fbpx

Tibetan Royal Year of 2150 | Year of the Water Rabbit

པདྨ་དར་རྒྱས་ངག་དབང་དང་འབྲེལ་བའི་ཁ་མཆུ་ཕྱིར་འཐེན་བྱས་པ་དེས་རྒྱ་གཞུང་གིས་བོད་མིའི་ཐོག་སོ་ཉུལ་བྱེད་ཀྱི་མེད་པ་མཚོན་མི་ཐུབ།

Tibetan News Headlines

  • རིགས་པ་དང་ལྡན་པའི་རིག་གཞུང་མི་རབས་གཞོན་པ་ཚོར་རྩིས་སྤྲོད་གནང་གལ།
  • ༸གོང་ས་མཆོག་གིས་ Latvia རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་ལ་འཚམས་འཕྲིན་མཛད་པ།
  • བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྲོས་ཆོད་གཏན་འབེབས།
  • རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་ཏེ་དྲག་གནོན་བྱེད་བཞིན་པ་འཐེར་འདོན།
  • གནའ་རྫས་ཉར་ཚགས་སྐོར་གྱི་ཟབ་སྦྱོང་དབུ་འཛུགས།

Friday 02/06/2023

  • Dalai Lama meets Nalanda masters and diploma course graduates and students
  • Dalai Lama congratulates Latvia’s new president
  • Czech Senate Committee opposes forced assimilation of Tibetan children, interference in religious freedom
  • Report reveals PRC transnational repression on overseas human rights activist
  • Workshop on ‘Conservation and Preservation on Heritage’ commences in Dharamshala

(Visited 5 times, 1 visits today)

ཉེ་ཆར་ཕྱི་ཚེས་ ༡༤ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ས་གནས་ཁྲིམས་ཁང་གིས་དེ་སྔ་ཕྱི་ལོ་ ༢༠༢༠ ལོར་བོད་མིའི་ཐོག་སོ་མྱུལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པ་གྲོང་ཁྱེར་ནིའུ་ཡོག་གི་ཉེན་རྟོག་པ་པདྨ་དར་རྒྱས་ངག་དབང་ (Baimadajie Angwang) ཟེར་བ་དེ་དང་འབྲེལ་བའི་ནག་ཉེས་རྣམས་ཕྱིར་འཐེན་བྱས་ཟིན་པའི་གནས་ཚུལ་ཞིག་ཐོན་ཡོད་པ་དང་འབྲེལ་ཏེ་ཁ་སང་ཨ་རིར་ཡོད་པའི་བོད་དོན་དང་འབྲེལ་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་གིས་ཨ་རིའི་འབྲེལ་ཡོད་ཁྲིམས་ཁང་ནས་པདྨ་དར་རྒྱས་ངག་དབང་དང་འབྲེལ་བའི་ཁ་མཆུ་ཕྱིར་འཐེན་བྱེད་དགོས་གང་ཡིན་གནས་སྟངས་ཞིབ་ཕྲ་གསལ་བའི་འགྲེལ་བརྗོད་གནང་དགོས་པའི་ཞུ་བསྐུལ་དང་སྦྲགས། པདྨ་དར་རྒྱས་ངག་དབང་ཟེར་བ་དང་འབྲེལ་བའི་ཁ་མཆུ་ཕྱིར་འཐེན་བྱས་པ་དེས་རྒྱ་གཞུང་གིས་བོད་མིའི་ཐོག་སོ་མྱུལ་བྱེད་ཀྱི་མེད་པ་མཚོན་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག

ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ Twitter  དྲ་གནས་ཐོག་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བར་ཨ་རིའི་ས་གནས་གཞུང་གི་ཁྲིམས་ཁང་གིས་རྒྱ་གཞུང་གི་ངོ་ཚབ་བྱས་ཏེ་བོད་མིའི་ཐོག་སོ་མྱུལ་གྱི་ལས་དོན་གཉེར་མཁན་པདྨ་དར་རྒྱས་ངག་དབང་དང་འབྲེལ་བའི་ཁ་མཆུ་ཕྱིར་འཐེན་བྱས་པའི་གནས་སྟངས་གང་ཡིན་དང་། ཐག་གཅོད་ཀྱི་བརྒྱུད་རིམ་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་ཁག་ཁ་གསལ་བཟོ་དགོས་པར་གསུངས་འདུག ལྷག་པར་དུ་ས་གནས་གཞུང་གི་ཁྲིམས་ཁང་གིས་པདྨ་དར་རྒྱས་ངག་དབང་དང་འབྲེལ་བའི་ཁ་མཆུ་ཕྱིར་འཐེན་བྱས་པ་དེས་ཁོ་པ་དང་ས་གནས་སུ་ཡོད་པའི་རྒྱ་ནག་གཞུང་གི་འགོ་ཁྲིད་དབར་ཡོད་པའི་འབྲེལ་བ་དེ་མེད་པ་ཞིག་ཏུ་བསྒྲུབ་ཐུབ་ཀྱི་མ་རེད། ཁོ་པ་དང་འབྲེལ་བའི་ཁ་མཆུ་ཕྱིར་འཐེན་བྱས་པ་དེས་རྒྱ་ནག་གཞུང་ནས་བོད་མི་གནས་ཡུལ་གྱི་ས་གནས་ཁག་ཏུ་སོ་མྱུང་གྱི་ལས་དོན་སྤེལ་གྱི་མེད་པ་ཞིག་མཚོན་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསྒྲགས་གཏམ་ནང་རྒྱ་ནག་གཞུང་དང་ལྷག་པར་དུ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་ནས་དུས་རྟག་ཏུ་༸གོང་ས་མཆོག་གིས་དབུས་པའི་བོད་མིའི་འགོ་ཁྲིད་ཀྱི་ལས་དོན་ལ་ཁྱད་གསོད་དང་བོད་མིའི་སྤྱི་ཚོགས་ནང་ཁུལ་འགལ་ཟླ་བཟོ་རྒྱུའི་ལས་དོན་སྣ་ཚོགས་བསྟུད་མར་སྤེལ་བཞིན་ཡོད་པ་གསུངས་འདུག

དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་ཨ་རིའི་གྲོས་ཚོགས་གོང་མའི་འགོ་ཁྲིད་སྐུ་ཞབས་ Chuck Schumer ལགས་ཀྱི་མཚན་ཐོག་བརྒྱུད་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ཡུལ་དེའི་ས་གནས་གཞུང་གི་ཁྲིམས་ཁང་གིས་རྒྱ་ནག་གི་སོ་ཉུལ་བར་དོགས་གཞི་ཡོད་པ་པདྨ་དར་རྒྱས་ངག་དབང་ཟེར་བ་དང་འབྲེལ་བའི་ཁ་མཆུ་ཕྱིར་འཐེན་བྱས་པའི་གནད་དོན་ཐོག་འགན་ཁུར་དམ་དོན་ཡོང་བའི་ཞུ་བསྐུལ་གནང་འདུག་པར་མ་ཟད། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ས་གནས་སུ་ཡོད་པའི་བོད་མི་རྣམས་ནས་གནད་དོན་འདི་དང་འབྲེལ་ས་གནས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་སྐུལ་གནང་དགོས་པའི་འབོད་སྐུལ་ཞུས་འདུག

རྩ་བའི་ཕྱི་ལོ་ ༢༠༢༠ ལོར་ནིའུ་ཡོག་གྲོང་ཁྱེར་གྱི་གསང་བའི་ལས་ཁུངས་ནས་གྲོང་ཁྱེར་ནིའུ་ཡོག་གི་ཉེན་རྟོག་པ་པདྨ་དར་རྒྱས་ངག་དབང་ཟེར་བ་དེས་ཕྱི་ལོ་ ༢༠༡༤ ལོ་ནས་ས་གནས་སུ་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་དང་འབྲེལ་བ་བྱས་ཏེ་ཁུལ་དེར་ཡོད་པའི་བོད་མི་རྣམས་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་པར་མ་ཟད། ཕྱི་ལོ་ ༢༠༡༦ ལོར་ཉེན་རྟོག་ལས་ཁུངས་ཀྱི་ལས་དོན་ནང་འཛུལ་ཞུགས་བྱས་རྗེས་གཞུང་གི་གོ་གནས་སྤྱོད་དེ་བོད་མི་དང་འབྲེལ་བའི་གནས་ཚུལ་ཁོ་ན་ཙམ་མིན་པར་ཨ་རི་གཞུང་གི་ལས་དོན་དང་འབྲེལ་བའི་གནས་ཚུལ་ཁག་གཅིག་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་ཡོད་པ་སོགས་ཀྱི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་པ་ཞིག་ཆགས་ཀྱི་ཡོད་པ་དང་། སྔ་ལོ་ ༢༠༢༢ ལོའི་ཕྱི་ཟླ་བརྒྱད་ཙམ་ལ་ས་གནས་ཁྲིམས་ཁང་གིས་ཁོ་པར་ཨ་སྒོར་ས་ཡ་གཉིས་ཀྱི་གན་རྒྱ་བཞག་ཏེ་གློད་བཀྲོལ་བཏང་ཡོད་པ་རེད།

(Visited 170 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།