Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བོད་ཀྱི་རིག་གཞུང་ངོ་བོ་རྩ་མེད་བཟོ་བའི་ལས་འགུལ་ལ་སྐྱོན་བརྗོད།

བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བོད་ཀྱི་རིག་གཞུང་ངོ་བོ་རྩ་མེད་བཟོ་བའི་ལས་འགུལ་ལ་སྐྱོན་བརྗོད།

བལ་ཡུལ་དེ་བཞིན་བོད་མི་ཚོར་ཉེན་ཁ་ཆེ་བའི་ས་ཁུལ་དུ་འགྱུར་བཞིན་པའི་སྙན་ཐོ་འདོན་སྤེལ།

བལ་ཡུལ་དེ་བཞིན་བོད་མི་ཚོར་ཉེན་ཁ་ཆེ་བའི་ས་ཁུལ་དུ་འགྱུར་བཞིན་པའི་སྙན་ཐོ་འདོན་སྤེལ།

ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཁག་ཅིག་ ITBP མཐུན་འགྱུར་འོག་ཤེས་ཡོན་ལྟ་སྐོར་གནང་བཞིན་པ།

ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཁག་ཅིག་ ITBP མཐུན་འགྱུར་འོག་ཤེས་ཡོན་ལྟ་སྐོར་གནང་བཞིན་པ།

ཉེ་སྔོན་བཞུགས་སྒར་དྷརྨ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་བ་བོད་མི་འཇམ་དབྱངས་བསྟན་འཛིན་ལགས་སུ་བཅར་འདྲི།

ཉེ་སྔོན་བཞུགས་སྒར་དྷརྨ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་བ་བོད་མི་འཇམ་དབྱངས་བསྟན་འཛིན་ལགས་སུ་བཅར་འདྲི།

འཇར་མ་ནི་དང་རྒྱ་ནག་གི་དཔལ་འབྱོར་ཚོགས་ཆེན་དང་འབྲེལ་ངོ་རྒོལ་ལས་འགུལ་སྤེལ་འདུག

  ཟླ་བ་འདིའི་ཕྱི་ཚེས་ ༦ དང་ ༧ བཅས་ཉིན་གྲངས་གཉིས་ཀྱི་འཇར་མ་ནི་དང་རྒྱ་ནག་བར་གྱི་དཔལ་འབྱོར་ཚོགས་ཆེན་ཐེངས་ ༡༠ དེ་འཇར་མ་ནིའི་གྲོང་ཁྱེར་ Darmstadt ནང་དུ་ཚོགས་ཡོད་པ་དང་། སྐབས་དེར་ཡུལ་དེར་རྟེན་གཞི་བྱས་པའི་ Tibet Initiative Deutschland ཞེས་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པས་ངོ་རྒོལ་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མ་བྱེད་བར་དུ་དཔལ་འབྱོར་གྱི་འབྲེལ་ལམ་འཛུགས་རྒྱུ་མེད་པའི་དགོས་འདུན་བཏོན་འདུག ཚོགས་འདུ་དེ་ནི་འཇར་མཎ་ནིའི་སྤྱི་ཚོགས་མང་གཙོ་སྲིད་དོན་ཚོགས་པའི་ཆབ་སྲིད་མི་སྣ་ཟུར་པ་ Hodosherfin ཡིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། དེར་ཆབ་སྲིད་ཚོགས་པ་དེའི་འཐུས་མི་ Olaf Lies དང་། ཡུལ་དེའི་ནང་སྲིད་བློན་ཆེན་ཟུར་པ་ Hans-Peter Friedrich འཇར་མ་ནི་ Thüringen མངའ་སྡེའི་དཔལ་འབྱོར་དང་ཚན་རྩལ་སྡེ་ཚན་གྱི་འགན་འཛིན་ Wolfgang Tiefensee དེ་བཞིན་ Darmstadt གྲོང་ཁྱེར་སྤྱི་ཁྱབ་ Hanno Benz སོགས་ཆབ་སྲིད་མི་སྣ་ཁག་ཅིག་དང་། རྒྱ་ནག་རིག་པ་བ་ཁག་ཅིག International Department of CCP ཞེས་རྒྱ་ནག་དམར་ཤོག་ཚོགས་པའི་གསང་བའི་ལས་ཁུངས་ཀྱི་མི་སྣ་ཁག་ཅིག Allianz, Merck, BMW and Bosch བཅས་ཁེ་གཉེར་ཚོང་ལས་སྡེ་ཚོགས་ཆེ་ཁག་གི་སྐུ་ཚབ་རྣམས་མཉམ་ཞུགས་བྱས་ཡོད་པ་རེད་འདུག International Department of CCP ཞེས་རྒྱ་ནག་དམར་ཤོག་ཚོགས་པའི་གསང་བའི་ལས་ཁུངས་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་དམར་གཞུང་གི་སྲིད་བྱུས་དྲིལ་བསྒྲགས་བྱེད་མཁན་ཞིག་ཡིན་པར་བརྟེན། ཉེ་སྔོན་ཕྱི་ཟླ་ ༧ ནང་ Office for the Protection of the Constitution ཞེས་འཇར་མ་ནིའི་གཞུང་གི་རྩ་ཁྲིམས་སྲུང་སྐྱོབ་ལས་ཁུངས་ཀྱིས་ངོས་ནས་གོང་གསལ་ལས་ཁུངས་ཀྱི་གནད་དོན་དང་འབྲེལ་ནས་ཉེན་བརྡ་ནན་པོ་བཏང་ཡོད་པ་རེད། རྩ་བའི་ཐེངས་འདིའི་ལས་འགུལ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཡུ་གུར་མི་རིགས་བཅས་ཁྱོན་མི་གྲངས་ ༡༥ ཙམ་ལྷན་ཞུགས་གནང་ཡོད་པ་དང་། འདི་ག་རླུང་འཕྲིན་ཁང་གིས་འཇར་མཎ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ Lynda Zoechbauer ལགས་སུ་གནད་དོན་དང་དེ་འབྲེལ་ནས་བཀའ་འདྲི་ཞུས་སྐབས་ཁོང་གིས། སྐབས་དེར་ཚོགས་འདུ་ཚོགས་ཡུལ་དེར་སྔ་དགོང་སོ་སོར་བོད་ཀྱི་རྒྱལ་དར་སོགས་འཆར་ཏེ་རྒྱ་གཞུང་གི་སྐུ་ཚབ་རྣམས་ལ་བོད་དང་ཤར་ཏུར་ཀི་སི་ཏན་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སོགས་འཕྲལ་མར་འཚམས་འཇོག་དགོས་པའི་ངོ་རྒོལ་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མ་བྱེད་བར་དུ་དཔལ་འབྱོར་གྱི་འབྲེལ་ལམ་འཛུགས་རྒྱུ་མེད་པའི་དགོས་འདུན་བཏོན་ཅིང་། ཚོགས་འདུ་དེར་མཉམ་ཞུགས་བྱེད་མཁན་ཆབ་སྲིད་མི་སྣ་དང་། དཔལ་འབྱོར་སྡེ་ཁག་གི་འགོ་ཁྲིད་སོགས་ནས་རང་ཉིད་ཀྱི་ལས་འགན་བསྒྲུབ་དགོས་པ། ལྷག་པར་དུ་རྒྱལ་ཁབ་ཕན་ཚུན་བར་དཔལ་འབྱོར་གྱི་འབྲེལ་ལམ་འཛུགས་པ་ལ་འགྲོ་བ་མིའི་ཐོབ་ཐང་གཞི་རྩར་བཞག་དགོས་གལ་ཡིན་པ་གསུངས་སོང་། མ་ཟད་ང་ཚོས་ལས་དོན་ནི་ཕྱི་གསལ་ནང་གསལ་དང་འགན་འཁུར་ལྡན་པ་བཟོ་རྒྱུ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པར་བརྟེན། དེ་ལྟ་བུའི་ཚོགས་འདུ་ནང་རྒྱ་ནག་མཉམ་ཞུགས་ཀྱིས་དམར་ཤོག་ཚོགས་པའི་སྲིད་བྱུས་དྲིལ་བསྒྲགས་བྱ་རྒྱུའི་སྡིངས་ཆ་བསྐྲུན་པར་ངོ་རྒོལ་ཡོད་པ་འགྲེལ་བརྗོད་དང་འབྲེལ། ཁུལ་དེར་རྒྱ་ནག་གི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། རྒྱ་གཞུང་གི་རྒྱལ་མཚམས་ལས་བརྒལ་ཏེ་བོད་མི་དང་ཡུ་གུར་བ་སོགས་ལ་འཇིགས་སྐུལ་དང་དམ་བསྒྲགས་ཀྱི་གནད་དོན་ཐོག་ལའང་ལས་དོན་གཉེར་བཞིན་ཡོད་སྐོར་གསུངས་ཏེ། འཇར་མ་ནི་གཞུང་གི་ངོས་ནས་རྒྱ་ནག་ཐོག་བཞེངས་ཕྱོགས་གསལ་པོ་བཟོས་ཐོག་འདི་ལོར་འདོན་སྤེལ་གནང་བའི་རྒྱ་ནག་དང་འབྲེལ་བའི་འཐབ་བྱུས་ཡིག་ཆ་ནང་གསལ་ལ་གཞིགས་ནས་ཚོང་འབྲེལ་ཕྱིར་འཐེན་བྱ་དགོས་གལ་ཡིན་པ་སོགས་གསུངས་སོང་། གཞི་རྩའི་ཕྱི་ལོ་ ༡༩༧༢ ལོ་ནས་བཟུངའ་ཇར་མ་ནི་དང་རྒྱ་ནག་བར་གཞུང་འབྲེལ་གྱི་འབྲེལ་ལམ་འགོ་ཚུགས་ཏེ་ཕན་ཚུན་ཚོང་འབྲེལ་གྱི་ཐོག་ནས་འབྲེལ་ལམ་ཤུགས་ཆེར་གཉེར་ཡོད་པ་དེ་ལྟར་ཡང་། རིམ་པས་ཕན་ཚུན་བར་འབྲེལ་ལམ་ཇེ་སྔུག་ཏུ་ཕྱིན་ཏེ་འདི་ལོའི་ཕྱི་ཟླ་ ༦ པའི་ནང་འཇར་མ་ནི་གཞུང་གིས་ཡུལ་དེའི་བདེ་འཇགས་དང་འབྲེལ་བའི་འཐབ་བྱུས་ཡིག་ཆ་ཐེངས་དང་པོ་ཡོངས་གྲགས་གནང་བའི་ནང་རྒྱ་ནག་གིས་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་དམིགས་བསྒྲུབ་ཆེད་ཨེ་ཤེ་ཡའི་ནང་དབང་ཤུགས་ཇེ་ཆེར་སྤེལ་བཞིན་པར་རྒྱལ་སྤྱིའི་བདེ་འཇགས་ཐད་ཉིན་རེ་བཞིན་ཉེན་ཚབས་ཆེ་ཆེར་འགྲོ་བཞིན་པ་ཐེར་འདོན་གནང་བ་མ་ཟད། ཟླ་ ༩ པའི་ནང་ཡུལ་དེའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Annalena Baerbock མཆོག་གིས་ཞི་ཅིན་ཕིང་ལ་སྲིད་དབང་སྒེར་སྤྱོད་པ་ཞེས་སྐྱོན་བརྗོད་གནང་ཡོད་པ་རེད།

ཐོས་དོན་སྒྲུབ་ལ་གཞོལ་དགོས་གལ་ཡིན་པ་རེད་ཅེས་གསུངས་སོང་།

ཐོས་དོན་སྒྲུབ་ལ་གཞོལ་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་།

ཉི་འོང་ནང་དུ་ཨེ་ཤི་ཡ་ས་ཁུལ་ཚོགས་འདུ་དང་འབྲེལ་བའི་བཅར་འདྲི།

ཉི་འོང་ནང་དུ་ཨེ་ཤི་ཡ་ས་མཐོའི་ཚོགས་འདུ་དང་འབྲེལ་བའི་བཅར་འདྲི།

བོད་ནམ་ཡང་མ་བརྗེད་ཅེས་པའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས།

བོད་ནམ་ཡང་མ་བརྗེད་ཅེས་པའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས།

བཞུགས་སྒར་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ།

བཞུགས་སྒར་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ།

Latest news