས་ཆད་བཏང་བ་དེ་ནི་དོན་ཕན་ལྡན་པའི་ཐབས་བྱུས་ཤིག་མིན་པ་དང་ད་ལྟ་གནས་དབྱུང་བཏང་བའི་ལས་བྱེད་དེ་དག་གཉན་རིམས་ཀྱི་གནད་དོན་ལྷིང་འཇགས་པའི་རྗེས་སུ་རིམ་པས་ངོ་ཤེས་པ་བརྒྱུད་ནས་རང་གི་ལས་གནས་སུ་ཕྱིར་ལོག་བྱེད་ཀྱི་ཡོད་པར་གསུངས་འདུག དེ་བཞིན་འདི་ལོའི་ཕྱི་ཟླ་ ༥ པ་ནང་རྒྱ་ནག་གི་ Shanghai གྲོང་ཁྱེར་ནང་གཉན་རིམས་ཁྱབ་བརྡལ་བྱུང་བ་དང་འབྲེལ་ནས་སྐབས་དེར་ Financial Times བརྒྱུད་ལམ་གྱི་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་དམར་ཤོག་གཞུང་གི་དཔོན་རིགས་དང་འབྲེལ་བའི་ཉམས་ཞིབ་ཚོགས་པས་གཙོ་འཛིན་ Alex Payette ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༢༠ ལོར་ Hubei མངའ་སྡེའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Jiang Chaoliang དང་མངའ་སྡེའི་རྒྱལ་ས་ Wuhan གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ Ma Guaqiang གཉིས་སྐབས་དེར་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པ་དེ་ལྟར་ཡང་། ད་བར་ཁོང་གཉིས་ཀྱི་ལས་དོན་སྤེལ་ཕྱོགས་ལ་ཞིབ་བཤེར་སོགས་གང་ཡང་བྱས་མེད་པ་དང་། དམར་ཤོག་ཚོགས་པས་ཀྱང་ཕྱིར་འབུད་བཏང་མེད་པར་མངོན་གསལ་དང་སྦྲགས། ཕྱིས་སུ་དམར་ཤོག་ཚོགས་པའི་ལས་གནས་གཞན་གྱི་ཐོག་བསྐོ་གཞག་བྱ་ངེས་ཡིན་སྐོར་གསུངས་ཡོད་པ་རེད། འདས་པའི་ཉིན་ཤས་ནང་བོད་ནས་བརྙན་དང་པར་བཅས་པ་གནས་ཚུལ་ཕྱིར་གྱར་བྱུང་ཁག་ལ་གཞིགས་ཚེ་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་བོད་མི་མང་དག་ཅིག་ལ་རིམས་ནད་ཕོག་ཡོད་ཚུལ་འོག་ས་ཐག་རིང་པོར་བཏང་སྟེ་དེ་དག་ལ་ལྟ་རྟོག་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་འཐུས་ཚང་སྦྱར་མེད་པ་དང་། ནད་པ་རྣམས་ལ་ཞལ་ལག་དང་གཙང་འཕྲོད་སོགས་ཀྱི་མཐུན་འགྱུར་ཆེས་ཞན་པོ་ཡོད་པ་མཐོང་རྒྱུ་འདུག

སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཅེཀ་རྒྱལ་ཁབ་ནང་ཡོ་རོབ་མངའ་ཁུལ་གྱི་ཐབས་བྱུས་ཚོགས་འདུ་ཚོགས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༨ ཚེས་ ༢༧ ནས་ཡོ་རོབ་ཀྱི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ནང་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་མཛད་འཆར་ཁག་གཅིག་དབུ་འཛུགས་གནང་ཡོད། ཁ་སང་ཕྱི་ཚེས་ ༢༨ རེས་གཟའ་སྤེན་པའི་ཉིན་ཁུལ་དེའི་རྒྱལ་ས་པ་རག་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་རྒྱ་ནག་ཐོག་གི་ཉམས་ཞིབ་པ་དང་མཁས་དབང་། ཆབ་སྲིད་མི་སྣ། བོད་དོན་ལས་འགུལ་བ་སོགས་གནད་ཡོད་མི་ཁག་གཅིག་ལྷན་འཛོམས་ཀྱིས་རྒྱ་ནག་གི་ཡོ་རོབ་རྒྱལ་ཁབ་ཁག་ཏུ་ཤུགས་རྐྱེན་འདིའི་ཁྲོད་བོད་དོན་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས་སོགས་དང་འབྲེལ་བའི་ཡོ་རོབ་ཁུལ་གྱི་ཐབས་བྱུས་ཚོགས་འདུ་ཞེས་པ་ཞིག་ཚོགས་ཡོད།ཚོགས་འདུ་དེ་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་གཏན་འཇག་ཐབས་བྱུས་ཚོགས་ཆུང་དང་སུད་སི་སྐུ་ཚབ་ཁང་གཉིས་མཉམ་འབྲེལ་གྱི་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་འདུག་ཅིང། ཉིན་གཅིག་རིང་གི་ཚོགས་འདུ་ཐོག་གནད་ཡོད་མི་སྣ་ཁག་གཙོས་ཡོ་རོབ་རྒྱལ་ཁབ་ཁག་ཏུ་རྒྱ་ནག་དམར་གཞུང་གི་ཤུགས་རྐྱེན་དང་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་སོགས་ལ་གོ་བསྡུར་གནང་ཡོད་པ་རེད།ཐེངས་འདིའི་ཚོགས་འདུ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་བསམ་བློའི་བང་མཛོད་དང་རྒྱལ་སྤྱིའི་Sinopsis ཚོགས་པའི་འགན་འཛིན་སྐུ་ཚབས་ Martin Hala ལགས་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་སྲིད་བློན་གཞོན་པ་ཟུར་པ་ Martin Bursik མཆོག FORUM 2000 ཞེས་ཕྱི་ལོ་ ༢༠༠༠ ཐམ་པའི་ཞི་བདེའི་གླེང་སྟེགས་གོ་སྒྲིག་གནང་མཁན་ཚོགས་པའི་འགན་འཛིན་ Jakub Klepal ལགས་དང་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་བསྟན་འཛིན་དབང་པོ་བཀྲས་མཐོང་ལགས། དེ་མིན་འབྲེལ་ཡོད་ Vincent Metten ལགས། ཡོ་རོབ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁག་དང་འབྲེལ་ཡོད་ལས་བྱེད་སོགས་ཚོགས་བཅར་ཞུས་ཡོད་པ་རེད།རྩ་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཟླ་ ༨ ཚེས་ ༢༨ ནས་ཟླ་ ༩ ཚེས་ ༢ བར་ཉིན་གྲངས་བདུན་རིང་གཞུང་འབྲེལ་ཕྱོགས་ཕེབས་དེའི་ཁྲོད་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཉེ་མཛའ་གྲོགས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ VACLAV HAVEL མཆོག་གིས་ཆེད་འཛུགས་གནང་བའི་ FORUM 2000 ཞེས་ཕྱི་ལོ་ ༢༠༠༠ ཐམ་པའི་ཞི་བདེའི་གླེང་སྟེགས་ཐོག་ལྷན་ཞུགས་ཀྱིས་གསུང་བཤད་དང་དེ་བཞིན་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མིར་མཇལ་འཕྲད་ཀྱི་མཛད་འཆར་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༢༢།༠༨།༢༨

ཉན་པ།: Listen ཕབ་ལེན། Download ཅོན་ཏ་ར་བོད་ཁྱིམ་གྱི་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ཤེས་ཡོན་སློབ་སྟོན་པ་འཆི་མེད་རྡོ་རྗེ་ལགས་དང་གླེང་མོལ། Sunday 28/08/2022 In conversation with Chime Dorjee, Special Educator at TCV special school, Chauntra

རེས་གཟའ་སྤེན་པ། ༢༠༢༢།༠༨།༢༧

ཉན་པ།: Listen ཕབ་ལེན། Download བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ་དབུ་འཛུགས། ༸གོང་ས་མཆོག་གིས་ལ་དྭགས་ཁུལ་དུ་བསྐྱངས་གནང་མཛད་པའི་མཛད་འཆར་སྐོར་གླེང་མོལ། Saturday 27/08/2022 18th General Body Meeting of TYC kicks off Dalai Lama’s Ladakh trip: Interview with Acharya Tenzin Wangdak, President of Ladakh Gonpa Association

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ་དབུ་འཛུགས།

དེ་རིང་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ་འདི་ཉིད་དབུ་འཛུགས་དང་། ཐེངས་འདིའི་ཚོགས་ཆེན་ཐོག་བཙན་བྱོལ་བོད་མིའི་གནས་སྡོད་ས་གནས་ཁག་ ༤༥ ནས་ཚོགས་བཅར་པ་ཁྱོན་བརྒྱ་ལྷག་ལྷན་འཛོམས་ཐོག་གཙོ་བོ་གྲོས་གཞི་དོན་ཚན་དགུའི་ཐོག་གྲོས་བསྡུར་གནང་རྒྱུ་རེད་འདུགདེ་ཡང་དེ་རིང་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་ Imperial Heights གསོལ་མགྲོན་ཁང་དུ་སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་ལས་ཐོག་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་ཆེད་འབོད་སྐུ་མགྲོན་རྡ་སའི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajay Singh Mankotia ལགས་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Nehria ལགས་བཅས་དབུ་བཞུགས་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ཀྱི་ཚོགས་གཙོ་ཚོགས་གཞོན་གཙོས་ཁྱོན་ཚོགས་མི་གྲངས་བརྒྱ་ལྷག་ལྷན་འཛོམས་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ་འདི་ཉིད་དབུ་འཛུགས་གནང་སོང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྐབས་ ༡༧ པའི་དབུས་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་གནང་བའི་ཁྲོད། ཁོང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་བརྙེས་པ་ནས་བཟུང་དགྲ་བོ་རྒྱ་དམར་གྱི་སྡང་ཟུག་ལ་མ་ལྟོས་པར་ད་བར་ལོ་ངོ་ ༥༢ རིང་ལ་ཚོགས་པ་འདིའི་ངོས་ནས་བོད་དོན་འཐབ་རྩོད་ཐད་ནུས་པ་ལྡན་པའི་ཆབ་སྲིད་ཀྱི་ལས་འགུལ་དང་སྤྱི་ཚོགས་ཞབས་ཞུ་གྲུབ་པ་སོགས་གལ་ཆེའི་ལས་དོན་སྤེལ་བ་ཁག་ངོ་སྤྲོད་དང་འབྲེལ། རྒྱ་དམར་གཞུང་གིས་བོད་ནང་དུ་མི་རིགས་རྩ་མེད་གཏོང་ཐབས། དེ་བཞིན་བོད་དེ་ཉིད་རྒྱ་སྡེར་འགྱུར་ཐབས་དང་འབྲེལ་བའི་བོད་མིའི་སེམས་ནང་རྨ་ཁ་བཟོ་བའི་བྱ་སྤྱོད་འདྲ་མིན་སྤེལ་བཞིན་པ་མ་ཟད། དམ་བསྒྲགས་ཇི་ཙམ་བྱས་ཀྱང་། གཞིས་བྱེས་བོད་མི་རྣམས་ཀྱི་སེམས་ཤུགས། སྙིང་སྟོབས་སོགས་ལ་དོ་ཕོག་རྩ་བ་ནས་བཏང་ཐུབ་མེད་པ་ལྟར། བོད་མི་རྣམས་ནས་ད་དུང་མུ་མཐུད་སྐུ་ལས་བསྐྱོན་དགོས་པ་དང་ཆབས་ཅིག ལྷག་པར་དུ་དེང་སྐབས་ཏོག་དབྱིབས་གཉན་རིམས་རྐྱེན་པས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ལ་དོགས་ཟོན་དང་གདོང་ལེན་བྱེད་བཞིན་པའི་གནས་སྟངས་འོག་ང་ཚོས་ངོས་ནས་ནུས་པ་གང་ཐུབ་བཏོན་རྒྱུའི་དུས་ལ་བབ་ཡོད་པ་བཞིན་དེ་འབྲེལ་ལས་འགུལ་སྤེལ་རྒྱུ་ཡིན་པར་མང་ཚོགས་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་སོང་། མ་ཟད་བཙན་བྱོལ་བོད་མི་རྣམས་ལ་གཞིས་ལུས་བོད་མི་རྣམས་ཀྱི་མངོན་འདོད་དང་རེ་བ་གྲུབ་རྒྱུའི་འགན་ཡོད་པ་བཞིན་ནང་ཕན་ཚུན་གྱི་ཆ་མ་མཐུན་པ་རྣམས་བཞག་ནས་རྒྱལ་ཁབ་དང་འཐབ་རྩོད། མི་རིགས་ཀྱི་ལྟ་བ་དེ་གལ་ཆེར་འཛིན་པའི་ཐོག་འདུན་བསྐྱོད་གནང་དགོས་པའི་འབོད་སྐུལ་ཞུས་གནང་སོང་།ཡང་དེ་རིང་གི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་ཕྱི་ནང་གི་གནས་སྟངས་དང་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་ལྡོག དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་བཅས་གསུམ་གྱི་གལ་གནད་ཐོག་གསུང་བཤད་གནང་བ་དང་འབྲེལ། བོད་ནང་རྒྱ་གཞུང་གིས་མི་རིགས་རྩ་གཏོར་གྱི་སྲིད་བྱུས་དང་དྲག་པོའི་སྲིད་བྱུས་ཇི་ཙམ་སྤེལ་མིན་ལ་མ་ལྟོས་པར་གཞིས་ལུས་བོད་མི་རྣམས་ནས་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་བོད་དོན་འཐབ་རྩོད་གནང་བཞིན་པ་མ་ཟད། བཙན་བྱོལ་བོད་མི་རྣམས་ལ་ཡིད་ཆེད་བློ་གཏད་དང་རེ་བ་གནང་གི་ཡོད་པ་གསལ་བཏོན་དང་སྦྲགས། བཙན་བྱོལ་བོད་མི་རྣམས་ནས་མི་མཐུན་པའི་ཆ་རྣམས་ལ་གུ་ཡངས་དང་གོ་བསྡུར་སྦྱང་ཤེས་གནང་སྟེ། བཟང་ཕྱོགས་དང་མཐུན་ཕྱོགས་གྱི་གནད་དོན་ཐོག་ལ་ཤུགས་རྒྱག་དགོས་གལ་ཡིན་པ་གསུངས་ཡོད།ཚོགས་གཙོ་མཆོག་གིས་ད་དུང་། དེང་སྐབས་རྒྱ་ནག་ནང་དུ་ཆབ་སྲིད་ཀྱི་འགྱུར་བ་ཞིག་གཏན་གཏན་འགྲོ་བཞིན་ཡོད་སྐོར་དང་འབྲེལ། བོད་མི་རྣམས་ནས་རྒྱ་ནག་གི་གནས་སྟངས་ལ་གཞིགས་སྟེ་བོད་ཀྱི་གནས་བབ་དེ་ཇི་ལྟར་སླར་གསོ་བྱ་དགོས་མིན་ཐོག་བསམ་བློ་གཏང་དགོས་གལ་ཡིན་པ་དང་། དེ་བཞིན་དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་འགྱུར་བ་འགྲོ་བཞིན་པ་དང་འབྲེལ་ནས། རྒྱལ་སྤྱིའི་གླེང་སྟེགས་གལ་ཆེ་ཁག་གི་ཐོག་ལ་བོད་དོན་ཚུད་ཐབས་གནང་དགོས་གལ་ཡིན་པ་མ་ཟད། བོད་མི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལྷན་ཚོགས་ཀྱི་ཐོག་ནས་དེའི་ཐོག་ནུས་པ་འདོན་ཐུབ་རྒྱུ་ཡིན་པ་བཞིན་དེ་ལྟར་གནང་དགོས་གལ་ཡིན་པ་གསུངས་ཡོད། དེ་བཞིན་མཛད་སྒོའི་ཐོག་ཆེད་དུ་འབོད་པའི་རྒྱ་གར་གྱི་སྐུ་མགྲོན་སྐུ་ཞབས་ Ajay Singh Mankotia ལགས་དང་ Ajit Nehria ལགས་གཉིས་ཀྱིས། བོད་དང་རྒྱ་གར་དབར་ལོ་རྒྱུས་དང་ཕན་ཚུན་ཡིད་ཆེས་ཀྱི་འབྲེལ་བ་ཡོད་པ་བཞིན་རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་ཟོལ་མེད་གནང་མུས་ཡིན་སྐོར་དང་འབྲེལ། བོད་མི་རྣམས་ནས་རང་མི་རིགས་ཀྱི་འཐབ་རྩོད་དང་ཆོད་སེམས་སྲ་བརྟན་ཐོག་གནས་དགོས་པ་དང་། བོད་དོན་འཐབ་རྩོད་ཐད་གོ་སྐབས་ནམ་ཡིན་ལ་ནུས་པ་གང་ཡོད་བཏོན་ནས་ཕྱག་ལས་གནང་དགོས་པའི་སྐུལ་མ་གནང་སོང་།རྩ་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བཞིན་བཙན་བྱོལ་དུ་ཐོག་མར་ཕྱི་ལོ་ ༡༩༧༠ ཟླ་ ༡༠ ཚེས་ ༧ ཉིན་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་པའི་སྒྲིག་གཞི་གཞིར་བཟུང་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་དང་། དེ་སྔ་ཚོགས་ཆེན་སྐབས་ ༡༧ ཐོག་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ལག་བསྟར་ཐུབ་མིན་གྱི་ཞིབ་བཤེར། རྒྱལ་བའི་༸སྐུ་ཕྱྭའི་གནད་དོན། མ་འོངས་ཆབ་སྲིད་དང་བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན། དེ་བཞིན་དམངས་གཙོའི་གོ་རྟོགས་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྤེལ་ཕྱོགས་སོགས་གྲོས་གཞི་དོན་ཚན་ ༩ ཐོག་གོ་བསྡུར་གནང་གི་ཡོད་པ་དང་། ཚོགས་ཆེན་འདི་བཞིན་ཕྱི་ཟླ་ ༩ ཚེས་ ༡ བར་ཉིན་གྲངས་ ༦ རིང་ཚོགས་ཀྱི་ཡོད་པ་རེད།

རེས་གཟའ་པ་སངས། ༢༠༢༢།༠༨།༢༦

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་པ། བོད་མི་ཞིག་༸གོང་ས་མཆོག་གི་༸སྐུ་པར་ཉར་རྐྱེན་འཛིན་བཟུང་བྱས་འདུག སྲིད་སྐྱོང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ། ༸གོང་ས་མཆོག་ལ་འདི་ལོའི་ Spendlove ཞེས་པའི་ཆེས་མཐོའི་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལ་ཤིན་ཅང་གི་སྙན་ཐོ་འདོན་སྤེལ་ལ་གནོན་ཤུགས། ༸གོང་ས་མཆོག་ཐེ་ཝན་དུ་གདན་ཞུ་ཕུལ་དགོས་པའི་འབོད་སྐུལ་ཞུ་མཁན་མང་དག་ཅིག་འདུག སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་སློབ་མར་༸རྒྱལ་བའི་ཐུགས་བསྐྱེད་བཞིའི་གོ་རྟོགས་སྤེལ་བ། Friday 26/08/2022 HHDL arrives in Delhi from Leh, Ladakh China arrests a Tibetan for keeping the Dalai Lama’s photo Sikyong to speak at Czech’s FORUM2000 The Dalai Lama to receive UC Merced’s 15th Spendlove prize UN rights chief admits ‘tremendous pressure’ over East Turkestan (Xinjiang) report Growing chorus for the Dalai Lama to visit Taiwan Student Exchange Program: Sera monks speak on HHDL's four commitments at TYH, Bengaluru

Latest news