Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་སྦེང་ལོར་ནང་གི་རྒྱལ་ཁབ་ ༢༠ ཙམ་གྱི་དོན་གཅོད་ཚོར་འཇིག་རྟེན་ཀུན་ཁྱབ་འགན་ཁུར་དང་བྱམས་བརྩེའི་སྐོར་བཀའ་སྩལ་མཛད་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ནང་རྟེན་གཞི་བྱས་པའི་རྒྱལ་ཁབ་འདྲ་མིན་གྱི་དོན་གཅོད་མི་སྣ་བཅས་མི་གྲངས་ ༢༠༠ ལྷག་ལ་འཇིག་རྟེན་ཀུན་ཁྱབ་འགན་ཁུར་དང་བྱམས་བརྩེའི་སྐོར་བཀའ་སྩལ་གནང་འདུག ཁ་སང་ཟླ་ ༡༢ ཚེས་ ༦ ཉིན་ གྱི་སྔ་དྲོ་ཚོུད་ ༡༠ ཐོག་༸གོངས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྦེང་ལོར་ནང་སྙན་གྲགས་ཆེ་བའི་གསོལ་མགྲོན་ཁང་ (Hotel ITC Windsor) གི་ཚོགས་ཁང་ཆེན་མོའི་ནང་སྦེང་ལོར་ནང་རྟེན་གཞི་བྱས་པའི་ཕ་རན་སི་སོགས་རྒྱལ་ཁབ་ཁག་འདྲ་མིན་གྱི་སྐུ་ཚབ་དོན་གཅོད་རྣམ་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ༸རྒྱལ་བའི་གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་གྱི་འགན་འཛིན་སེར་སྨད་ཡང་སྟེང་རིན་པོ་ཆེ་མཆོག ཨོ་སི་ཊོ་རི་ཡར་བཅའ་བཞུགས་གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་མཆོག དེ་བཞིན་རྒྱལ་ཁབ་ ༢༠ ཙམ་གྱི་གཞུང་འབྲེལ་གནད་ཡོད་མི་སྣ་བཅས་ཁྱོན་མི་གྲངས་ ༢༠༠ ལྷག་ལྷན་ཞུགས་ཡོད་པའི་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོར་ཆིབས་སྒྱུར་གནང་ཡོད་པ་bengaluruརེད།

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་འཛམ་གླིང་ཐོག་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་ཐབས་སུ་བཀའ་སློབ་སྩལ་དོན་ལ། དཀའ་ངལ་དེ་དག་འཕྲད་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་མི་རྣམས་ཀྱི་རྒྱུད་ལ་ངར་འཛིན་གྱིི་བློ་ཤུགས་ཆེ་ཡོད་པས་འཛམ་གླིང་གི་འགྲོ་བ་མི་ཕན་ཚུན་གཅིག་འགྱུར་གྱི་འདུ་ཤེས་དང་བསམ་བློ་མེད་པའི་དབང་གིས་བྱུང་བའི་དཀའ་རྙོག་ཞིག་ཡིན་པར་བཀའ་བསྩལ་མཛད་འདུག
ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆོག་གིས་འཛམ་གླིང་འདིའི་སྟེང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ཚང་མ་མ་ལས་སྐྱེས་པ་གཅིག་མཚུངས་ཡིན་སྟབས། འགྲོ་བ་མི་རིགས་ཡོངས་རྫོགས་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ངེས་པར་དུ་འཛིན་དགོས་པ་ལས་དེ་ལས་ལྡོག་ཏེ་དབུལ་ཕྱུག་དང་། ཤེས་ཡོན་ལྡན་མིན། གོ་གནས་མཐོ་དམའ། རྒྱལ་ཁབ་མི་འདྲ་བའི་སོགས་ཁྱད་པར་ཁོ་ནར་གཙིགས་ཆེར་འཛིན་པའི་རྙིང་ཞེན་གྱི་བསམ་བློ་གཙོ་བཟུང་ཐོག་ནས་ཕྱིན་པའི་དབང་གིས་དེང་སྐབས་འཛམ་གླིང་ནང་དཀའ་ངལ་དང་རྙོག་གྲ་ཡོང་གི་ཡོད་པ་རེད་ཅེས་བཀའ་སློབ་གནང་པ་མ་ཟད།

དེ་བཞིན་ང་ཚོར་དཀའ་ངལ་འཕྲད་བཞིན་པ་དེ་དག་ཚང་མ་མིས་བཟོས་པར་བརྟེན་མིས་སེལ་དགོས་པ་ལས་དཀོན་མཆོག་ལ་སྐྱབས་བཅོལ་ནས་སེལ་ཐུབ་རྒྱུ་ལས་མིས་སེལ་དགོས་པ་ཞིག་དང། དེ་མཚུངས་སུ་དཀའ་ངལ་དེ་སེལས་ཐབས་ལ་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པས་ཐུགས་འགན་བཞེས་དགོས་པའི་བཀའ་གནང་པ་དང་སྦྲགས། ཆོས་ལུགས་དང་མ་འབྲེལ་བའི་འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་སྤེལ་གྱི་སློབ་གསོ་སྤེལ་དགོས་པ་སོགས་ཀྱིི་བཀའ་བསྩལ་གནང་འདུག
དེ་བཞིན་༸གང་ཉིད་མཆོག་གིས་ང་ཚོས་བཟང་སྤྱོད་དང་འཕེལ་འགྲོ་བའི་ཤེས་ཡོན་སློབ་གསོ་སྤྲད་དེ་དཀའ་ངལ་དེ་དག་སེལ་ཐབས་བྱེད་དགོས། བྱམས་བརྩེ་དང་བཟོད་སྒོམ་སོགས་ནི་ཆོས་ལུགས་ཚང་མའི་གཅིག་གྱུར་གྱི་བསླབ་བྱ་དང་ཉམས་ལེན་གཅིག་མཚུངས་ཡོད་སྟབས་ཆོས་ལུགས་ནང་ཁུལ་བརྩི་བཀུར་བྱས་ན་མཐུན་སྒྲིལ་ཡོང་རྒྱུ་ཡིན་སྟབས། ཆོས་ལུགས་ཕན་ཚུན་དབར་གུས་ཞབས་དང་བསམ་ཤེས་དགོས་པ་ཧ་ཅང་གལ་ཆེ་ཡིན་པ་སོགས་ཀྱི་བཀའ་བསྩལ་གནང་ཡོད་པ་རེད།

རྩ་བའི་ད་ལན་གྱི་ལྷན་ཚོགས་དེའི་དགོས་དམིགས་གཙོ་བོ་ནི་དེང་སྐབས་འཇིགས་སྐུལ་རིང་ལུགས་པའི་དཀའ་ངལ་སྤྱི་དང་སྒོས་སུ་ཁ་ཆེའི་ཆོས་ལུགས་ཀྱི་མིང་ཐོག་ནས་འཇིག་སྐུལ་རིང་ལུགས་ཀྱི་དཀའ་ངལ་འཕྲད་བཞིན་པ་དེ་དག་སེལ་ཐབས་ལ་དམིགས་པ་ཞིག་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།