Tibetan Royal Year of 2151 | Year of the Wood Dragon

Covaxin  སྔོན་ཁབ་བྱིས་པ་ཚོར་ཛ་དྲག་ཆེད་བེད་སྤྱོད་གཏོང་རྒྱུར་བཀའ་ཁྲོལ་ཐོབ་འདུག    

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

དཔྱད་ཞིབ་པས་ནད་རླབས་གསུམ་པ་དེ་བྱིས་པ་ཚོར་ཉེན་ཁ་ཆགས་སྲིད་ཀྱི་རེད་ཅེས་གསུངས་ཀྱི་ཡོད་པ་ལྟར།   ད་ཆ་ Covaxin  སྔོན་ཁབ་དེ་ལོ་ན་ ༢ ནས་ ༡༨ ཀྱི་བྱིས་པ་ཚོར་ཛ་དྲག་ཆེད་བེད་སྤྱོད་གཏོང་རྒྱུར་བཀའ་ཁྲོལ་གནང་འདུག ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ COVID19 ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༨༡ པའི་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས།  ད་ཆར་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཇེ་བཟང་དུ་འགྲོ་བཞིན་ཡོད་ཀྱང་དེ་སྔ་ནད་རླབས་གཉིས་པ་ལས་སློབ་གསོ་བླངས་ཏེ་ལྷག་པར་ཐུགས་གཟབ་གནང་གལ་ཡིན་པ་གསུངས་སོང་ལ།   ལྷག་པར་འདི་ལོ་དགུན་ཚོང་ལ་ཕེབས་མཁན་བོད་མི་རྣམས་ནས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགོག་ཐབས་ཀྱི་ལམ་སྟོན་ཁག་མུ་མཐུད་བསྟེན་གནང་གལ་ཡིན་པ་མ་ཟད།  ད་ཆ་རིམ་པས་སློབ་གྲྭ་ཁག་འགོ་འཛུགས་ངེས་ཡིན་སྟབས།  སློབ་ཕྲུག་ཚོ་འདུ་འཛོམས་ཆེ་སར་རླུང་འགྲོ་ཡག་པོ་དགོས་གལ་དང་སློབ་གྲྭའི་དགེ་ལས་ཚོའི་ཏོག་དབྱིབས་སྔོན་འགོག་ཐད་ལམ་སྟོན་ཡང་ཡང་གནང་རོགས་བཅས་དོན་ཚན་ལྔ་གསུངས་སོང་།

ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་གསོ་རིག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་ཁྱོན་ནད་གཞི་ཕོག་མཁན་མི་གྲངས་ ༥༥ དང་དེའི་ཁྲོད་དགུང་ལོ་བགྲེས་ཤོས་དེ་ ༩༣ དང་ཆུང་ཤོས་དེ་ ༢༢ ཡིན་པ་དང་།   ནད་ཡམས་རྐྱེན་གྱིས་སྐྱེས་མ་རང་ལོ་ ༨༨ སོན་པ་ཞིག་གཅིན་སྙིའི་ནད་གཞི་ཡོད་པ་ཞིག་འདས་གྲོངས་སུ་གྱུར་ཡོད་པ་བཅས་ཁྱོན་རྒྱ་བལ་གཉིས་ནང་ད་བར་ནད་གཞི་ཕོག་པ་དེ་ ༦༦༦༨ དང་དྲག་སྐྱེད་སོང་བ་ ༦༤༡༧ ནད་ཡམས་རྐྱེན་གྱིས་འདས་གྲོངས་སོང་བ་བོད་མི་ ༡༥༢ དང་ད་ཆ་ནད་ཀྱིས་མནར་བཞིན་པ་དེ་ ༩༩ ཡོད་པ་གསུངས་བ་དང་ཆབས་ཅིག ནད་རྟགས་རིགས་མངོན་སྐབས་ངེས་པར་དུ་བརྟག་དཔྱད་དང་ཟུར་བཀག་གནང་རོགས་ཞེས་བསྐྱར་ནན་གནང་སོང་།དེ་བཞིན་ཁོང་གིས་སྔོན་ཁབ་དང་འབྲེལ།  རྒྱ་གར་ནང་ད་བར་ཏོག་དབྱིབས་སྔོན་འགོག་སྨན་ཁབ་རིམ་པ་གཉིས་ཀ་ཐོབ་པའི་བོད་མི་གྲངས་འབོར་དེ་༣༩༩༨༤ དང་རིམ་པ་དང་པོ་ཐོབ་པ་དེ་ ༡༡༤༦༧ དང་ཕྱོགས་མཚུངས་བལ་ཡུལ་ཁུལ་དུ་སྔོན་ཁབ་གཉིས་ཀ་ཐོབ་ཟིན་པ་དེ་ ༦༦༩༧ དང་རིམ་པ་དང་པོ་ཐོབ་པ་དེ་ ༥༡ ཆགས་ཀྱི་ཡོད་པ་གསུངས་སོང་།   ཆབས་ཅིག་རྒྱ་གར་ནང་བྱིས་པ་ལོ་གཉིས་ནས་བཅོ་བརྒྱད་དབར་སྔོན་ཁབ་གང་མྱུར་བསྐྱོན་རྒྱུ་ཡིན་པས་འབྲེལ་ཡོད་སློབ་གྲྭའི་འགན་འཛིན་དང་སློབ་སྤྱི།  ཕ་མ་རྣམས་ཀྱིས་ངེས་པར་དུ་ཐུགས་སྣང་གནང་རོགས་ཞེས་གསུངས་སོང་།མ་ཟད་གསར་འགོད་གསལ་བསྒྲགས་ཐོག་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ཆ་རྒྱ་གར་ནང་ནད་ཡམས་དང་འབྲེལ་གནས་སྟངས་ཇེ་བཟང་འགྲོ་མུས་ཡིན་པ་དང་སྒོས།    རང་རེའི་བོད་པའི་སྤྱི་ཚོགས་ཁྲོད་དཀའ་ངལ་ཆེ་བ་དེ་མོན་གྷོ་དང་སྦེལ་ཀོབ་གཉིས་ཆགས་ཀྱི་འདུག་པས་མང་ཚོགས་ནས་ནད་རྟགས་རིགས་ཐོན་སྐབས་གང་མགྱོགས་མགྱོགས་དང་གང་མང་མང་བརྟག་དཔྱད་གནང་གལ་ཡིན་པའི་ཐད་ཐུགས་འགན་བཞེས་རོགས་ཞེས་འབོད་སྐུལ་ཞུས་སོང་།

དེ་བཞིན་ད་དུང་རྒྱ་གར་ནང་བྱིས་པ་ལོ་ ༢ ནས་ ༡༨ བར་ Covaxin འགོག་ཁབ་དེ་བཞིན་ཛ་དྲག་ཆེད་བེད་སྤྱོད་གཏོང་རྒྱུ་ཡིན་ནའང་ད་ཆ་ Drug Controller General of India ནས་བཀའ་ཁྲོལ་ཐོབ་མེད།     འོན་ཀྱང་སྔོན་ཁབ་སོགས་ཀྱི་གྲ་སྒྲིག་ཚགས་ཚུད་སླད་ད་ལྟ་ནས་སློབ་གྲྭ་དང་དགོན་སྡེ་གྲྭ་ཚང་ནས་བྱིས་པ་ཚོའི་གྲངས་ཐོ་བསྡུ་རུབ་གནང་རོགས་ཞེས་གསུངས་སོང་།

 

 

འབྲེལ་ཡོད་གསར་གནས།

གསར་གནས།