Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཕྱི་རྒྱལ་གཞུང་ཚབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་མཚམས་འཇོག་དགོས་པའི་སྐུལ་མ་བྱས་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

ཁ་སང་ཉི་ཧོང་གི་གསར་ཁང་གྲགས་ཅན་ Kyodo གྱི་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་ཨ་རི་དང་ཁེ་ན་ཌ། འཇར་མ་ནི། པོ་ལན་ཌི་བཅས་ཕྱི་རྒྱལ་གཞུང་ཚབ་ཁང་ཁག་གིས་ལས་ཁུངས་ཀྱི་གྱང་ངོས་སུ་ཡུཀ་རེན་གྱི་རྒྱལ་དར་སྒྲེང་འཛུགས་དང་རྒྱ་ཡིག་དང་དབྱིན་ཡིག་ཐོག་ཡུཀ་རེན་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་བཀོད་པ་ལྟར། ཟླ་ ༥ ཚེས་ ༡༠ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་ནང་དུ་རྟེན་གཞི་བྱས་པའི་རྒྱལ་ཁབ་དེ་དག་གི་གཞུང་ཚབ་ཁང་ལ་ཆབ་སྲིད་ཀྱི་ལས་དོན་སླད་དྲིལ་བསྒྲགས་འཕྲལ་མར་མཚམ་འཇོགས་དགོས་པ་དང་། རྒྱལ་ཁབ་ཕན་ཚུན་དབར་གདོང་ཐུག་གི་གནད་དོན་འགོག་ཐབས་བྱེད་དགོས་ཞེས་སྐུལ་མ་བྱས་པ་དང་ཆབས་ཅིག་པེ་ཅིང་དུ་རྟེན་གཞི་བྱས་པའི་ཕྱི་རྒྱལ་གཞུང་ཚབ་ཁག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་གཞུང་གི་ཁྲིམས་དང་སྒྲིག་གཞི་ལ་གུས་བརྩི་ཞུ་་དགོས་པའི་བཀོད་ཁྱབ་ཀྱང་བཏང་འདུག

འོན་ཏང་ཕྱི་རྒྱལ་གཞུང་ཚབ་ཁག་ནས་རྒྱ་གཞུང་གིས་ Vienna Convention ཞེས་ཕྱི་འབྲེལ་ལས་དོན་དང་འབྲེལ་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་ལ་བརྩི་མེད་རྡོག་རོལ་གྱིས་དེ་ལྟ་བུའི་གཞུང་འབྲེལ་བཀོད་ཁྱབ་བཏང་བར་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་འདུག་སྟབས་ཡུ་རོབ་སྐུ་ཚབ་ཀྱིས་དེར་ངོས་ལེན་ཞུ་ཐབས་མེད་སྐོར་གསུངས་འདུག

ཉེ་ལམ་ཨུ་རུ་སུའི་གཞུང་ཚབ་ཟུར་པ་ Liu Hui ཟེར་བ་དམིགས་བསལ་བསྐོ་གཞག་གིས་ཁོང་རེས་གཟའ་མིག་དམར་ཉིན་ཡུཀ་རེན་དང་ཨུ་རུ་སུ། པོ་ལན་ཌི། ཕ་རན་སི། འཇར་མ་ནི་རྒྱལ་ཁབ་བཅས་ལ་ཆེད་གཏོང་གིས་ཕྱོགས་གཉིས་དབར་གྲོས་མོལ་གནང་གལ་དང་གང་མགྱོགས་དམག་འཁྲུག་ཞི་འགྲིག་ཡོང་བའི་ཐབས་ཤེས་འཚོལ་བཞིན་ཡོད་ཀྱང་། རྒྱ་ནག་དང་ཨུ་རུ་སུ་གཉིས་དབར་འབྲེལ་ལམ་དམ་ཟབ་ཡོད་པའི་གནད་དོན་ལ་གཞིགས་ནས་ནུབ་ཕྱོགས་ རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་ལས་གཞི་དེར་དམིགས་བསལ་གྲུབ་འབྲས་སོན་དཀའ་བར་ཚོད་དཔག་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།