Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2022

༸གོང་ས་མཆོག་གིས་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བ་ནི་འགྲོ་བ་མིའི་གཞི་རྩའི་རིན་ཐང་ཡིན་བཀའ་སྩལ་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ Salwan Education Trust སལ་ཝན་ཤེས་ཡོན་ཐེབས་རྩའི་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན།   དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་སུ་ཆགས་པའི་ཧ་རི་ཡ་ན་མངའ་སྡེའི་གུ་རུ་ག་རམ་གྱི་  Salwan སློབ་གྲྭའི་ནང་ལྡི་ལི་དང་རྒྱལ་སའི་ཉེ་འཁོར་ NCR ཁུལ་གྱི་སློབ་གྲྭ་གྲངས་ ༦༡ གྱི་སློབ་ཕྲུག་དང་དགེ་ལས་ཕ་མ་བཅས་མི་གྲངས་ ༥༠༠༠ བརྒལ་བར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་བཀའ་སློབ་ལམ་སྟོན་སྩལ་སོང་།སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་ཡོད་པའི་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་རིག་གཞུང་དེ་ནི་འགྲོ་བ་མིའི་གཞི་རྩའི་རིན་ཐང་ཡིན་པར་ཐུགས་དགོངས་མཛད་ཀྱི་ཡོད་སྐོར་བཀའ་བསྩལ་དང་སྦྲགས།   མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་སེམས་ཅན་གཞན་རྣམས་ཕ་མའི་བྱམས་སྐྱོང་འོག་འཚར་ལོངས་བྱེད་ཀྱི་ཡོད་པར་མི་དང་གཅིག་མཚུངས་ཡིན་ན་ཡང་། མིའི་རིགས་ལ་བསམ་བློ་གཏོང་བའི་རྣམ་སྤྱོད་དེ་ཡོད་སྟབས།  ང་ཚོས་ངེས་པར་དུ་མི་རིགས་དང་རིགས་རུས་སོགས་ཀྱི་དབྱེ་བ་མེད་པར་འགྲོ་བ་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་དེ་ཡོད་དགོས་གལ་དང་།   ལྷག་པར་དུ་འདས་པའི་དུས་རབས་ནང་མི་གསོད་ཁྲག་སྦྱོར་ཚད་མེད་བྱུང་ཡོད་པ་དེ་དག་དུས་ཚོད་ཡོལ་བའི་བསམ་བློ་ཞིག་དང་། དེང་གི་ཆར་ང་ཚོ་ཚང་མས་འཛམ་བུ་གླིང་འདི་ཞི་བདེ་ལྡན་པའི་མིའི་སྤྱི་ཚོགས་ཤིག་ཡོང་ཐབས་ཀྱི་འབད་བརྩོན་གནང་དགོས་གལ་སོགས་ཀྱི་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་།མགོན་པོ་༸གང་ཉིན་མཆོག་གིས་ད་དུང་།   རྒྱ་ནག་དང་རྒྱ་གར་གཉིས་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་པ་དང་འབྲེལ།   ཉེ་བའི་ལོ་བཅུ་ཕྲག་འགའ་ཤས་ནང་རྒྱ་ནག་ཏུ་བརྟན་ལྷིང་མེད་པའི་གནས་སྟངས་མང་པོ་ཞིག་བྱུང་ཡོད་པ་དེ་ལྟར་ཡང་། རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཞིག་དང་།   ལྷག་པར་དུ་ཆོས་དད་རང་དབང་དང་ཆོས་ལུགས་རིས་མེད་ལ་གུས་བཀུར་ཞུ་མཁན་གྱི་རྒྱལ་ཁབ་ཞིག་ཡིན་སྐོར་བཀའ་སྩལ་དང་སྦྲགས།   མང་གཙོ་དང་ཆོས་ལུགས་ཚང་མར་གུས་བརྩི་ཞུ་བ་དེ་རྒྱ་གར་གྱི་སྤོབས་པ་བྱ་འོས་པའི་རིག་གཞུང་བཟང་པོ་ཞིག་ཡིན་སྟབས།    རྒྱ་གར་བ་ན་གཞོན་ཚོས་རིག་གཞུང་དེ་བདག་གཅེས་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་ལམ་སྟོན་བཀྲིན་སྩལ་གནང་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གྲུབ་མཚམས་སུ་མགོན་པོ་༸གང་ཉིད་མཆོག་ནས་སློབ་ཕྲུག་རྣམས་ཀྱིས་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་གནང་ཡོད་པ་མ་ཟད།    Salwan ཤེས་ཡོན་ཐེབས་རྩའི་ཚོགས་གཙོ་སྐུ་ཞབས་ Sushil Dutt Salwan ལགས་ཀྱིས་ཐེབས་རྩའི་ངོས་ནས་སློབ་ཕྲུག་ཚོར་རྒྱུན་ལྡན་ནས་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་ཤེས་ཡོན་གྱི་སློབ་གསོ་སྤེལ་ཐབས་གནང་གི་ཡོད་པ་སོགས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་ཡོད་པ་མ་ཟད།   ཕྱི་ལོ་ ༡༩༩༧ དང་ ༢༠༡༧  ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་  Rajender Nagar སློབ་གྲྭར་ཞབས་སོར་འཁོད་གནང་མཛད་ཡོད་པ་དང་འབྲེལ་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་པ་དེས་སློབ་ཕྲུག་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གསུངས་བ་དང་ཆབས་ཅིག  ཐེངས་འདིར་སླར་ཡང་གསོལ་འདེབས་ཞུས་པ་བཞིན་མགོན་པོ་༸གང་ཉིད་མཆོག་འདི་གར་ཞབས་སོར་འཁོད་དེ་ལམ་སྟོན་གནང་བར་བཀྲིན་ཆེ་ཞུ་དང་།   ལྷག་པར་དུ་ཁོང་གིས་ Salwan ཤེས་ཡོན་ཐེབས་རྩའི་ངོས་ནས་ཚོགས་པ་དེའི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་གི་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་ཤེས་ཡོན་ལྟེ་གནས་ཁག་གི་མཚན་བྱང་ལ་ཏཱ་ལའི་བླ་མའི་ཤེས་ཡོན་ལྟེ་གནས་ཞེས་འཇོག་རྒྱུ་ཡིན་པ་ཁས་ལེན་ཞུས་སོང་།གཞི་རྩའི་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་སྐབས་སློབ་གྲྭ་དེའི་གཡས་གཡོན་དུ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་རྒྱལ་སྒོ་དང་།   དར་ཚོན་སྣ་ལྔ།    དེ་བཞིན་སློབ་ཕྲུག་ཚོས་༸གོང་ས་མཆོག་གི་༸སྐུ་པར་དང་ནང་བསྟན་གྱི་རི་མོའི་འགྲེམས་སྟོན་སོགས་གོ་སྒྲིག་ཞུས་འདུག་པ་མ་ཟད།    སྐབས་དེར་འདུ་འཛོམས་བྱུང་བའི་སློབ་ཕྲུག་ཚོས་མགོན་པོ་༸གང་ཉིད་མཆོག་ཞལ་མཇལ་བྱུང་བ་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་དང་།   སློབ་ཕྲུག་ཁག་གཅིག་གིས་དེ་རིང་༸གོང་ས་མཆོག་གིས་༸སྐུའི་མདུན་ནས་སློབ་གསོ་དང་ལམ་སྟོན་ཧ་ཅང་གལ་འགངས་ཆེན་པོ་ཐོབ་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།རྩ་བའི་བོད་མིའི་བླ་ན་མེད་པའི་དབུ་ཁྲི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་ ༡༩ ཉིན་ལྡི་ལིར་ཞབས་སོར་འཁོད་གནང་མཛད་ཡོད་པ་དང་།   སང་ཉིན་མགོན་པོ་༸གང་ཉིད་མཆོག་མཛད་ཆར་སྔོན་སྒྲིག་ལྟར་རྒྱ་གར་གྱི་བི་ཧར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་ཞལ་བསྒྱུར་གནང་གནང་མཛད་ཀྱི་ཡོད་པ་རེད།

རྒྱ་ནག་གིས་བདམ་པའི་༸རྒྱལ་བའི་ཡང་སྲིད་ལ་ཧི་མཱ་ལ་ཡའི་མང་ཚོགས་ནས་ནམ་ཡང་ངོས་ལེན་བྱེད་ཀྱི་མ་རེད་ཅེས་གསུངས་འདུག

ཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ Indian Himalayan Council of Nalanda Buddhist Tradition འམ་རྒྱ་གར་ཧི་མཱ་ལ་ཡའི་དཔལ་ནཱ་ལནྜཱའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ལོ་འཁོར་གཞུང་འཛིན་ལྷན་ཚོགས་ཐོག༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་གྲོས་ཆོད་ཆེས་ཐོག་མ་དེ་འཇོག་ཡོད་པ་དང་། དེའི་ནང་དུ། མ་འོངས་པར་རྒྱ་ནག་གིས་བདམ་པའི་༸རྒྱལ་བའི་༸སྐུའི་ཡང་སྲིད་ལ་ཧི་མཱ་ལ་ཡའི་མང་ཚོགས་ཀྱིས་ནམ་ཡང་ངོས་ལེན་བྱེད་ཀྱི་མ་རེད་ཅེས་གསུངས་འདུགཁ་སང་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་དུ་རྒྱ་གར་ཧི་མཱ་ལ་ཡའི་དཔལ་ནཱ་ལནྜཱའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་གཞུང་འཛིན་ལྷན་ཚོགས་ཐོག་གྲོས་ཆོད་འཇོག་གནང་ཡོད་པའི་ནང་དུ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་བཟང་པོ་ཡོང་བའི་སྨོན་འདུན་དང་། མགོན་པོ་༸གང་ཉིད་མཆོག་གི་མཚན་གནས་འོག་ཡོད་པའི་སྒྲིག་འཛུགས་རྣམས་རྒྱུན་འཛིན་ཡུན་གནས་ཐོག་སེམས་འཁུར་དང་སྦྲགས། ༸རྒྱལ་བའི་༸སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་དེ་ནི་དཔལ་ནཱ་ལནྜཱའི་ནང་པའི་སྲོལ་རྒྱུན་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་ལྟར། གནད་དོན་དེའི་ཐོག་གཞུང་དང་ཚོགས་སྒེར་སུ་ཞིག་གིས་རང་ཉིད་ཀྱི་ཆབ་སྲིད་ཀྱི་ཁེ་ཕན་དང་འབྲེལ་ནས་ཐད་བྱུས་བྱས་ཚེ་འགྲིག་ཐབས་མེད་པ་དང་། དེ་བཞིན་རྒྱ་ནག་གཙོས་པའི་གཞུང་ཚོགས་སུ་འདྲ་ཞིག་གིས་༸རྒྱལ་བའི་༸སྐུའི་ཡང་སྲིད་བདམ་ཚེ་དེ་ལ་ཧི་མ་ལ་ཡའི་མང་ཚོགས་ཀྱི་ངོས་འཛིན་གུས་བཀུར་ཞུ་ཡི་མེད་སྐོར་སོགས་འཁོད་འདུགཐེངས་འདིའི་གཞུང་འཛིན་ལྷན་ཚོགས་ཐོག་རྒྱ་གར་ཧི་མཱ་ལ་ཡའི་དཔལ་ནཱ་ལནྜཱའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་གཙོ་ Spiti ཁུལ་དུ་བཅའ་བཞུགས་༸སྐྱབས་རྗེ་ལོ་ཆེན་རིན་པོ་ཆེ་དང་། མོན་རྟ་དབང་ནང་དུ་བཅའ་བཞུགས་མ་ལིང་མགོན་པོ་ལགས། དེ་བཞིན་འབྲས་སྤུངས་སྒོ་མང་མཁན་ཟུར་དགེ་བཤེས་བློ་བཟང་རྒྱལ་མཚན། དགེན་ཆོས་འཕེལ་བཟོད་པ་ལགས་དང་། དགའ་ལྡན་ཤར་རྩེའི་མཁན་ཟུར་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་གཙོས་པའི་ཚོགས་གཞོན་རྣམ་པ་དང་། འབྲས་ལྗོངས་དང་ཨ་རུ་ནཱ་ཅལ། ཟངས་དཀར། ལ་དྭགས། ཁུ་ནུ། དེ་བཞིན་ཧི་མཱ་ཅལ་ཁུལ་དང་ Uttra Khand ཁུལ། རྡོ་རྗེ་གླིང་དང་ Kalimpong སོགས་ནུབ་སྦེང་གྷལ་གྱི་བྱང་ཕྱོགས་ས་ཁུལ་བཅས་ཧི་མཱ་ལ་ཡའི་རི་བརྒྱུད་ཡོངས་རྫོགས་ཀྱི་འཐུས་མི་བཅས་ནས་མཉམ་ཞུགས་གནང་འདུག ལྷན་ཚོགས་ཀྱི་ཚོགས་གཞོན་དགའ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་རྒྱ་གར་ཧི་མཱ་ལ་ཡའི་རི་བརྒྱུད་ནང་དུ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་དང་དད་ལྡན་པ་མང་དག་ཡོད་པ་མ་ཟད། ཧི་མཱ་ལ་ཡའི་མང་ཚོགས་རྒྱ་ཆ་ ༩༩ ཙམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཡོད་པའི་ཆ་ནས་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་ཐད་དཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས། ལྷན་ཚོགས་ཀྱི་གྲོས་ཆོད་དེའི་བརྒྱུད་ནས་རྒྱ་གར་གཞུང་ལ་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བཞེངས་ཕྱོགས་གསལ་པོ་ཞིག་འཛིན་དགོས་གལ་དང་། དེའི་ཐོག་ཐུགས་ཕན་གསོ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་ཅེས་གསུངས་འདུགདེ་བཞིན་ཁོང་གིས་ལྷན་ཚོགས་ཀྱི་ལས་དོན་ཁྲོད། བོད་མིས་གཙོས་པའི་ཧི་མཱ་ལ་ཡའི་རི་བརྒྱུད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ལ་རྒྱ་གར་གཞུང་གི་ངོས་ལེན་ཡོད་པའི་ནང་ཆོས་སློབ་གཉེར་གྱི་ཕྱག་འཁྱེར་ཐོབ་རྒྱུ་དང་འབྲེལ། National Institute of Open Studies ཞེས་རྒྱ་གར་གཞུང་གི་སློབ་གཉེར་ཁང་དང་ལྷན་དུ་ལས་འཆར་སྒྲིག་བཞིན་ཡོད་པ་བཅས་ཀྱི་སྐོར་ལ་གྲོས་བསྡུར་ལྷུག་པོ་བྱུང་ཡོད་པ་སོགས་གསུངས་འདུག གཞི་རྩའི་ Indian Himalayan Council of Nalanda Buddhist Tradition འམ་རྒྱ་གར་ཧི་མཱ་ལ་ཡ་ནཱ་ལནྜཱའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་འདི་བཞིན་ཕྱི་ལོ་ ༢༠༡༨ ལོར་གསར་བཙུགས་གནང་བ་ཞིག་ཡིན་པ་དང་། དེའི་ནང་ཧི་མཱ་ལ་ཡའི་རི་བརྒྱུད་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་གྲྭ་ཚང་ཁག་གི་སྐུ་ཚབ་ཡོད་པ་དང་། ཚོགས་པའི་མིང་དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་བསྩལ་གནང་བ་ཞིག་ཆགས་ཀྱི་འདུག  

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་འདོན་སྤེལ།

ཁ་སང་ཕྱི་ཚེས་ ༢༠ ཉིན་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་དང་། སྐུ་ཞབས་ Todd Young ལགས། དེ་བཞིན་སྐུ་ཞབས་ Patrick Leahy ལགས་བཅས་ནས་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་ Promoting a Resolution to the Tibet-China Conflict Act ཞེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཞིག་འདོན་སྤེལ་གནང་འདུགབོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ཐོག་མར་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ JimMcgovern ལགས་དང་སྐུ་ཞབས་ Michael McCaul ལགས་རྣམ་གཉིས་ནས་ཡུལ་དེའི་གྲོས་ཚོགས་འོག་མའི་ནང་འདོན་སྤེལ་གནང་ཡོད་པ་དང་། ཁྲིམས་འཆར་དེའི་ནང་གཙོ་བོ་ཨ་རི་གཞུང་ནས་བོད་རྒྱའི་དཀའ་རྙོག་དེ་དུས་ད་ལྟའང་ཐག་གཅོད་ཟིན་མེད་པ་ཞིག་ལ་ངོས་འཛིན་དང་། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་སླར་གསོ་མ་ཐུབ་པ་དེ་ནི་རྒྱ་ནག་གཞུང་གི་ནོར་འཁྲུལ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ལོ་རྒྱུས་ཐོག་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་སྐོར་སོགས་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་བྱེད་བཞིན་པ་ཁག་ངོས་ལེན་མེད་པ་མ་ཟད། དེ་འབྲེལ་གནད་དོན་ཐོག་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་གཙོས་པའི་དེའི་ཁྱབ་ཁོངས་སུ་ཡོད་པའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་རྒྱ་ནག་གཞུང་ལ་གདོང་ལེན་གནང་དགོས་པ་སོགས་ཀྱི་དོན་ཚན་ཆེ་ཁག་ལྔ་ཙམ་འཁོད་ཡོད། ཁ་སང་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་འདོན་སྤེལ་གནང་སྐབས་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་ནས། མི་མང་གི་རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་གུས་བཀུར་ཞུ་རྒྱུ་ཨ་རིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ནི་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་འབྲེལ་ལམ་བཞག་སྐབས་རྨང་གཞི་གཙོ་བོ་ཞིག་ཏུ་ངོས་འཛིན་ཞུ་དགོས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འབྲེལ་ལམ་ཁྲོད་ལོག་བཤད་སྣ་ཚོགས་བྱེད་བཞིན་པའི་དུས་སྐབས་འདིར་ཁྲིམས་འཆར་འདི་ནི་དེ་བས་ཀྱང་གལ་ཆེན་པོ་ཞིག་ཆགས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཁྲིམས་འཆར་འདིའི་བརྒྱུད་ཨ་རི་གཞུང་དང་མི་མང་གི་ངོས་ནས་བོད་ཀྱི་གནད་དོན་ཐོག་ལ་གཟིགས་ཕྱོགས་ཁ་གསལ་བཟོས་པ་ཙམ་མ་ཟད། རྒྱ་ནག་གཞུང་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་བསྐྱར་གསོ་དང་། ད་ཆ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་ལས་དོན་ཁག་གིས་བོད་མིའི་མངོན་འདོད་གྲུབ་ཐུབ་ཀྱི་མེད་པའི་བརྡ་ལན་གསལ་པོ་ཞིག་མཚོན་ངེས་ཡིན་པ་གསུངས་འདུགམ་ཟད་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Todd Young ལགས་ནས། རྒྱ་ནག་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་འབྲེལ་མོལ་གྱི་གནས་བབ་བསྐྱར་གསོ་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་ཙམ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་སུ་འཁྱོག་བཤད་དྲིལ་བསྒྲགས་ཀྱི་ལས་དོན་སྣ་ཚོགས་སྤེལ་བཞིན་པ་དེ་ངོས་ལེན་ཞུ་ཐབས་བྲལ་བ་རེད་ཅེས་གསུངས་འདུག གྲོས་ཚོགས་འཐུས་མི་སྐུ་ཞབས་ Patrick Leahy ལགས་ནས། རྒྱ་ནག་གཞུང་གིས་ད་བར་བོད་རྒྱའི་དཀའ་རྙོག་ཞི་སྒྲིག་ཡོང་ཐབས་ལས་ལྡོག་སྟེ། བོད་མིའི་ཐོག་དྲག་གནོན་དང་ཐུན་མིན་གྱི་རིག་གཞུང་ཁག་རྩ་མེད་གཏོང་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཁྲིམས་འཆར་འདིའི་བརྒྱུད་བོད་རྒྱལ་ཁབ་འདི་ཉིད་དུས་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པའི་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད་སྐོར་གསུངས་འདུགཐེངས་འདིའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་མའི་ནང་འདོན་སྤེལ་གནང་མ་ཐག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འབྲེལ་ཡོད་གྲོས་ཚོགས་འཐུས་མི་དང་། ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། རིམ་པས་ཁྲིམས་འཆར་འདི་ཉིད་གྲོས་ཚོགས་གོང་འོག་ནང་གཏན་འབེབས་གནང་བའི་ཐོག་ཨ་རིའི་སྲིད་འཛིན་མཆོག་གི་མཚན་རྟགས་དང་འབྲེལ། ཁྲིམས་སུ་གཏན་འབེབས་ཐུབ་རྒྱུར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུགམ་ཟད་ཁྲིམས་འཆར་འདིའི་ཐོག་ས་གནས་སུ་ཞུ་གཏུག་སོགས་ཀྱི་ལས་དོན་སྣེ་ཁྲིད་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཡང་དགའ་བསུ་དང་སྦྲགས། ཁྲིམས་འཆར་འདི་ནི་ཨ་རིའི་མི་མང་གི་འདོད་པ་ལྟར་བོད་ནང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སླར་གསོ་ཐུབ་རྒྱུའི་གོམ་པ་ཆེན་པོ་ཞིག་ཡིན་པ་མ་ཟད། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ནས་ཀྱང་འབྲེལ་ཡོད་ཨ་རིའི་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་རིམ་པས་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་སུ་གཏན་འབེབས་ཐུབ་རྒྱུའི་ཡིད་ཆེས་དང་རེ་བ་ཞུ་བཞིན་ཡོད་པ་གསུངས་འདུག

རེས་གཟའ་མིག་དམར། ༢༠༢༢།༡༢།༢༠

ཉན་པ།: Listen ཕབ་ལེན། Download ལྷ་སའི་གྲོང་ཁྱེར་སྤྱི་ཁྱབ་གསར་པར་རྒྱ་རིགས་བསྐོ་བཞག་བྱས་པ་ནི་བོད་རྒྱ་སྡེར་འགྱུར་རྒྱུའི་ལས་གཞི་ཤུགས་ཆེར་གཏང་རྒྱུ་ཡིན་པ་མངོན་གསལ། ཤོག་དཀར་ལས་འགུལ་ཁྲོད་འཛིན་བཟུང་བྱས་པའི་བོད་རིགས་བུ་མོ་ལྔ་པོའི་གནས་སྟངས་ཁ་གསལ་བཟོ་དགོས། ཨོ་སི་ཊོ་ལི་ཡ་ཕྱི་སྲིད་བློན་ཆེན་ནས་རྒྱ་ནག་ནང་གི་འཚམས་གཟིགས་སྐབས་བོད་དོན་གླེང་སློང་དགོས་པའི་ཞུ་སྐུལ། ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་དང་འབྲེལ་བའི་ཚོགས་ཆུང་ཞིག་གསར་འཛུགས་གནང་འཆར། བོད་གཞིས་ཀ་རྩེ་གནམ་ཐང་དུ་རྒྱ་ནག་གི་མཁའ་དམག་འགྲེམས་འཇོག་ཕོན་ཆེ་བྱེད་བཞིན་པ། Tuesday 20/12/2022 China planning to further "Sinicize" Tibet with appointment of new Chinese Mayors: Rights group Concern mounts over fate of 5 Tibetan women arrested in anti-lockdown protests Amnesty urges Australian Foreign Minister to raise Tibet during China visit U.S. Republicans to turn up pressure on Biden with China panel High-resolution satellite imagery shows China’s major air basis in Tibet  

བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་སྤྱི་ཁྱབ་གསར་པར་རྒྱ་རིགས་བསྐོ་བཞག་བྱས་པ་ནི་བོད་རྒྱ་སྡེར་འགྱུར་རྒྱུའི་ལས་གཞི་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ་མངོན་གསལ།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ། དེ་བཞིན་ཆབ་མདོ་བཅས་བོད་རང་སྐྱོང་ལྗོངས་ཟེར་བའི་གྲོང་ཁྱེར་ཆེ་ཁག་གསུམ་གྱི་ནང་དུ་གྲོང་ཁྱེར་སྤྱི་ཁྱབ་གསར་པ་གསུམ་བསྐོ་བཞག་བྱས་པའི་ཁོངས་ནས་ལྷ་ས་དང་གཞིས་ཀ་རྩེ་གཉིས་ཀྱི་སྤྱི་ཁྱབ་གསར་པར་རྒྱ་རིགས་བསྐོ་བཞག་བྱས་ཡོད་པ་དང་འབྲེལ། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས། གནད་དོན་དེ་ནི་བོད་རྒྱ་སྡེར་འགྱུར་རྒྱུའི་སྲིད་བྱུས་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ་མངོན་གསལ་བྱེད་ཀྱི་ཡོད་སྐོར་གསུངས་འདུགཁ་ས་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྔ་ལོའི་ལྷ་ས་གྲོང་ཁྱེར་གྱི་སྐབས་ ༡༢ པའི་དམངས་འཐུས་ཚོགས་ཆེན་དང་པོའི་ཐོག་ཕྱི་ལོ་ ༢༠༡༦ ནས་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་ཏུ་བསྐོ་བཞག་བྱས་པའི་བོད་རིགས་གོ་གོ་ཟེར་བ་དེ་མུ་མཐུད་བསྐོ་བཞག་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་།  ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ལྷ་ས་གྲོང་ཁྱེར་གྱི་སྐབས་ ༡༣ པའི་དམངས་འཐུས་ཚོགས་ཆེན་ཐེངས་གསུམ་པའི་ཐོག་རྒྱ་རིགས་ Wang Qiang ཟེར་བ་ཞིག་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོ་བཞག་བྱས་པ་དང་།  ད་ལྟའི་ཆར་ལྷ་སའི་གྲོང་ཁྱེར་སྤྱི་ཁྱབ་གཙོས་པའི་སྤྱི་ཁྱབ་གཞོན་པ་ ༡༤ ཁོངས་ནས་མི་ ༡༡ རྒྱ་རིགས་ཡིན་པ་དང་འབྲེལ། ལྷ་ས་གྲོང་ཁྱེར་སྲིད་གཞུང་ནང་དུ་རྒྱ་རིགས་བརྒྱ་ཆ་ ༧༩ དང་བཅས་ལྷ་ས་གྲོང་ཁྱེར་སྟངས་འཛིན་གྱི་ལས་དོན་ཡོངས་རྫོགས་རྒྱ་རིགས་ཀྱི་ལག་ཏུ་བཟུང་ཡོད་པ་གསུངས་འདུག མ་ཟད་ཚེས་ ༡༣ ཉིན་གཞིས་ཀ་རྩེ་ནང་དུའང་རྒྱ་རིགས་ Zhou Feng ཟེར་བ་ཞིག་གྲོང་ཁྱེར་སྤྱི་ཁྱབ་ཏུ་བསྐོ་བཞག་བྱས་ཡོད་པ་ལྟར། གཞིས་ཀ་རྩེ་དང་ཆབ་མདོའི་ནང་དུའང་ད་ཆ་བོད་རིགས་འགོ་ཁྲིད་རྒྱ་ཆ་ ༣༠ ལས་མེད་པ་དང་འབྲེལ། གྲོང་ཁྱེར་དེ་དག་ཀྱང་རྒྱ་རིགས་ཀྱིས་སྟངས་འཛིན་བྱེད་བཞིན་པ་མངོན་གསལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་དུང་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ནང་དུ། གྲོང་ཁྱེར་སྤྱི་ཁྱབ་རྣམས་ས་གནས་གྲོས་ཚོགས་ཀྱིས་བསྐོ་བཞག་བྱེད་ཀྱི་ཡོད་ཚུལ་བརྗོད་ཀྱི་ཡོད་ཀྱང་། བོད་ཀྱི་ས་ཁུལ་ནང་དུ་གྲོང་ཁྱེར་སྤྱི་ཁྱབ་རྣམས་ཐད་ཀར་རྒྱ་ནག་དམར་ཤོག་ཚོགས་པས་འདེམས་སྒྲུག་བྱེད་ཀྱི་ཡོད་པ་མངོན་གསལ་གནང་བ་མ་ཟད། རྒྱ་ནག་གི་གྲང་ཉུངས་མི་རིགས་ཀྱི་ས་གནས་རང་སྐྱོང་ཁྲིམས་སྒྲིག་ནང་དུ། རང་སྐྱོང་ལྗོངས་དང་ཁུལ། དེ་བཞིན་རྫོང་རིམ་པའི་འགོ་ཁྲིད་རྣམས་གྲངས་ཉུང་མི་རིགས་ཁོངས་ནས་ཡིན་དགོས་པ་འཁོད་ཡོད་ཀྱང་། བོད་ཀྱི་རྒྱལ་ས་ལྷ་ས་ལྟ་བུ་ཆ་མཚོན་ན་ཕྱི་ལོ་ ༡༩༨༠ ནས་བཟུང་ལྷ་སའི་སྤྱི་ཁྱབ་ཏུ་བོད་རིགས་བསྐོ་བཞག་བྱེད་མུས་ཡིན་ཀྱང་། ཞི་ཅིན་ཕིང་གིས་གཞུང་འཛིན་འོག་འགྱུར་བ་མང་དག་ཅིག་ཐེབས་བཞིན་ཡོད་པ་གསུངས་འདུག བོད་ཀྱི་རྒྱལ་ས་ལྷ་སའི་མང་ཚོགས་ཁག་གཅིག་གིས་འགྲེལ་བརྗོད་ལ་གཞིགས་ན། དེ་སྔོན་སྤྱི་ཁྱབ་གོ་གོ་ཟེར་བ་དེ་ད་ལྟའི་ཆར་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐད་ཞིབ་འཇུག་འོག་ཡོད་པ་དང་། ས་གནས་མང་ཚོགས་ཀྱིས་ཁོ་པར་དགའ་མོས་དེ་ཙམ་བྱེད་ཀྱི་མེད་ཀྱང་། ད་ཆ་ཁོ་པའི་ཚབ་ཏུ་རྒྱ་རིགས་ཤིག་བསྐོ་བཞག་བྱས་པར་དེ་བས་ཀྱང་དགའ་མོས་བྱེད་ཀྱི་མེད་པ་རེད་འདུག

བོད་རིགས་བོུ་ལྔ་པོའི་གནས་སྟངས་ཁ་གསལ་བཟོ་དགོས་པ་གསུངས་འདུག

རྒྱ་ནག་གི་ཤོག་བུ་དཀར་པོའི་ལས་འགུལ་ཁྲོད་འཛིན་བཟུང་བྱས་པའི་བོད་རིགས་བེུད་ལྔའི་གནས་སྟངས་ཇི་ཆགས་ཁ་གསལ་མེད་པར་སེམས་འཚབ་གནང་བཞིན་འདུགདེའང་ཟླ་བ་འདིའི་མགོ་སྟོད་དུ་རྒྱ་གཞུང་གིས་བོད་དར་མདོ་རྫོང་ཁོངས་དང་ལྷ་ས་ནས་ཡིན་པའི་བོད་རིགས་བེུད་ལྔ་ཏོག་དབྱིབས་བཀག་སྡོམ་གྱི་ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ནས་ད་ཆ་བདུན་ཕྲག་གཉིས་ལྷག་འགྲོ་བཞིན་པའི་མཚམས་སུ་དེ་རིང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བོད་རིགས་བེུད་ལྔ་པོ་དེ་དག་གི་གནས་ཚུལ་གསལ་བཏོན་གྱིས་ཁོང་རྣམས་ཀྱི་གནས་སྟངས་ཇི་ཆགས་ཁ་གསལ་བཟོ་དགོས་པའི་རེ་འདུན་བཏོན་བཞིན་ཡོད་པར་དེའི་ཁོངས་སུ་ཡོ་རོབ་རྒྱལ་ཁབ་ Spain ནང་དུ་གནས་བཞུགས་རྒྱ་ནག་ཉམས་ཞིབ་པ་དང་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་ཀྱིས་རང་ཉིད་ཀྱི་དྲྭ་ཚིགས་ཐོག་རྒྱ་ཡིག་ནང་དེ་འབྲེལ་དཔྱད་རྩོམ་ཞིག་སྤེལ་འདུག ཁོང་གིས་དཔྱད་རྩོམ་ནང་གཙོ་བོ་བོད་རིགས་བེུད་ལྔ་པོ་དེ་དག་འཆི་གསོན་གང་ཡིན་གྱི་གནས་སྟངས་ཇི་ཆགས་ཁ་གསལ་མེད་པར་སེམས་འཚབ་ཀྱི་རྣམ་པ་མངོན་གསལ་དང་བཅས། རྒྱ་གཞུང་ནས་ཐེངས་འདིའི་རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་དང་འབྲེལ། སློབ་ཕྲུག་གཙོ་བོར་གྱུར་པའི་མང་ཚོགས་སྟོང་ཕྲག་དུ་མ་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པའི་མཚམས་འདིར་རྒྱ་གཞུང་ངོས་ནས་ངོ་རྒོལ་བྱེད་མཁན་རྣམས་ཀྱི་ཐོག་ལ་དྲག་གནོན་ཤུགས་ཆེར་བྱེད་ཀྱི་ཡོད་ནའང་རྒྱ་རིགས་མང་ཚོགས་དང་མི་རིགས་གཞན་གྱི་ཐོག་ལ་དྲག་སྤྱོད་བྱེད་སྟངས་ཁྱད་པར་ཆེན་པོ་ཡོད་པ་བོད་མི་རྣམས་ཀྱིས་ཤེས་བཞིན་པ་མ་ཟད། བོད་གཙོས་ཤིན་ཅང་དང་ནང་སོག་མི་རིགས་རྣམས་ཀྱི་ཐོག་ལ་དྲག་གནོན་དང་བཙོན་འཇུག་ཁྲམས་ཆད་ཉིས་ལྡབ་བསྐྱེལ་ཀྱི་ཡོད་པ་འགྲེལ་བརྗོད་གནང་སྟེ། ཐེངས་འདིའི་རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་ལ་ཁག་དཀྲིས་ཏེ་འཛིན་བཟུང་བྱས་པའི་བོད་རིགས་བེུད་ལྔའི་གནས་སྟངས་ཆེས་ཛ་དྲག་གི་རང་བཞིན་དུ་གྱུར་ཡོད་སྟབས། ང་ཚོས་རྒྱ་གཞུང་ལ་བེུད་ལྔ་པོ་དེ་དག་གི་ཇི་ཆགས་གནས་སྟངས་གསར་ཤོས་ཁ་གསལ་བཟོ་དགོས་པ་དང་། དུས་མཚུངས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལའང་བོད་རིགས་བེུད་རྣམས་ཉེན་ཁ་ལས་བསྐྱབ་དགོས་པའི་དགོས་འདུན་བཏོན་དགོས་ཞེས་ནན་སྐུལ་གནང་འདུག ཁོང་གིས་ད་དུང་དེ་སྔ་ཕྱི་ལོ་ ༡༩༤༩ ལོར་བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་འགོ་བཙུགས་པ་ནས་བཟུང་། བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་ཡོད་ཀྱང་རྒྱ་གཞུང་གིས་ད་བར་བོད་མིར་བཟང་ཕྱོགས་ཀྱི་ཡ་ལན་བྱ་རྒྱུ་ལས་ལྡོག་སྟེ་བཙན་གནོན་དང་མནར་གཅོད་ཧ་ཅང་བྱེད་ཡོད་སྟབས། ད་ཆ་རྒྱ་གཞུང་ངོས་ནས་ངེས་པར་དུ་བོད་མིའི་དཀའ་སྡུག་ལ་བཟང་ཕྱོགས་ཀྱི་ཡ་ལན་གནང་དགོས་པ་དང་ཆབས་ཅིག བོད་མི་ངོ་རྒོལ་བ་རྣམས་ཉེན་ཁ་ལས་སྐྱོབ་ཐབས་དང་། དེར་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུས་འདུག

རེས་གཟའ་ཟླ་བ། ༢༠༢༢།༡༢།༡༩

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་བཞུགས་སྒར་དྷརྨ་སཱ་ལཱ་ནས་ལྡི་ལིར་ཆིབས་བསྒྱུར་མཛད་པ། རྒྱ་གཞུང་གི་རིམས་ནད་བཀག་སྡོམ་འོག་ན་ལོ་གཉིས་ལ་སོན་པའི་བྱིས་པའི་ཚེ་སྲོག་ཤོར་བ། སྲིད་སྐྱོང་མཆོག་གིས་འཕགས་བོད་ས་མཚམས་སུ་རྒྱ་ནག་གིས་རྩོད་རྙོག་སློང་བའི་བྱ་སྤྱོད་དེ་ཕན་མེད་རེད་ཅེས་གསུངས་འདུག བོད་ནང་རིགས་རྫས་བསྡུ་ལེན་ལ་རམ་འདེགས་བྱེད་མཁན་ཚོང་ལས་ཁག་ལ་ཞིབ་འཇུག་དང་ཆད་པ་གཅོད་དགོས། རྒྱ་ནག་གཞུང་གིས་གཉན་རིམས་འོག་མང་ཚོགས་གྲོངས་པའི་གྲངས་ཐོ་སྦས་བསྐུངས་བྱས་པ་མངོན་གསལ། རྒྱལ་སྤྱིའི་སྣུམ་འཁོར་བཟོ་གྲྭ་མང་དག་ཅིག་གིས་ཤིན་ཅང་གི་ངལ་རྩོལ་པས་བཟོས་པའི་ཅ་དངོས་སྤྱོད་བཞིན་པ་ཐེར་འདོན། Monday 19/12/2022 His Holiness the Dalai Lama leaves for Delhi and Bodh Gaya China’s zero-Covid policy claims the life of 2 year old Tibetan kid Sikyong attends Bharat-Tibet sangh committee meet cum-seminar in Jammu US legislators call for sanctions on firms complicit in mass DNA harvesting of Tibetans China hiding Covid deaths, citizens and analysts question official figures 23 major brands suspected of illegally sourcing products made by forced labour in China  

༸གོང་ས་མཆོག་བཞུགས་སྒར་དྷརྨ་སཱ་ལཱ་ནས་ལྡི་ལིར་ཆིབས་བསྒྱུར་མཛད་པ།

དེ་རིང་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཚོུད་ ༡༠ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་བི་ཧཱར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་ནང་གི་བཀའ་ཆོས་སོགས་ཀྱི་མཛད་འཕྲིན་ཁག་གཅིག་བསྐྱང་ཕྱིར་ཆིབས་བསྒྱུར་མཛད་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཁག་ལ་གཞིགས་ན། མགོན་པོ་༸གང་ཉིད་མཆོག་སང་ཉིན་ཕྱི་ཚེས་ ༢༠ ཉིན་རྒྱལ་ས་ལྡི་ལི་ནང་གནད་ཡོད་དབུ་ཁྲིད་ཁག་གཅིག་མཇལ་འཕྲད་དང་། ཚེས་ ༢༡ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Gurugram ཁུལ་དུ་རྟེན་གཞི་བྱས་པའི་ Salwan Public School ནང་དུ་ལྡི་ལི་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་གི་སློབ་ཕྲུག་རྣམས་ལ་སྙིང་རྗེ་དང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་བརྗོད་གཞིའི་ཐོག་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་བཅས་ཀྱི་མཛད་འཕྲིན་ལེགས་གྲུབ་ཟིན་རྗེས་ཕྱི་ཚེས་ ༢༢ ཉིན་མགོན་པོ་༸གང་ཉིད་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་མཛད་ཀྱི་འདུགགནས་མཆོག་རྡོ་རྗེ་གདན་དུ་ཕྱི་ཟླ་ ༡༢ ཚེས་ ༢༩ དང་ ༣༠ ཉིན་གཉིས་རིང་གི་སྔ་དྲོ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་ཚེས་ ༣༡ ཉིན་གྱི་སྔ་དྲོ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀའ་དྲིན་སྩལ་རྒྱུ། དེ་བཞིན་ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༡ ཚེས་ ༡ སྟེ་ཕྱི་ལོ་གསར་ཚེས་ཉིན་དགེ་ལུགས་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཕྲིན་ཐུགས་གཏན་ཁེལ་ཡོད།དེ་རིང་རྡ་སའི་གྷ་གྷལ་གནམ་ཐང་ནས་ལྡི་ལི་ཕྱོགས་སུ་ཆིབས་བསྒྱུར་མ་མཛད་གོང་༸གོང་ས་མཆོག་གིས་གསར་འགོད་པའི་དྲི་བ་ཁག་གཅིག་ལ་བཀའ་ལན་ཁྲོད། ༸སྐུའི་འཕྲོད་བཞེད་ཧ་ཅང་བཟང་པོ་ཡིན་པ་བསྐྱར་ནན་མཛད་པ་མ་ཟད།  དེང་སྐབས་ཡུ་རོབ་དང་ཨ་ཕི་རི་ཀ། དེ་བཞིན་ཨེ་ཤེ་ཡ་གཙོས་རྒྱལ་སྤྱིའི་ས་ཕྱོགས་གང་སར་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་ལྟར། རྒྱ་ནག་ནང་དུའང་ནམ་ཞིག་གནས་སྟངས་ལ་འགྱུར་བ་ཡོང་རྒྱུའི་ཐུགས་རེ་མཛད་བཞིན་པ་བཀའ་གནང་འདུག རྩ་བའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་རྗེས་མགོན་པོ་༸གང་ཉིད་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་མཛད་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།གཞི་རྩའི་ཁ་སང་ཕྱི་ཟླ་ ༡༢ ཚེས་ ༡༨ བོད་ཟླ་ ༡༠ ཚེས་ ༢༥ སྟེ་དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་ཁྱད་དང་བསྟུན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། དགའ་ལྡན་ལྔ་མཆོད་ཆེན་མོའི་མཆོད་འབུལ་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ་བཞིན་སྐབས་དེར་དྷརྨ་སཱ་ལཱར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་མང་ཚོགས་ ༢༥༠༠ ལྷག་ཆེད་བཅར་ཞུས་འདུག ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

རྒྱ་གཞུང་གི་རིམས་ནད་བཀག་སྡོམ་འོག་ལོ་ན་གཉིས་ལ་སོན་པའི་བྱིས་པའི་ཚེ་སྲོག་ཤོར་བ།

རྒྱ་ནག་གཞུང་གིས་རིམས་ནད་གཙང་དག་གི་སྲིད་བྱུས་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་རྣམ་འགྱུར་བསྟན་ཡང་ཉེ་ལམ་ཡུལ་ཤུལ་ནང་ཆེན་ནས་ཡིན་པ་དང་རང་ལོ་ ༥༨ ཡས་མས་ཡིན་པའི་ཚོང་པ་དང་སྤྱི་ཚོགས་ཞབས་ཞུ་བ་ནང་ཆེན་བཀྲ་ཤིས་ལགས་ཀྱི་ནང་མི་རྣམས་རིམས་ནད་མེད་བཞིན་དུ་ཟུར་བཀག་དུ་བཞག་ནས་མཐར་རང་ཉིད་ཀྱི་ཚ་བོ་ལོ་ན་གཉིས་ལ་སོན་པ་ཞིག་རིམས་ནད་ཕོག་སྟེ་ཛ་དྲག་གི་གནས་སྟངས་འོག་འདས་གྲོངས་སུ་གྱུར་འདུགབཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་ཟླ་སྔོན་མའི་ཚེས་ ༣༠ ཉིན་གྱི་མཚན་མོར་ཡུལ་ཤུལ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ལས་ཁུངས་ཀྱིས་ནང་ཆེན་བཀྲ་ཤིས་ལགས་ཀྱི་ནང་མི་ཚང་མར་རིམས་ནད་བརྟག་དཔྱད་བྱས་ནས་ནད་རྟགས་གང་ཡང་མེད་ཀྱང་རིམས་ནད་ཕོག་ཡོད་ཚུལ་གྱི་བརྡ་འབྱོར་ཏེ་ཟུར་བཀག་ཏུ་བཙན་ཁྲིད་བྱས་འདུག་པ་དང་། ཉིན་འགའི་རྗེས་སུ་ལོ་ན་གཉིས་ལ་སོན་པའི་ནང་ཆེན་བཀྲ་ཤིས་ལགས་ཀྱི་ཚ་བོ་ལ་རིམས་ནད་ཕོག་ནས་ཁ་ལུད་ཡང་ཡང་བསགས་ཏེ་དབུགས་གཏོང་དཀའ་བའི་གནས་སྟངས་བྱུང་ཡོད་པར་བརྟེན་སྨན་པར་བསྟེན་ཐབས་བྱས་ཀྱང་། རིམས་ནད་ལ་ཁ་གཡར་ནས་ཕྱིར་མ་བཏང་བ་མ་ཟད། སྨན་བཅོས་ཀྱི་མཐུན་རྐྱེན་གང་ཡང་མ་སྦྱར་བར་ཉིན་འགར་ལྷག་ནས་མཐར་ཕྲུ་གུའི་ཚེ་སྲོག་ཤོར་ཡོད་པ་བཀོད་དེ་ནང་ཆེན་བཀྲིས་ལགས་ཀྱི་ཚ་བོ་འདས་གྲོངས་སུ་གྱུར་བའི་འགན་ཡོད་ཚད་ཡུལ་ཤུལ་སྲིད་གཞུང་ལ་ཡོད་པ་དང་། རྒྱ་ནག་གཞུང་གིས་རང་གི་རྩ་ཁྲིམས་ལ་བརྩེས་ཏེ་ཡུལ་ཤུལ་སྲིད་གཞུང་གི་རུལ་སུངས་ཅན་གྱི་འབྲེལ་ཡོད་དཔོན་རིགས་ཚོར་ཐག་གཅོད་ནན་པོ་བྱ་དགོས་པར་མ་ཟད་ནང་ཆེན་བཀྲ་ཤིས་ལགས་སུ་ཚུལ་བཞིན་གུད་གསབ་སྤྲད་དགོས་ཞེས་འབོད་སྐུལ་ཞུས་འདུག ལྟེ་གནས་ཁང་གིས་ད་དུང་ཕྱི་ཟླ་ ༡༢ ཚེས་ ༦ ཉིན་ཟུར་བཀག་ཁང་མིག་ ༡༣༡ ནས་ ༡༧༦ བར་ཞེས་པའི་སྐད་འཕྲིན་ཚོགས་པར་ནང་ཆེན་བཀྲ་ཤིས་ལགས་ཀྱིས་ཕྱི་ཚེས་ ༣༠ ཉིན་རང་གི་ཁྱིམ་མི་གང་པོ་ན་ཚ་མེད་བཞིན་དུ་ཟུར་བཀག་ཁང་དུ་ཁྲིད་སོང་། ཟུར་བཀག་ཁང་དུ་ངའི་བུ་མོའི་ཕྲུ་གུ་ལོ་ན་གཉིས་ལ་སོན་པ་ཞིག་ལ་རིམས་ནད་ཕོག་སྟེ་ཛ་དྲག་གི་གནས་སུ་གྱུར་སྐབས་ཁ་པར་བཏང་ནས་སྨན་པར་བསྟེན་པར་ཁྲིད་རོགས་ཞེས་རེ་བ་ཞུས་ཀྱང་འགོ་ཁྲིད་ཚོས་ཁྲིད་རོགས་མ་བྱས་པར་ཕྲུ་གུ་ཤི་ཤོར་སོང་ཞེས་དང་། ཁྱིམ་དུ་ནད་མེད་ནའང་སྨན་ཁང་དུ་ཁྲིད་རྗེས་རིམས་ནད་ཕོག་གི་འདུག བྱིས་པ་དང་རྒན་རྒོན་ཚོས་དམིགས་བསལ་གཟབ་གཟབ་དགོས་ས་རེད། ང་ནང་ཆེན་བཀྲ་ཤིས་ཀྱིས་མས་ཚོགས་དང་སྤྱི་ཚོགས་ཀྱི་བདེ་སྡུག་ཕར་བཤད་དུས་ཆབ་སྲིད་པ་དེ་ཚོས་ང་རྐུན་མ་རེད། ཁྲམ་པ་རེད་ཅེས་ཚུར་བཤད་ཀྱི་ཡོད་པ་རེད། དམངས་ཚོགས་ལ་དེ་འདྲ་དཀའ་ངལ་འཕྲད་ཡོང་དུས་ཅུང་ཙམ་བཤད་དགོས་ཐུག་སོང་ཞེས་པའི་སྒྲ་སྒམ་ནང་དུ་ནང་ཆེན་བཀྲིས་ལགས་ཀྱི་བཀའ་མོལ་ལུང་འདྲེན་གནང་འདུགནང་ཆེན་བཀྲིས་ལགས་ཀྱིས་སྐད་འཕྲིན་ཚོགས་པ་ནང་ད་དུང་རིམས་ནད་སྔོན་འགོག་གི་འགོ་འཛིན་ཉི་མ་བཀྲ་ཤིས་དང་གྲོང་ཁྱེར་འགོ་དཔོན། རྒྱ་འགོ་ཁྲིད་དེ་ཚོས་རང་གི་གོ་གནས་དང་མི་རིགས་དབྱེ་འབྱེད་མ་གཏོགས་མང་ཚོགས་ཀྱི་སྡུག་བསྔལ་ལ་ལྟ་རྟོག་གི་ཕན་ཐོགས་མི་འདུག དེ་ཚོས་མང་ཚོགས་ལ་འཇིགས་སྐུལ་བྱེད་པ་དང་ལྟ་སྟངས་ངན་པ་འཛིན་རྒྱུ་བཞག་ནས་དམངས་ཀྱི་བདེ་སྡུག་ལ་ལྟ་རྟོག་ཡག་པོ་བྱེད་དགོས་ས་རེད་ཅེས་གསུངས་པ་སོགས་བཀོད་འདུག ཛ་དྲག་གི་གནད་དོན་དེའི་ཐད་ནང་ཆེན་བཀྲ་ཤིས་ལགས་ཀྱི་བུ་མོ་གཡང་འཛོམས་ཀྱིས་བྲིས་པའི་གནས་ཚུལ་ཞིག་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་བརྒྱུད་སྤེལ་གནང་ཡོད་པ་དང་། ནང་ཆེན་བཀྲིས་ལགས་ཀྱིས་སྐད་འཕྲིན་ཚོགས་པའི་ནང་གི་སྒྲ་སྒམ་ལྟར་བཀོད་འདུག་པར་མ་ཟད། ལོ་ན་གཉིས་ལ་སོན་པའི་ཕྲུ་གུར་ཕྱིས་སུ་རིམས་ནད་ཕོག་ནས་ཛ་དྲག་གི་དུས་ཚོད་ལ་སླེབས་སྐབས་ཨ་མ་འུ་ཐུག་སྟེ་ཕྲུ་གུ་ཁུར་ནས་སྨན་ཁང་དུ་འགྲོ་ཐབས་བྱས་ཀྱང་ཟུར་བཀག་ཁང་གི་སྒོ་ཁར་སླེབས་དུས་དོ་དམ་པས་བཀག་ནས་གོང་རིམ་ལ་ཡར་ཞུ་དགོས་ཀྱི་ཡོད་པ་དང་གོང་རིམ་གྱི་བཀའ་མེད་ན་ཁོང་ཚོས་རོགས་རམ་ཅི་ཡང་བྱེད་མི་ཐུབ་ཚུལ་བཤད་དེ་མཐར་ཕྲུ་གུ་འདས་གྲོངས་སུ་གྱུར་ཡོད་པ་བཀོད་འདུག རྩ་བའི་ནང་ཆེན་བཀྲ་ཤིས་ལགས་དེ་སྔ་ཕྱི་ལོ་ ༢༠༡༠ ལོར་ཡུལ་ཤུལ་ཁུལ་གྱི་ས་འགུལ་སྐབས་དམངས་ཚོགས་ཀྱི་ཆེད་དུ་སྐད་ཆ་བཤད་པར་བརྟེན་ཟླ་བ་གསུམ་ཙམ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པ་དང་། ཕྱིས་སུ་ཁོས་མི་མང་ལ་ངན་སྐུལ་གཏོང་བར་བསྙད་ནས་རྒྱ་གཞུང་གིས་ཆབ་མདོའི་བཀག་ཉར་ཁང་ཞིག་ཏུ་བཅུག་ནས་རྡུང་རྡེག་དང་མནར་གཅོད་འདྲ་མིན་བཏང་ཡོད་འདུག་པ་མ་ཟད། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༩ པའི་ ༡༢ ཉིན་གྱི་མཚན་གུང་ཆུ་ཚོད་ ༡༢ སྟེང་། ནང་ཆེན་བཀྲ་ཤིས་ཁྱིམ་དུ་མེད་པའི་སྐབས་མིའི་སྐོར་ཞིག་ཁྱིམ་ནང་འཛུལ་ནས་ཁང་པ་གཏོར་ཞིག་བྱ་རྒྱུའི་བཙན་བཀའ་བཏང་མུར་ཁྱིམ་མིས་ངོ་རྒོལ་བྱས་སྟབས། ཁྱིམ་མི་བཞི་འཇུ་བཟུང་བྱས་པ་མ་ཟད། ནང་ཆེན་བཀྲ་ཤིས་ཀྱང་དུས་ཡུན་རིང་པོར་གང་སོང་ཆ་མེད་དུ་གྱུར་འདུག ནང་ཆེན་བཀྲིས་ལགས་ཀྱི་བུ་མོ་གཡང་འཛོམས་ཀྱིས་བྲིས་པའི་ཡི་གེ་ལྟར་ན་སྐབས་དེར་ཁོང་ཚོའི་ཁང་པ་དང་ས་ཆ་ཡོངས་སུ་བཙན་འཕྲོག་བྱས་ཡོད་པ་དང་བཀག་ཉར་སྐབས་སུ་རྡུང་རྡེག་དྲག་པོ་བཏང་བའི་རྐྱེན་གྱིས་ཁོང་གི་ནུ་བོ་དབང་པོ་སྐྱོན་ཅན་བཟོས་ཡོད་པ། ད་བར་ཁོང་ཚོར་ཁང་པ་གསར་རྒྱག་ཆོག་པའི་ཆོག་མཆན་ཡི་གེ་སྤྲད་མེད་པ་སོགས་ཀྱི་གནས་སྟངས་བཀོད་ཡོད་པ་རེད།

Latest news