Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2022

རེས་གཟའ་ཟླ་བ། ༢༠༢༢།༡༠།༣༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཟམ་ཆེན་རྡིབ་སྐྱོན་གྱི་གོད་ཆག་ཕོག་པར་ཐུགས་གསོ་སྩལ་བ། གཉན་རིམས་ཕོག་མེད་པའི་གྲུབ་འབྲས་སོན་ཚེ་ལྷ་ས་ཕྱིར་སྐྱོད་ཆོག་པ། སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མ་སུ་རི་བོད་ཁྱིམ་དང་ས་སྐྱ་མཐོ་སློབ་དབུ་བརྙེད་པའི་མཛད་སྒོར་ལྷན་ཞུགས། རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་བོད་མི་ལྔ་མཉམ་ཞུགས་གནང་རྒྱུ། སྦེལ་འཇམ་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་དེ་ཡུལ་དེའི་དགྲ་བོ་ཡིན་སྲིད་པར་འགྲེལ་བརྗོད་གནང་བ་ཕྱིར་འཐེན་གནང་མེད། དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་དང་འབྲེལ་བའི་གློག་བརྙན་ཁག་བཞི་གཟིགས་འབུལ་ཞུ་འཆར། Monday 31/10/2022 Dalai Lama offers condolences for the victims of Gujarat bridge collapse Covid negative lhasa migrants now allowed to leave home Sikyong and Speaker attend Mussoorie Homes and Sakya College Anniversaries Five all-female Tibetan delegation to attend COP27 climate conference Belgian Foreign Minister refuses to retract China ‘Potential Enemy’ interview 11th Dharamshala international film festival: to screen 4 Tibet themed films

གུཇ་རཱཏ་ནང་ཟམ་ཆེན་རྡིབ་སྐྱོན་གྱི་གོད་ཆག་ཕོག་པ་ཚོར་ཐུགས་གསོ་མཛད་པ།

འདས་པའི་ཉིན་ཤས་ཁྲོད་ལྷོ་ཀོ་རི་ཡའི་ནང་འཚང་གའི་ཁྲོད་རྡོག་བརྫིས་ཐེབས་ནས་མང་ཚོགས་ ༡༥༠ ལྷག་འདས་གྲོངས་དང་རྒྱ་གར་ Gujarat མངའ་སྡེའི་ནང་ཟམ་ཆེན་རྡིབ་པའི་དོན་རྐྱེན་ཁྲོད་མི་ ༡༤༠ ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པར་མ་ཟད། ཨ་རི་ནང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Pelosi མཆོག་གི་སྐུ་ཟླར་དྲག་སྤྱོད་པ་ཞིག་གིས་རྒོལ་རྡུང་བྱས་པ་སོགས་ཀྱི་བཀྲ་མི་ཤེས་པའི་གནས་ཚུལ་རིམ་པ་ཐོན་པ་ལྟར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲེལ་ཡོད་སོ་སོར་ཐུགས་གསོའི་གསུང་འཕྲིན་བསྩལ་ཏེ་གདུང་སེམས་མཉམ་བསྐྱེད་དང་ འདས་གྲོངས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་མཛད་འདུགདེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་Gujarat མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་  Bhupendra Rajnikant Patel མཆོག་གི་མཚན་ཐོག་གསུང་འཕྲིན་ཞིག་སྩལ་ཏེ། ཁ་སང་གུཇ་རཱཏ་མངའ་སྡེའི་མོར་བི་གྲོང་ཁྱེར་གྱི་ཟམ་ཆེན་རྡིབ་སྐྱོན་གྱི་གོད་ཆག་ཁྲོད་ད་བར་མང་ཚོགས་ ༡༤༠ འགལ་བའི་ཚེ་སྲོག་ཤོར་བར་ཐུགས་གསོ་དང་ཤུལ་ལུས་ནང་མི་རྣམས་ལ་ཐུགས་སྨོན་སྩལ་བར་མ་ཟད། ལྷོ་ཀོ་རི་ཡའི་ནང་དུའང་ Halloween ཞེས་ཡི་ཤུའི་ཆོས་བྱེད་པ་རྣམས་ཀྱི་དུས་ཆེན་སྐབས་མང་ཚོགས་འདུ་འཛོམས་ཆེ་བའི་འཚང་གའི་ཁྲོད་ཕལ་མོ་ཆེ་བ་གཞོན་སྐྱེས་ཁོ་ན་ཡིན་པའི་མི་ ༡༥༠ ལྷག་ཙམ་འཆི་སྐྱོན་གྱི་གོད་ཆག་ཕོག་པ་བཅས་ལའང་ཐུགས་གསོ་མཛད་པ་དང་ཆབས་ཅིག  བཀྲ་མི་ཤེས་པའི་ངལ་བ་དེ་དག་སླར་མི་ཡོང་བའི་སླད་དུ་ཕྱོགས་གང་ས་ནས་འབད་བརྩོན་གནང་དགོས་པའི་ལམ་སྟོན་མཛད་འདུགཉེ་ལམ་ཕྱི་ཟླ་ ༡༠ ཚེས་ ༢༨ རེས་གཟའ་པ་སངས་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གི་ California ནང་ཡོད་པའི་གཟིམ་ཤག་ཏུ་དྲག་སྤྱོད་པ་གློ་བུར་འཛུལ་ཏེ་སྐུ་ཟླ་སྐུ་ཞབས་ Paul Pelosi མཆོག་ལ་རྒོལ་རྡུང་བྱས་པའི་གནས་ཚུལ་ཐོན་ཡོད་པར་བརྟེན་ཁ་སང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་སྐུ་ཞབས་ Paul Pelosi མཆོག་གི་སྐུ་ཟླ་ལྕམ་སྐུ་ Nancy Pelosi མཆོག་གི་མཚན་ཐོག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་ཏེ། གདུང་སེམས་མཉམ་བསྐྱེད་དང་འབྲེལ་ཁོང་གང་མགྱོགས་དྲག་སྐྱེད་ཐུབ་པར་ཐུགས་སྨོན་བཅས་མཛད་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་ Nancy Pelosi མཆོག་ལ་སྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་། མགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་པོལ་མཆོག་གི་སྐུ་གཟུགས་ཡོངས་རྫོགས་གང་མགྱོགས་དྲག་སྐྱེད་ཐུབ་པར་ཐུགས་སྨོན་མཛད་པ་དང་འབྲེལ། ལྕམ་སྐུ་མཆོག་གི་གཟིམ་ཤག་ཏུ་བཙན་འཛུལ་བྱེད་མཁན་དྲག་སྤྱོད་པ་དེས་ལྕམ་སྐུ་མཆོག་གང་དུ་ཡོད་མེད་འདྲི་རྩད་བྱས་པ་ལྟར། ལྕམ་སྐུ་མཆོག་གི་ཉེན་སེལ་སྲུང་སྐྱོབ་དང་བདེ་འཇགས་བཅས་ཀྱི་ཞུ་སྒོ་ཁག་འཐུས་ཚང་གནང་ངེས་ལ་ཐུགས་ཡིད་ཆེས་ཀྱི་ཡོད་སྐོར་བཀའ་སྩལ་འདུགལྷག་པར་མགོན་པོ་༸གང་ཉིད་མཆོག་གིས་ཨ་རི་དང་ཨ་རིའི་མང་ཚོགས་ཀྱིས་མང་གཙོའི་རང་དབང་དགའ་སྐྱིད་དཔལ་ལ་རོལ་བཞིན་པར་ཆེས་གུས་བརྩི་མཛད་ཀྱི་ཡོད་པ་དེ་ལྟར་ནའང་། རང་དབང་ཡོད་པ་དེ་འགན་འཁུར་བའི་ཐོག་ནས་ལོངས་སུ་སྤྱོད་དགོས་གལ་ཡིན་པ་དང་། འཚེ་བའི་དྲག་ཤུགས་ལ་བསྟེན་ཚེ་དུས་ནམ་ཡང་ཨ་རི་དང་རྒྱལ་ཁབ་གཞན་གང་ཞིག་གི་སྒྲིག་འཛུགས་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ལ་བཟང་ཕྱོགས་ཀྱི་ཞབས་འདེབས་བསྒྲུབ་པར་ཕན་ཐོགས་གང་ཡང་མེད་ཅེས་ཐུགས་བརྩེ་ཆེན་པོས་ལམ་སྟོན་མཛད་འདུག

གཉན་རིམས་ཕོག་མེད་ཚེ་ལྷ་ས་ནས་ཕྱིར་སྐྱོད་ཆོག་པ་བཟོས་འདུག

ཟླ་བ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་ནང་རྒྱ་རིགས་ལས་མི་ཚོས་རང་སར་ཕྱིར་ལོག་བཅུག་དགོས་པའི་ངོ་རྒོལ་སྐད་འབོད་བྱས་པའི་རྗེས། ཁུལ་དེའི་འགོ་དཔོན་རྣམས་ནས་བཀའ་རྒྱ་བཏང་དོན་ལྟར་རང་གནས་སུ་ལོག་མཁན་རྣམས་ཁུལ་དེ་ནས་ཕྱིར་སྐྱོད་ཆོག་མཆན་དེ་ཉིད་གཟའ་འཁོར་གཅིག་གི་སྔོན་ཚུད་ནས་ཞུ་དགོས་པ་དང་། ཁོང་རྣམ་པར་བརྟག་དཔྱད་ཁྲོད་ཆུ་ཚོད་ ༧༢ ནང་ཐེངས་གསུམ་བསྟུད་མར་ཏོག་དབྱིབས་ཀྱི་རིམས་ནད་ཕོག་མེད་ཚེ་བོད་ཀྱི་རྒྱལ་ས་ལྷ་ས་ནས་རང་གནས་སུ་ཕྱིར་ལོག་བྱེད་ཆོག་གི་ཡོད་པ་དང་འབྲེལ། བརྙན་པར་ནང་དེ་འབྲེལ་རྒྱ་རིགས་ལས་མི་གཙོས་ལྷ་ས་ཕྱི་སྡོད་ཀྱི་བོད་མི་རྣམས་ཀྱང་རང་གནས་སུ་སྐྱོད་བཞིན་ཡོད་པ་མངོན་རྒྱུ་འདུགརྒྱ་རིགས་ལས་མི་ཚོ་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ལས་རིགས་འཚོལ་བར་ཡོང་མཁན་རྣམས་ཡིན་པ་དང་། ད་ཆ་རྒྱ་ནག་གཞུང་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་ཐེམ་སྤང་བཀའ་རྒྱ་མུ་མཐུད་ཟླ་བ་གསུམ་ལྷག་བསྡམས་པར་ཁོང་རྣམས་ལ་ལས་ཀ་མེད་པ་མ་ཟད། དཔལ་འབྱོར་དང་འཚོ་བའི་གནས་སྟངས་ཁྲོད་དཀའ་ངལ་ཆེས་ཆེས་འཕྲད་སྟབས། ས་གནས་སྲིད་གཞུང་ལ་ངོ་རྒོལ་གྱིས་རང་གནས་སུ་ལོག་བཅུག་དགོས་པའི་དགོས་འདུན་བཏོན་པ་ཡོད་པ་རེད། སྤྱིར་དེ་སྔོན་རྒྱ་ནག་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་སྲིད་གཞུང་གིས་རིམས་ནད་ཀྱི་རྐྱེན་པས་འཚོ་བའི་ཁྲོད་དུ་དཀའ་ངལ་འཕྲད་བཞིན་པ་རྣམས་དང་། ནད་པ། དེ་བཞིན་ལས་མེད་སོགས་ཀྱི་ཐད་ལ་འཚོ་སྣོན་རོགས་དངུལ་སྤྲོད་རྒྱུའི་ཡོངས་ཁྱབ་བྱས་ཡོད་ཀྱང་། བོད་མི་ཁག་གཅིག་ལ་རོགས་དངུལ་མ་རག་པ་དང་། ཁ་ཤས་ལ་མ་འདང་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུགསྤྱི་ཚོགས་དྲ་ལམ་ཁག་ཏུ་བརྙན་པར་འགའ་མུ་མཐུད་ཕྱིར་འགྱར་འབྱུང་བཞིན་ཡོད་པ་ལྟར་བརྙན་པར་ཞིག་གི་ནང་དུ་ཟུར་བཀག་ཁང་ནང་ཡོད་པའི་ཁང་དམར་རྫོང་ནས་ཡིན་པའི་བོད་པའི་བུ་མོ་གཅིག་གིས་དེ་སྔ་རང་ཉིད་ནད་ཡམས་མ་ཁྱབ་གོང་དུ་མེ་ཏོག་གི་ཚོང་ལས་ལ་གཉེར་ཏེ་འཚོ་བ་སྐྱེལ་མཁན་ཞིག་ཡིན་པ་དང་། ད་ཆ་ནད་ཡམས་རྐྱེན་པས་རང་ཉིད་ཀྱི་འཚོ་བའི་ཁྲོད་དུ་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་པ་དེར་དགོངས་བཞེས་གནང་རོགས་ཞེས་འགྲེལ་བརྗོད་གནང་བ་མངོན་རྒྱུ་འདུགབརྙན་པར་གཞན་ཞིག་གི་ནང་རྒྱང་རྩེ་ནས་ཡིན་པའི་བོད་མི་གཅིག་གིས་ས་གནས་སྲིད་གཞུང་གི་བཀའ་རྒྱ་ལྟར་ཉིན་གྲངས་ ༧༠ ལྷག་གི་རིང་བོད་ཀྱི་རྒྱལ་ས་ལྷ་སའི་གཡས་གཡོན་གྱི་གྲོང་གསེབ་ཏུ་གུར་ཞིག་གི་ནང་སྡོད་བཞིན་ཡོད་པ་དང་། ཁ་བ་ཤུགས་ཆེར་འབབ་བཞིན་ཧ་ཅང་གྲང་ངར་ཆེ་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། བརྟག་དཔྱད་ཟིན་ཁག་ཚང་མ་ནད་དུག་དེ་མེད་པའི་གྲུབ་འབྲས་ཐོན་གྱི་འདུག་པས། ད་ཆ་རྒྱང་རྩེ་ལ་ལོག་བཅུག་རོགས་ཞེས་པར་ས་གནས་སྲིད་གཞུང་ལ་འབོད་སྐུལ་ཞུས་པ་མངོན་རྒྱུ་འདུག སྟོད་ལུང་བདེ་ཆེན་རྫོང་ནས་བརྙན་པར་ཅིག་ཕྱིར་འགྱར་བྱུང་བའི་ནང་ས་གནས་བོད་མི་རྣམས་ཉིན་གྲངས་ ༧༠ ལྷག་ཐེམ་སྤང་བཀའ་རྒྱའི་འོག་འཚོ་བའི་གནས་སྟངས་ཁྲོད་དཀའ་ངལ་འཕྲད་པའི་ཁར་ཟས་གོང་ཧ་ཅང་འཕར་བའི་རྐྱེན་གྱིས་དེ་འབྲེལ་དགོངས་བཞེས་གནང་རོགས་ཞུས་པར་ས་གནས་ཉེན་རྟོག་པས་གསན་འཇོག་གང་ཡང་མ་བྱས་པར་བོད་མི་ལྔ་འཛིན་ཟུང་བྱས་པ་མངོན་རྒྱུ་འདུགགཞན་ཡང་རྒྱ་ནག་ནང་གི་ཏོག་དབྱིབས་དང་འབྲེལ་བརྒྱུད་ལམ་ཁག་གི་ནང་དུ་ཧ་ཅང་སྤེལ་བཞིན་ཡོད་པའི་གནས་ཚུལ་གཞན་ཞིག་ལ་གཞིགས་ན། རྒྱ་ནག་གི་གྲོང་ཁྱེར་ Zhengzhou  ནང་དུ་རྟེན་གཞི་བྱས་པའི་ཀུ་ཤུ་རྟགས་ཅན་གྱི་བཟོ་ལས་ཁང་ Foxconn ཞེས་པའི་ནང་དུ་དེ་འབྲེལ་རྒྱ་རིགས་ལས་བྱེད་ཧ་ཅང་མང་པོ་རྒྱ་གཞུང་གིས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་འོག་ཟུར་བཀག་བྱས་ཡོད་པ་དང་། ཟུར་བཀག་དེའི་ནང་མཐུན་རྐྱེན་ཞན་པ་སོགས་ཀྱི་དཀའ་ངལ་བྱུང་རྐྱེན། དེ་འབྲེལ་ལས་བྱེད་རྣམས་སྲིད་བྱུས་དེར་གདོང་ལེན་གྱིས་བཟོ་ལས་ཁང་གི་ལྕགས་རའི་ཐོག་ནས་མཆོང་སྟེ། སྤྱི་ལེ་ ༡༠༠ ལྷག་གི་སར་ཡོད་པའི་རང་གནས་སུ་རྐང་ཐང་ལ་ལོག་བཞིན་ཡོད་པ་སོགས་མངོན་རྒྱུ་འདུག པར་དང་པོ། RFA

སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་མ་སུ་རི་བོད་ཁྱིམ་དང་ས་སྐྱ་མཐོ་སློབ་དབུ་བརྙེད་པའི་མཛད་སྒོར་ལྷན་ཞུགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ ༦༠ འཁོར་བ་དང་༸དཔལ་ས་སྐྱ་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་ལྷན་ཞུགས་གནང་འདུག ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་མ་སུ་རི་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོར་༸དཔལ་ས་སྐྱ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག  སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆེ་བསྟོད་སྐུ་མགྲོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག  དེ་བཞིན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག  ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། དམིགས་བསལ་སྐུ་མགྲོན་ཨུཏྟར་ཁནྜ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ Subhash Kumar ལགས་སོགས་ལྷན་ཞུགས་གནང་འདུགསྐབས་དེར་༸དཔལ་ས་སྐྱ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་ཐད་མཛད་འཕྲིན་རླབས་ཆེན་བསྐྱངས་ཁག་མངོན་གསལ་གནང་སྟེ་རྒྱ་གར་གཞུང་མང་གཉིས་ནས་བོད་མིར་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་བཀའ་དྲིན་ཆེན་པོ་ཡིན་སྐོར་དང་། ལྷག་པར་བོད་ཕྲུག་ཚོས་བོད་མིའི་ཆོས་རིག་ཉར་ཚགས་སླད་བོད་ཀྱི་སྐད་ཡིག་ལ་སློབ་གཉེར་གནང་དགོས་སྐོར་གྱི་བཀའ་སློབ་གནང་གྲུབ་མཚམས་མ་སུ་རི་བོད་ཁྱིམ་གྱི་དྲུག་ཅུའི་དུས་དེབ་དང་ཕྲེང་རིང་འཇིགས་མེད་སུམ་རྩེན་དབང་པོའི་སྐུ་ཚེའི་ལོ་རྒྱུས་དཔེ་དེབ་དབུ་འབྱེད་གནང་འདུགསྲིད་སྐྱོང་མཆོག་གིས་ལྷ་ལྕམ་ཕྲེང་རིང་རིན་ཆེན་སྒྲོལ་མ་མཆོག་གཙོས་བོད་མི་རྒན་བགྲེས་ཚོས་སྐུ་ལས་བསྐྱོན་ཏེ་མ་སུ་རི་བོད་ཁྱིམ་དང་ཤེས་ཡོན་གྱི་ལྟེ་གནས་ཁང་གསར་སྐྲུན་གནང་བར་ཞབས་འདེགས་རླབས་ཆེན་ཞུས་པ་ཐུགས་དྲན་གསོ་བ་དང་སྦྲགས་བོད་ཕྲུག་ཚོས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་ཤར་སྐྱོད་གནང་དགོས་པ་མ་ཟད་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བཞུགས་གནས་མ་སུ་རི་དང་ཉེ་འཁྲིས་སུ་ཡོད་པའི་ཆ་ནས་དུས་ནས་དུས་སུ་ལམ་སྟོན་ཞུ་དགོས་སྐོར་གྱི་གསུང་བཤད་གནང་འདུགགཞན་ཡང་ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ལྡེ་ར་ལྡུན་རཇ་སྤུར་དུ་ཆགས་པའི་༸དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་དང་བསླབ་པ་མཐར་སོན་གྱི་མཛད་སྒོ་ཞིག་ཚོགས་པའི་ཐོག་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འདས་པའི་ལོ་ལྔ་བཅུར་གཙོ་བོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལམ་སྟོན་དང་། དེ་བཞིན་མཁན་པོ་ཨ་པད་རིན་པོ་ཆེ་སོགས་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་༸དཔལ་ལྡན་ས་སྐྱ་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐོག་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཆགས་ཡོད་སྟབས་འབྲེལ་ཡོད་ཚང་མར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་སོགས་གསུང་བཤད་གནང་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་དང་བསྟན་བདག་བླ་ཆེན་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་རྒྱ་གར་ནང་བོད་བརྒྱུད་ནང་བསྟན་བསྐྱར་གསོ་ཐུབ་ཡོད་སྐོར་དང་ལྷག་པར་དུ་ད་ལྟའི་བོད་ནང་ཏོག་དབྱིབས་ནད་ཡམས་ལ་ཁ་གཡར་ནས་དམ་བསྒྲགས་དང་རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་གསུངས་འདུག་པར་མ་ཟད་བཙན་བྱོལ་ནང་གི་བོད་ཀྱི་དགོན་སྡེ་ཁག་ནི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བཙུན་རྣམས་ལ་སློབ་སྦྱོང་གི་མཐུན་རྐྱེན་སྦྱོར་སྤྲོད་གནང་མཁན་ཞིག་ཆགས་ཡོད་པ་རེད། སླད་མར་དེ་ལྟར་རྒྱུན་གནས་ཐུབ་ཐབས་སུ་ས་གནས་ཀྱི་མངའ་སྡེ་གཞུང་ནས་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་ཐུབ་པའི་རེ་བ་རྒྱག་གི་ཡོད་སྐོར་གསུངས་འདུག༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བཙན་བྱོལ་ནང་ཕེབས་པའི་སྐབས་དང་དེ་བཞིན་ཕྱི་ལོ་ ༡༩༧༢ ལོར་བཤད་གྲྭ་གསར་འཛུགས་སྐབས་སྐུ་ངལ་འཕྲད་ཁག་འགྲེལ་བརྗོད་ཀྱིས་རྒྱ་གར་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞེས་དང་། སློབ་གཉེར་བ་རྣམས་ནས་མུ་མཐུད་ཐོས་བསམ་སྒོམ་གྱི་སློབ་གཉེར་ལ་གཞོལ་གནད་ཡིན་པ་སོགས་བཀའ་སློབ་གནང་ཡོད།གཞན་ཡང་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་༸དཔལ་ས་སྐྱ་མཐོ་རིམ་སློབ་གྲྭ་ཆེན་མོ་རུ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་སླད་བརྟན་བཞུགས་བསྟར་འབུལ་གྱི་མཛད་ཞིག་སྒོ་ཚོགས་ཡོད་པ་དང་། སྲིད་སྐྱོང་མཆོག་དང་ཚོགས་གཙོ་མཆོག་རྣམ་གཉིས་དབུས་བཀའ་ཟུར་ཁག་གཅིག བོད་མི་མང་སྤྱི་འཐུས་ཁག་གཅིག རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས།  ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་སོགས་ལྷན་ཞུགས་གནང་ཡོད།  

སྦེལ་འཇམ་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་དེ་ཡུལ་དེའི་དགྲ་བོ་ཡིན་སྲིད་པར་འགྲེལ་བརྗོད་གནང་བ་ཕྱིར་འཐེན་གནང་མེད།

སྦེལ་འཇམ་གྱི་ཕྱི་སྲིད་བློན་ཆེན་གྱིས་ཉེ་སྔོན་དྲ་ཐོག་བཅར་འདྲིའི་ལས་རིམ་ཞིག་གི་ཁྲོད་རྒྱ་ནག་དེ་སྦེལ་འཇམ་གྱི་ Potential Enemy འམ་དགྲ་བོ་ཡིན་སྲིད་པའི་རང་བཞིན་སོགས་འགྲེལ་བརྗོད་གནང་བར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་འབྲེལ་ཏེ་གནད་དོན་དེའི་རྐྱེན་གྱིས་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ལ་དོ་ཕོག་འགྲོ་རྒྱུའི་ཉེན་བརྡ་ཇི་ཙམ་བཏང་མིན་ལ་མ་ལྟོས་པར་ཁོང་གིས་རྒྱ་ནག་ཐོག་གི་འགྲེལ་བརྗོད་དེ་དག་ཕྱིར་འཐེན་གནང་རྒྱུ་མིན་པར་གསུངས་འདུག ཁ་ཉིན་ EuropeanConservative ཞེས་པའི་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་ཉེ་སྔོན་ཟླ་བ་འདིའི་ཟླ་མགོར་སྦེལ་འཇམ་གྱི་ཕྱི་སྲིད་བློན་ཆེན་ Hadja Lahbib མཆོག་གིས་ De Tijd གསར་ཤོག་གི་དྲ་ཐོག་བཅར་འདྲིའི་ལས་རིམ་ཐོག་ཡུལ་དེའི་དཔལ་འབྱོར་གནས་བབ་དང་འབྲེལ་བའི་དྲི་བར་ལན་འདེབས་ཁྲོད་སྦེལ་འཇམ་གཞུང་གིས་འབྲེལ་ལམ་མགོ་རྙོག་ཡོད་པའི་རྒྱ་ནག་ཐོག་ཞིབ་འཇུག་ནན་པོ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་དེ་སྦེལ་འཇམ་གྱི་ཚོང་འབྲེལ་རྒྱལ་ཁབ་ཞིག་ཡིན་པ་དེ་ལྟར་ནའང་། དེ་མཚུངས་སུ་ཡུལ་དེའི་འགྲན་ཡུལ་དང་འགྲ་བོ་ཡང་ཡིན་སྲིད་པར་གསུངས་འདུག ཁོང་གིས་སྐབས་དེར་ད་དུང་ Jonathan Hotslag ཞེས་རྒྱལ་སྤྱིའི་ཆབ་སྲིད་སློབ་དཔོན་གྱི་སྙན་ཐོ་ཞིག་ལུང་འདྲེན་དང་སྦྲགས། རྒྱ་ནག་གི་ངོས་ནས་གྲུ་གཟིངས་རྣམས་དགོས་མཁོ་འབྱུང་ཚེ་དམག་གྲུར་བསྒྱུར་ཐུབ་པའི་བཟོ་བཀོད་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད། རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་ཡིག་འབྲེལ་གནང་བ་དེ་དག་ཁག་གཅིག་རྗེས་སུ་བརྒྱུད་ལམ་ཁག་ཏུ་ཕྱིར་འགྱར་བྱུང་བར་བཞིགས་ན། ཟླ་བ་འདིའི་ཚེས་ ༡༤ ཉིན་སྦེལ་འཇམ་ནང་གི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་དཔོན་རིགས་ཀྱིས་ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་ཁག་གཅིག་དང་མཇལ་འཕྲད་བྱས་ཡོད་པའི་ཁྲོད་རྒྱ་ནག་དཔོན་རིགས་ཀྱིས་སྦེལ་འཇམ་ཕྱི་སྲིད་བློན་ཆེན་གྱིས་དཀྲོག་གཏམ་སྤེལ་བར་ཉན་འཇོག་བྱེད་རྒྱུ་མེད་པར་མ་ཟད་ད་ལྟའི་ཆར་སྦེལ་འཇམ་གྱི་གྲུ་གཟིངས་གནས་བབས་བརྒྱུད་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་ཚོང་འབྲེལ་ཐོག་ནས་སྦེལ་འཇམ་གཞུང་ལ་ཁེ་ཕན་ཆེན་པོ་ཡོང་བཞིན་ཡོད་པ་ལྟར། དེ་ལྟ་བུའི་ཚོང་འབྲེལ་མུ་མཐུད་གནང་འདོད་ཡོད་ན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་གུས་བརྩི་ཞུ་དགོས་སྐོར་དང་འབྲེལ། ཉེ་སྔོན་དྲ་ཐོག་བཅར་འདྲིའི་ལས་རིམ་ཞིག་གི་ཁྲོད་རྙོག་གླེང་བྱུང་ཡོད་སྟབས་དྲ་ཐོག་ནས་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང་ལྕམ་ Hadja Lahbib ལགས་ཀྱིས་དེར་དང་ལེན་གནང་མེད་པ་རེད།

རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་བོད་མི་ལྔ་མཉམ་ཞུགས་གནང་རྒྱུ། 

རིང་མིན་ཕྱི་ཟླ་ ༡༡ ཕྱི་ཚེས་ ༦ ནས་ ༡༨ བར་ཉིན་གྲངས་ ༡༢ ཙམ་གྱི་རིང་ལ་ Egypt རྒྱལ་ཁབ་ཀྱི་གྲོང་ཁྱེར་ Sharm El Sheikh ནང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་ཉི་ཤུ་རྩ་བདུན་པ་འཚོགས་གཏན་ཁེལ་ཡོད་པ་ལྟར་ལྷན་ཚོགས་ཐོག་བོད་པའི་ཁོར་ཡུག་ཉམས་ཞིབ་པ་དང་ལས་འགུལ་བ་ལྔ་མཉམ་ཞུགས་གནང་སྟེ་བོད་མཐོ་སྒང་གི་ཁོར་ཡུག་དང་གནམ་གཤིས་གནས་སྟངས་ཀྱི་གལ་གནད་དང་། རྒྱ་ནག་གི་བཙན་འཛུལ་འོག་བོད་ཀྱི་ཁོར་ཡུག་ལ་གནོད་འཚེ་ཕོག་པའི་གནད་དོན་ཁག་གི་ཐོག་ཞུ་གཏུག་སོགས་གནང་རྒྱུ་རེད་འདུགདེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གནང་བ་དང་སྐབས་དེར་བློ་བཟང་དབྱངས་མཚོ་ལགས་ཀྱིས་བོད་ཀྱི་ཁོར་གནས་སྟངས་འདི་བོད་མི་ཙམ་མ་ཡིན་པར་བོད་ཀྱི་ཁོར་ཡུག་ལ་བརྟེན་ནས་འཚོ་བཞིན་པའི་རྒྱལ་སྤྱིའི་མི་སེར་ས་ཡ་ ༡༌༨ ལྷག་གི་བདེ་སྡུག་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེ་ཞིག་ཆགས་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་ཚོགས་འདུ་དེ་ལྟ་བུའི་ཐོག་བོད་མིའི་སྐུ་ཚབ་མཉམ་ཞུགས་གནང་རྒྱུ་དང་དགོངས་ཚུལ་ཞུ་རྒྱུ་སོགས་ཀྱི་ཐོག་མུ་མཐུད་དཀའ་ངལ་འཕྲད་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་བོད་མིའི་སྐུ་ཚབ་ཀྱི་ངོས་ནས་གཙོ་བོ་ལྷན་ཚོགས་ཐོག་བོད་ཀྱི་ཁོར་ཡུག་གནད་དོན་སྐོར་ལ་གཏམ་བཤད་དང་ཞུ་གཏུག་གང་མང་གནང་འཆར་ཡོད་པ་གསུངས་སོང་།  དེ་བཞིན་དོན་གྲུབ་དབང་མོ་ལགས་ཀྱིས་ཐེངས་འདིའི་ཞུ་གཏུག་ཁོངས་སུ་གཏན་འབེབས་བྱས་པའི་གནད་དོན་གཙོ་ཁག་ནི་བོད་མཐོ་སྒང་གི་གནམ་གཤིས་ཀྱི་གལ་གནད་དང་དེའི་ཤུགས་རྐྱེན། བོད་ཀྱི་ཁོར་ཡུག་གནས་སྟངས་ཐོག་ཚན་རིག་དང་མཐུན་པའི་ཞིབ་མཇུག་ཚད་ལྡན་དགོས་པ། རྒྱ་ནག་གཞུང་གིས་བོད་ནང་ལ་འཛིན་བཞིན་པའི་ཁོར་ཡུག་གི་སྲིད་བྱུས་དེ་དག་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ཁོ་ནར་དམིགས་པ་ཞིག་ཡིན་པ་སོགས་གསལ་བཤད་གནང་རྒྱུ་ཡིན་ཞེས་གསུངས་ཡོད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་དེ་སྔ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་གཉིས་ཐོག་མཉམ་ཞུགས་གནང་བའི་ཉམས་མྱོང་དང་འབྲེལ། བོད་ཀྱི་ཁོར་ཡུག་ཐོག་གཏམ་བཤད་གནང་རྒྱུ་དང་རྒྱལ་སྤྱིའི་འགོ་ཁྲིད་ཀྱི་ཚོགས་འདུ་ཐོག་མཉམ་ཞུགས་གནང་རྒྱུ་ཁག་པོ་ཡོད་ཀྱང་། ཚོགས་འདུ་དང་འབྲེལ་བའི་ལྷན་ཚོགས་གཞན་ཁག་གི་ཐོག་བོད་ཀྱི་ཁོར་ཡུལ་སྐོར་ལ་དྲི་བ་ཕུལ་རྒྱུ་བྱུང་བ་དང་དེ་ནི་གྲུབ་འབྲས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་སོགས་གསུངས་ཡོད།

དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་དང་འབྲེལ་བའི་གློག་བརྙན་ཁག་བཞི་གཟིགས་འབུལ་ཞུ་འཆར།

DIFF ཞེས་དྷརྨ་སཱ་ལཱའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༡ པ་རིང་མིན་ཕྱི་ཟླ་ ༡༡ ཕྱི་ཚེས་ ༣ ནས་ ༦ བར་ཁྱོན་ཉིན་གྲངས་བཞིའི་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་སྒར་དུ་འཚོགས་གཏན་ཁེལ་འདུགདུས་སྟོན་ཐོག་བོད་མིས་གཙོས་པའི་རྒྱལ་སྤྱིའི་གློག་བརྙན་སྒྱུ་རྩལ་ཐོག་ཕྱག་ལས་གནང་མཁན་འདྲ་མིན་གྱིས་བཟོ་བསྐྲུན་ཞུས་པའི་གློག་བརྙན་ ༨༠ གཟིགས་འབུལ་ཞུ་རྒྱུ་ཡིན་པ་དང་བོད་དང་འབྲེལ་བའི་གློག་བརྙན་ཁག་བཞི་གཟིགས་འབུལ་ཞུ་འཆར་འདུག དེ་རིང་དྷ་ཤོད་དུ་ཆགས་པའི་རྒྱ་གར་གྱི་གསར་འགོད་ཚོགས་ཁང་དུ་གློག་བརྙན་བཟོ་བསྐྲུན་པ་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་སྐུ་ཟླ་ Ritu Sarin ལགས་གཉིས་ཀྱིས་དྷརྨ་སཱ་ལཱའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་གནང་སྐབས་ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་མི་འདྲ་བ་ ༣༢ ཙམ་གྱི་སྒྱུ་རྩལ་བས་བཟོ་བསྐྲུན་ཞུས་པའི་གློག་བརྙན་ ༨༠ གཟིགས་འབུལ་ཞུ་འཆར་ཡོད་པ་དང་དེ་དག་ལས་གློག་བརྙན་ ༣༠ ཙམ་དུས་ཐུང་གློག་བརྙན་ཡིན་པ་སོགས་གསུངས་ཡོད།  སྐབས་དེར་གསར་འགོད་པས་བསྟན་འཛིན་བསོད་ནམས་ལགས་སུ་ཐེངས་འདིའི་དུས་སྟོན་ཐོག་སྒྱུ་རྩ་བ་གྲགས་ཅན་སུ་དང་སུ་ཕེབས་ཀྱི་ཡོད་པ་དང་ལྷག་པར་དུ་དུས་སྟོན་ཐོག་བོད་པའི་གློག་བརྙན་ཇི་ཡོད་སོགས་བཅར་འདྲི་ཞུས་པར་རྒྱ་གར་གྱི་གློག་བརྙན་བཟོ་བསྐྲུན་པ་གྲགས་ཅན་ Anurag Kashyap ལགས་དང་སྒྲུང་རྩོམ་དང་འཁྲབ་སྟོན་པ་ Varun Grover ལགས་གཙོས་སྒྱུ་རྩལ་བ་མཚན་སྙན་ཡོད་པ་མི་ཉུང་བ་ཞིག་ཕེབས་ཀྱི་ཡོད་པར་ངོ་སྤྲོད་གནང་སོང་བ་དང་ཆབས་ཅིག་བོད་དང་འབྲེལ་བ་ཡོད་པའི་གློག་བརྙན་ཐུགས་དམ་དང་། Dhulpa དེ་བཞིན་ཁྱེད་བོད་པ་ཡིན་ནམ་ཞེས་པའི་གློག་བརྙན་གཅིག་དང་དུས་ཐུང་གློག་བརྙན་གསུམ་ཡོད་པ་གསུངས་ཡོད། གཞི་རྩའི་ DIFF ཞེས་དྷརྨ་སཱ་ལཱའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གོ་སྒྲིག་པ་བོད་པའི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་སྐུ་ཟླ་ Ritu Sarin ལགས་རྣམ་གཉིས་ཀྱིས་གློག་བརྙན་དུས་སྟོན་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་ཁྲོད་རང་དབང་ཅན་གྱི་གློག་བརྙན་ཡོད་པ་རྣམས་དྷ་སའི་ས་གནས་མི་མང་རྣམས་ལ་གཟིགས་རྒྱུའི་གོ་སྐབས་སྐྲུན་ཆེད་ཡིན་པ་རེད། ལྷག་དོན་དུས་སྟོན་སྐབས་སུ་སྒྱུ་རྩལ་བ་དང་མི་མང་དབར་བསམ་ཚུལ་བརྗེ་ལེན་གནང་རྒྱུ་སོགས་ཀྱི་གོ་སྐབས་ཡང་སྐྲུན་བཞིན་ཡོད། ཁོང་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༡༢ ལོར་ཐོག་མར་དབུ་འཛུགས་གནང་ཡོད།

རེས་གཟའ་ཉི་མ། ༢༠༢༢།༡༠།༣༠

ཉན་པ།: Listen ཕབ་ལེན། Download བོད་དོན་ལས་འགུལ་དང་འཐབ་རྩོད་ཀྱི་གནས་བབ། Sunday 30/10/2022 In conversation with two long-time Tibet activists on recently concluded International Tibet Network’s Asia regional meeting, Tibetan activism in Japan and Taiwan, working with other persecuted minorities and the future of Tibetan activism.

རེས་གཟའ་སྤེན་པ། ༢༠༢༢།༡༠།༢༩

ཉན་པ།: Listen ཕབ་ལེན། Download བོད་ནང་གི་བཅའ་སྡོད་སློབ་གྲྭ་དང་མི་སེར་སྤེལ་བའི་ཤེས་ཡོན་སློབ་གསོའི་སྲིད་བྱུས་སྐོར་གླེང་མོལ། Saturday 29/10/2022 China’s colonial boarding schools in Tibet: In conversation with Dr. Gyal Lo

Latest news