Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2022

རེས་གཟའ་མིག་དམར། ༢༠༢༢།༡༢།༢༧

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཆོས་བརྒྱུད་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་དགོས་གལ་ཡིན་པར་ལམ་སྟོན་བསྩལ། གཞིས་ཀ་རྩེ་ནས་བོད་མི་གསུམ་འཛིན་བཟུང་། བཞུགས་སྒར་དུ་སྙིང་ནད་བརྟག་དཔྱད་ཀྱི་རིན་མེད་སྨན་སྒར། རྒྱ་ནག་གིས་ཐེ་ཝན་ཕྱོགས་སུ་གནམ་གྲུ་༧༠ ལྷག་བཏང་སྟེ་ཐེ་ཝན་དང་ཨ་རི་གཉིས་ལ་ཉེན་བརྡ་བཏང་བ། རྡོ་རྗེ་གདན་མཆོད་རྟེན་ངོ་སྤྲོད། Tuesday 27/12/2022 Dalai Lama inaugurated Pali and Sanskrit Bikkhu exchange Program, calls for religious harmony Three Tibetans from Shigatse arrested for allegedly trying to escape to India Two days Free Cardiac Camp kicks off at Delek Hospital China sent over 70 military aircraft near Taiwan as warning to US Introduction to Mahabodhi Stupa      

༸གོང་ས་མཆོག་གིས་ཆོས་བརྒྱུད་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་གནང་དགོས་པར་བཀའ་སྩལ་བ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་རྡོར་གདན་དུ་རྟེན་གཞི་བྱས་པའི་ཝཱ་ཊ་པཱ་དགོན་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལོ་ལྔའི་ལས་འཆར་ཞིག་དབུ་འབྱེད་བཀའ་དྲིན་བསྐྱངས་སོང་།གཞན་ཡང་དབུ་འབྱེད་མཛད་སྒོའི་ཐོག་འཁོན་རིགས་བསྟན་པའི་གསལ་བྱེད་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ཞྭ་སེར་བསྟན་པའི་མངའ་བདག་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག པཱ་ལིའི་ཆོས་བརྒྱུད་འཛིན་པའི་གནས་བརྟན་སྡེ་པའི་བླ་མ་ཁག་ཅིག ཤར་པ་ཆོས་རྗེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག ཇོ་ནང་རྒྱལ་ཚབ་མཁན་སྤྲུལ་རྡེ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག བཀའ་བློ་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་གནད་ཡོད་སྐུ་མགྲོན་སོགས་ཕེབས་ཞུགས་གནང་ཡོད།སྐབས་དེར་༸གོང་ས་མཆོག་གིས་ཆོས་རྒྱུ་མཚན་དུ་བྱས་ཏེ་ནང་ཚུན་དབར་མི་མཐུན་པའི་རྐྱེན་ཆགས་པ་དེ་ཧ་ཅང་བློ་ཕམ་གྱི་གནས་ཡིན་པར་བཀའ་སྩལ་བ་དང་འབྲེལ། རྣམ་ཀུན་ནས་ཆོས་བརྒྱུད་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་གནང་དགོས་གལ་ཡིན་པར་བཀའ་སྩལ་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་༸སྐུ་ན་གཞོན་ནུའི་སྐབས་ནས་ཡབ་ཡུམ་རྣམ་གཉིས་དབར་ཕྲན་བུ་མི་མཐུན་པའི་གནས་སྟངས་བྱུང་སྐབས་ཐུགས་མི་བདེ་བ་བྱུང་གི་ཡོད་ཅེས་བཀའ་སྩལ་བ་དང་སྦྲགས། ཆོས་ཀྱི་དགོས་དོན་གཙོ་བོ་ནི་འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་ཡོང་རྒྱུ་དེ་ཡིན་ཀྱང་། སྐབས་འགར་ཆོས་ལུགས་ཀྱི་ཐོག་ནས་མི་མཐུན་པའི་གནས་སྟངས་ཡོང་གི་ཡོད་པ་དེ་ནི་ཧ་ཅང་བློ་ཕམ་གྱི་གནས་ཡིན་པར་བཀའ་སྩལ་ཡོད།པཱ་ལི་དང་ལེགས་སྦྱར་ཆོས་ལུགས་འཛིན་མཁན་དབར་འོ་ཆུ་གཅིག་འདྲེས་ལྟ་བུའི་སྒོ་ནས་འཛམ་གླིང་ཞི་བདེ་སླད་ནུས་པ་མཉམ་སྤུངས་གནང་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།དེ་རིང་གི་ལྷན་ཚོགས་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷོ་ཤར་ཨེ་ཤ་ཡའི་ལས་ཁུངས་གཙོས་སིངྒ་པུར་བོད་ཀྱི་རིག་གཞུང་ཚོགས་པ། དགའ་ལྡན་ཁྲི་ཐོག་ཁང་། དེ་བཞིན་རྡོར་གདན་ཐེ་ལན་ཌི་ཝཱ་ཊ་པཱ་དགོན་པ་བཅས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ལྷན་ཚོགས་ཀྱི་དགོས་དམིགས་གཙོ་བོ་ནི། འཕགས་པ་གནས་བརྟན་སྡེ་པ་དང་༸དཔལ་ནཱ་ལནྡཱའི་ཆོས་བརྒྱུད་འཛིན་པའི་དགེ་འདུན་པའི་དབར་བགྲོ་གླེང་གི་ལམ་ནས་ཕན་ཚུན་གོ་རྟོགས་སྤེལ་རེས་དང་འབྲེལ་ལམ་སྲ་བརྟན་ཡོང་ཕྱིར་ཡིན་པ་རེད།ཐེངས་འདིའི་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་བགྲོ་གླེང་འདི་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་ཚོགས་ཀྱི་ཡོད་པ་རེད་འདུག  

གཞིས་ཀ་རྩེ་ནས་བོད་མི་གསུམ་འཛིན་བཟུང་།

རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོངས་ལྗོངས་ཁུལ་གྱི་གཞིས་ཀ་རྩེ་ནས་ཡིན་པའི་གཞོན་སྐྱེས་གསུམ་རྒྱ་གར་དུ་འབྲོས་རྩིས་བྱེད་ཀྱི་འདུག་ཟེར་བའི་ཉེས་མིང་འོག་ས་གནས་རྒྱ་ནག་གཞུང་གི་དམག་མིས་འཛིན་བཟུང་བྱས་ཏེ་ད་ཆ་ཉིན་གྲངས་ ༡༥ ལྷག་འགྲོ་བཞིན་འདུགའདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་དོན་ལྟར། ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡༨ ཉིན་གཞིས་ཀ་རྩེ་ནས་ཡིན་པའི་བོད་པའི་གཞོན་སྐྱེས་གསུམ་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་དང་ས་ཐག་ཉེ་བའི་མི་ལའི་སྲས་མཁར་མཇལ་དུ་སོང་ཡོད་པ་དང་། སྐབས་དེར་ལམ་བར་དུ་སེང་གེ་ཁ་འབབ་དམག་མིས་འཛིན་བཟུང་བྱས་ཏེ་ཁོང་རྣམས་རྒྱ་གར་ལ་འབྲོས་རྩིས་བྱེད་ཀྱི་འདུག་ཟེར་བའི་ཉེས་མིང་འོག་ད་ལྟའི་ཆར་གཞིས་ཀ་རྩེའི་རྒྱལ་མཚམས་དོ་དམ་སྲུང་སྐྱོབ་ལས་ཁུངས་ཟེར་བ་ཞིག་ཏུ་བཀག་ཉར་བྱེད་བཞིན་ཡོད་པ་གསུངས་སོང་། མ་ཟད་ད་ལྟའི་ཆར་ཁོང་རྣམ་པ་འཛིན་བཟུང་བཀག་ཉར་བྱས་ནས་ཉིན་གྲངས་ ༡༥ ལྷག་འགྲོ་བཞིན་ཡོད་ཀྱང་། ཁོང་རྣམ་པའི་གནས་སྟངས་གང་འདྲ་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག གཞི་རྩིའི་རྒྱ་གར་ལ་འབྲོས་རྩིས་བྱེད་ཀྱི་འདུག་ཟེར་བའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་བོད་མི་གསུམ་པོ་ནི་ལོ་ན་ ༤༠ ཡས་མེད་ཙམ་ཡིན་པ་དང་། ཁོང་གསུམ་པོ་ནི་དགྲ་འདུལ་ལགས་དང་བསོད་ནམས་རྒྱ་མཚོ་ལགས། དེ་བཞིན་མགོན་སྐྱབས་ལགས་བཅས་ཡིན་འདུག པར་དབང་བོད་ཀྱི་དུས་བབ།

རེས་གཟའ་ཟླ་བ། ༢༠༢༢།༡༢།༢༦

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཝིཏ་ནམ་དང་ཨི་ཊ་ལིའི་དད་ལྡན་ཆོས་ཞུ་བ་ཚོར་བཀའ་སློབ་སྩལ་བ། བོད་མི་ཞིག་གིས་རྒྱ་ནག་གི་ཁྱིམ་སྡོད་བཀའ་རྒྱར་མ་བཟོད་པར་ངོ་རྒོལ་གྱིས་རང་སྲོག་བློས་བཏང་བ། རྒྱ་གར་དབུས་གཞུང་གི་བློན་ཆེན་དང་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་སྐུལ་གནང་བཞིན་པ། གཉན་རིམས་ཁྱབ་གདལ་མི་འགྲོ་བར་མུ་མཐུད་སྔོན་འགོག་གི་ཐབས་ལམ་བསྟེན་དགོས། སྲིད་སྐྱོང་མཆོག་གིས་བོད་རིགས་སློབ་མ་ཚོར་མཇལ་འཕྲད་ཀྱིས་གསུང་བཤད་གནང་འདུག Monday 26/12/2022 Dalai Lama speaks to Vietnamese and Italian devotees at Kalachakra ground Tibetan man takes own life to protest unbearable lockdown in Tibet TPiE Delegation advocates for Tibet to Indian Ministers and Parliamentarians, Delhi Tibetans advised to take necessary Covid precautions amid increasing cases in India Sikyong meets with Students of Winter Cultural Immersion Program    

༸གོང་ས་མཆོག་གིས་ཝིཏ་ནམ་དང་ཨི་ཊ་ལིའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་ལ་བཀའ་སློབ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བི་ཧར་མངའ་སྡེའི་ནང་ཆགས་པའི་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་པ་དང་བསྟུན། དེ་རིང་མགོན་པོ་༸གང་ཉིད་མཆོག་གིས་ཁུལ་དེར་ཕེབས་པའི་ཝིཏ་ནམ་དང་ཨི་ཊ་ལིའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་ལ་བཀའ་སློབ་བཀའ་དྲིན་སྩལ་འདུགདེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་གསུང་ཆོས་ར་བའི་ནང་ཝིཏ་ནམ་དང་ཨི་ཊ་ལི་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ ༦༠༠ ལྷག་ལ་དམིགས་བསལ་མཇལ་ཁ་དང་སྦྲགས། གནས་མཆོག་རྡོ་རྗེ་གདན་འདི་ནི་བདག་ཅག་གྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྗོགས་པ་སངས་རྒྱས་སའི་གནས་ཆེན་ཁྱད་པར་ཅན་ཞིག་ཡིན་པ་སོགས་བཀའ་འདྲེན་དང་སྦྲགས། སྟོན་པའི་རྗེས་འབྲང་པ་རྣམས་ནས་སངས་རྒྱས་ཀྱི་ཆོས་ལ་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།མ་ཟད་མགོན་པོ་༸གང་ཉིད་མཆོག་གིས་ཉིན་ལྟར་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་བཞེས་མཛད་ཀྱི་ཡོད་པ་དེས་ཐུགས་ལ་འགྱུར་བ་ངེས་ཅན་ཞིག་ཡོང་གི་ཡོད་པ་སོགས་བཀའ་སྩལ་མཛད་ཡོད། ལྷག་པར་དུ་༸གོང་ས་མཆོག་གིས་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་ནི་སེམས་པ་བཟང་པོ་བྱ་རྒྱུ་དང་། གཞན་ཕན་སྒྲུབ་རྒྱུ་དེ་ཡིན་པ་གཅིག་མཚུངས་ཡིན་སྟབས། རྟག་ཏུ་ཆོས་ལུགས་ཚང་མར་གུས་ཞབས་མཛད་ཀྱི་ཡོད་པ་སོགས་བཀའ་སྩལ་མཛད་འདུགམཛད་འཆར་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཕྱི་ཚེས་ ༢༧ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་Watpa Temple ཞེས་ཐེ་ལན་ཌི་ནང་པའི་དགོན་པར་ཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ལ་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་དང་འབྲེལ་བའི་དམ་ཆོས་འདུལ་བའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་ཀྱི་ཡོད་པ་རེད། པར་དབང་དགའ་ལྡན་ཕོ་བྲང་།

བོད་མི་ཞིག་གིས་རྒྱ་ནག་གི་ཁྱིམ་སྡོད་བཀའ་རྒྱ་མ་བཟོད་པར་ངོ་རྒོལ་གྱིས་རང་སྲོག་བློས་བཏང་གནང་འདུག

རྒྱ་ནག་གཞུང་ནས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལག་བསྟར་གྱིས་ས་གནས་མི་མང་སྟོང་ཕྲག་མང་པོ་ཁྱིམ་སྡོད་བཀའ་རྒྱའི་དམ་དྲག་འོག་གནས་དགོས་བྱུང་ཡོད་པ་དང་འབྲེལ། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ཆུ་དམར་ལེབ་རྫོང་ནས་ཡིན་པའི་བོད་མི་ཞིག་ཁྱིམ་སྡོད་བཀའ་རྒྱའི་དམ་དྲག་ལ་མ་བཟོད་པར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་གནང་འདུག འདི་ག་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་རང་ལོ་ ༥༠ ཡིན་པའི་མཚན་ལ་སྐར་རྣམ་ཞེས་པ་ཞིག་གིས། རྒྱ་ནག་གཞུང་གིས་ས་གནས་སུ་ཁྱིམ་སྡོད་བཀའ་རྒྱ་བསྡམས་ཏེ་ནང་མི་ཚོར་བཟའ་ཆས་མ་རག་པ་སོགས་ཀྱི་དཀའ་ངལ་འཕྲད་སྐབས། ས་གནས་གཞུང་གི་འབྲེལ་ཡོད་མགོ་ཁྲིད་ཚོར་དཀའ་ངལ་དེ་དག་ལེན་མང་ཞུ་སྐུལ་གནང་ཡོད་ཀྱང་ཡ་ལན་གང་ཡང་མ་བྱས་པར་བརྟེན། ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་གྱི་མཚན་མོར་ཁོང་འུ་ཐུག་ཐབས་ཟད་ཀྱིས་ཆུ་དམར་ལེབ་རྫོང་རྩེད་ཐང་གི་གློག་སྒྲོན་ངོས་སུ་སྐེ་བཏགས་ཏེ་རང་སྲོག་བཅད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཞོགས་པ་ས་གནས་ཉེན་རྟོག་པས་གནས་ཚུལ་ཤེས་རྟོགས་བྱུང་མ་ཐག་དམ་པ་ཁོང་གི་ཕུང་པོ་བཙན་འཁྱེར་བྱས་ནས་ནང་མི་ཚོར་སྤྲད་མེད་པ་མ་ཟད། ནང་མིས་གཙོས་པའི་ཁྱིམ་མཚེས་རྣམས་ནས་གནས་ཚུལ་དེའི་སྐོར་གཞན་ལ་བཤད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག གཞི་རྩའི་སྐར་རྣམ་ལགས་ནི་ཆུ་དམར་ལེབ་རྫོང་རྫ་སྐྱ་སྡེ་བ་ནས་ཡིན་པ་དང་། ཁོང་གི་བཟའ་ཟླ་ནི་ད་ཆ་རང་ལོ་ ༤༠ ཙམ་དང་། ཁོང་གཉིས་ལ་རང་ལོ་ ༢༠ ཙམ་ཡིན་པའི་བུ་ཕྲུག་གཉིས་དང་། ལོ་ན་༨༠ ལྷག་ཡིན་པའི་ཨ་ཕ་ཞིག་ཡོད་འདུག པར་དབང་བོད་ཀྱི་དུས་བབ།

རྒྱ་གར་དབུས་གཞུང་གི་བློན་ཆེན་དང་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་གནང་བཞིན་འདུག

ཟླ་བ་འདིའི་ཕྱི་ཚེས་ ༧ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་དགུན་དུས་ཀྱི་གྲོས་ཚོགས་འཚོགས་བཞིན་པའི་དུས་སྐབས་དང་བསྟུན། བོད་མི་མང་སྤྱི་འཐུས་རྒྱུན་ལས་དྲུག་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་དང་ལྷན་དུ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་འདུགཉེ་ཆར་ཕྱི་ཚེས་ ༢༢ ཉིན་དབུ་འཛུགས་གནང་པའི་བོད་དོན་ཞུ་སྐུལ་གྱི་ལས་རིམ་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་དང་པོའི་ནང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས འཕགས་བོད་འབྲེལ་མཐུད་ཚོགས་པའི་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་བཅས་དང་། སྐུ་ཚབ་ཚོགས་ཆུང་གཉིས་པའི་ནང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་གསལ་སྒྲོན་ལགས་བཅས་ལྷན་ཞུགས་གནང་འདུགསྐུ་ཚབ་རྣམ་པས་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་གྲོས་ཚོགས་གོང་འོག་གཉིས་ཀྱིས་འཐུས་མི་གཙོས་པའི་གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། དབྱིན་སྐད་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དཔེ། དེ་བཞིན་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་པའི་ཕྱག་དེབ་གཅིག་བཅས་ཕུལ་པ་མ་ཟད། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་གཏན་འབེབས་གནང་བའི་བོད་དོན་དང་འབྲེལ་བའི་དོན་ཚན་བཞིའི་ཐོག་ཞུ་སྐུལ་གནང་འདུགའདི་ག་རླུང་འཕྲིན་ཁང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གཉིས་པའི་ནང་ཡོད་པའི་སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་སྐབས་ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་ཙམ་མ་ཟད་རྒྱ་གར་གྱི་ས་མཚམས་ཁུལ་དུ་དཀའ་ངལ་བཟོས་དང་བཟོ་བཞིན་པའི་གནད་དོན་དེས་རྒྱ་གར་གྱི་བདེ་འཇགས་ལ་མུ་མཐུད་དཀའ་ངལ་འབྱུང་བཞིན་ཡོད་པར་བརྟེན། བོད་ཀྱི་གནད་དོན་དེ་ཛ་དྲག་ཅིག་ལ་ངོས་འཛིན་གྱིས་གནད་དོན་དེ་དག་ལ་དོ་སྣང་མང་ཙམ་གནང་དགོས་གལ་དང་།བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་འགོ་ཁྲིད་དབར་གྲོས་མོལ་སླར་གསོ་ཐུབ་རྒྱུར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་གལ་སོགས་བོད་དོན་དང་འབྲེལ་བའི་དོན་ཚན་བཞིའི་ཐོག་ཞུ་སྐུལ་གནང་བར་འགྲེལ་བརྗོད་གནང་སོང་།དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་པོ་ནང་ཡོད་པའི་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་སུ་བཀའ་འདྲི་ཞུས་སྐབས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གཏན་འབེབས་གནང་བའི་བོད་དོན་དང་འབྲེལ་བའི་དོན་ཚན་བཞི་དང་། དེ་མིན་འདི་ཚེས་ ༢༤ ཉིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Shri Sujeet Kumar མཆོག་དང་ལྷན་དུ་མཇལ་འཕྲད་སྐབས། བོད་མིའི་དགུན་ཚོང་བའི་ས་ཆའི་དཀའ་ངལ་དང་། ས་གནས་ཀྱི་གནས་བབ་སོགས་ལ་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུག་པ་དང་། སྐབས་དེར་སྐུ་ཞབས་ཁོང་གིས་གནད་དོན་དེ་ཚོའི་ཐོག་གང་ཐུབ་གནང་འཆར་ཡོད་པ་མ་ཟད། ལོ་རྗེས་མའི་ཕྱི་ཟླ་ ༣ པའི་ནང་རྒྱ་གར་གྲོས་ཚོགས་འཐུས་མི་གང་མང་གདན་ཞུས་གནང་སྟེ། བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཞིག་ཀྱང་འཚོགས་འཆར་ཡོད་པ་གསུངས་འདུག ལྷག་པར་དུ་སྐུ་ཚབ་རྣམས་ནས་ཕྱི་ལོ་ ༢༠༠༩ ནས་བཟུང་གཞིས་ལུས་བོད་མི་གྲངས་ ༡༥༧ ཙམ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་སྐོར་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནད་དོན་སོགས་གླེང་སློང་གནང་བ་སོགས་འགྲེལ་བརྗོད་གནང་སོང་།གཞི་རྩའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་དེ་རིང་བར་རྒྱ་གར་གྱི་བློན་ཆེན་གཙོས་པའི་གྲོས་ཚོགས་འཐུས་མི་ ༣༠ ལྷག་མཇལ་འཕྲད་གནང་ཡོད་པ་དང་འབྲེལ། འདི་ཚེས་ ༢༨ བར་བོད་མི་མང་སྤྱི་འཐུས་སྐུ་ཚབ་རྣམ་པས་བོད་དོན་ཞུ་སྐུལ་གྱི་ལས་དོན་མུ་མཐུད་གནང་རྒྱུ་ཡིན་པ་རེད། པར་དབང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་ཚིགས།

རེས་གཟའ་ཉི་མ། ༢༠༢༢།༡༢།༢༥

ཉན་པ།: Listen ཕབ་ལེན། Download བོད་དང་ཧི་མཱ་ལ་ཡ། འཇམ་དབྱངས་སློབ་གྲྭ་ཆེད་འཛུགས་གནང་མཁན་དགེ་བཤེས་ཐུབ་བསྟན་ཕུན་ཚོགས། Sunday 25/12/2022 Tibet and the Himalayas: Up-close with Padma Shree Geshe Thupten Phuntsok    

རེས་གཟའ་སྤེན་པ། ༢༠༢༢།༡༢།༢༤

ཉན་པ།: Listen ཕབ་ལེན། Download བློ་གསར་གཞོན་ནུ། སྲིད་སྐྱོང་མཆོག་དང་གཞོན་སྐྱེས་དབར་གླེང་མོལ། Saturday 24/12/2022 Young Minds: Townhall with Sikyong Penpa Tsering    

Latest news