Tibetan Royal Year of 2150 | Year of the Water Rabbit

ལ་དྭགས་སུ་གནམ་གཤིས་ཕོར་པའི་རྩེད་འགྲན་ནང་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་མཉམ་ཞུགས།

Tibetan News Headlines

  • རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།
  • ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།
  • བོད་མིའི་མདུན་ལམ་སློབ་གཉེར་ཁང་གིས་ལྷོ་ཕྱོགས་གཞིས་མིར་གོ་རྟོགས་ལས་གཞི་སྤེལ་བ།
  • བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དེ་བྱུང་སྐོར་མཁན་པོ་འཇིགས་མེད་བློ་གྲོས་ལགས་སུ་བཅར་འདྲི།

Friday 29/09/2023

  • UN Human Rights Council told: ‘End repression in Tibet; reject China’s membership bid’
  • China uses ‘deceptive ’methods to sow disinformation, US says
  • CTA carries out a career awareness program in South India
  • History of Khamgar Druk Shedra/College

ཟླ་བ་འདིའི་ཕྱི་ཚེས་ ༡ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༧ བར་ཉིན་གྲངས་བདུན་རིང་ལ་དྭགས་དབུས་གཞུང་མངའ་སྡེའི་འཛིན་སྐྱོང་དང་། ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག་ལ་དྭགས་རྐང་སྤོལ་རྩེད་རིགས་ཚོགས་པའི་འགན་འཁུར་གྱིས་གླེ་དཔེ་ཐུབ་དགོན་པའི་ཉེ་འདབས་སུ་ཆགས་པའི་དཔེ་ཐུབ་རྩེད་རར་ Climate Cup ཞེས་གནམ་གཤིས་ཕོར་པའི་རྐང་སྤོལ་རྩེད་འགྲན་ནང་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་མཉམ་ཞུགས་གནང་འདུག

རྩེད་འགྲན་དེའི་ནང་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་དང་། UT Ladakh ཞེས་དབུས་འཛིན་མངའ་ཁུལ་ལ་དྭགས་རུ་ཁག དེ་བཞིན་ 1Ladakh FC ཞེས་ལ་དྭགས་ས་གནས་ཀྱི་རྐང་སྤོལ་རུ་ཁག་དང་། ལྡི་ལི་རྐང་སྤོལ་རུ་ཁག་བཅས་མཉམ་ཞུགས་གནང་འདུག་པ་དང་། རྩེད་འགྲན་དེའི་དམིགས་ཡུལ་གཙོ་བོ་ནི། དེང་སྐབས་གོ་ལའི་གནམ་གཤིས་འགྱུར་ལྡོག་རྐྱེན་པས་ཚ་དྲོད་འཕེལ་བཞིན་ཡོད་སྟབས། དེ་འབྲེལ་གོ་རྟོགས་སྤེལ་ཆེད་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་འདུག

འདི་ཚེས་ ༡ ཉིན་དབུ་འབྱེད་རྩེད་འགྲན་དེ་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་དང་། ལྡི་ལི་རྐང་སྤོལ་རུ་ཁག་གཉིས་བར་རྩེད་འགྲན་གྱིས་སྤོ་ལོ་ ༢ དང་ ༤ བཅས་ལྡི་ལི་རྐང་སྤོལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། རྩེད་འགྲན་དེའི་ཁྲོད་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་ཚུལ་ཁྲིམས་ཟླ་བ་ལགས་སུ་རྩེད་འགྲན་པ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་ཅིང་། ཉིན་དེའི་རྩེད་འགྲན་གཉིས་པར་དབུས་འཛིན་མངའ་ཁུལ་ལ་དྭགས་རུ་ཁག་དང་། ལ་དྭགས་ས་གནས་ཀྱི་རྐང་སྤོལ་རུ་ཁག་གཉིས་བར་རྩེད་འགྲན་གནང་སྟེ། སྤོ་ལོ་ ༡ ནང་ ༢ བཅས་ལ་དྭགས་ས་གནས་ཀྱི་རྐང་སྤོལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད།

དེ་བཞིན་ཁ་སང་ཕྱི་ཚེས་ ༣ ཉིན་རིམ་པ་གཉིས་པའི་རྩེད་འགྲན་དང་པོའི་ནང་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་དང་། དབུས་འཛིན་མངའ་ཁུལ་ལ་དྭགས་རུ་ཁག་གཉིས་བར་རྩེད་འགྲན་གནང་སྟེ། སྤོ་ལོ་ ༤ དང་ ༢ བཅས་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། ཉིན་དེའི་རྩེད་འགྲན་གཉིས་པར་ལྡི་ལི་རུ་ཁག་དང་། ལ་དྭགས་ས་གནས་རྐང་སྤོལ་རུ་ཁག་གཉིས་བར་རྩེད་འགྲན་གྱིས་སྤོ་ལོ་ ༢ དང་ ༡ བཅས་ལྡི་ལི་རྐང་སྤོལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།

རྩེད་འགྲན་གྱི་རེའུ་མིག་ནང་གསལ་ལྟར་ན། སང་ཉིན་ཕྱི་ཚེས་ ༥ ཉིན་གྱི་རིམ་པ་གསུམ་པའི་རྩེད་འགྲན་དང་པོར་དབུས་འཛིན་མངའ་ཁུལ་ལ་དྭགས་རུ་ཁག་དང་། ལྡི་ལི་རུ་ཁག་གཉིས་བར་རྩེད་འགྲན་གནང་རྒྱུ་དང་། གཉིས་པར་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་དང་། ལ་དྭགས་ས་གནས་རྐང་སྤོལ་རུ་ཁག་གཉིས་བར་རྩེད་འགྲན་གནང་རྒྱུ་ཡིན་པ་རེད།

འདི་ག་རླུང་འཕྲིན་ཁང་གིས་རྩེད་འགྲན་དེ་དང་འབྲེལ་ནས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་སློབ་སྟོན་པ་བློ་བཟང་དབང་ཕྱུག་ལགས་སུ་བཀའ་འདྲི་ཞུས་པ་གཤམ་གྱི་སྒྲ་སྒམ་ནས་གསན་ཐུབ།

འབྲེལ་ཡོད་གསར་གནས།

གསར་གནས།