Tibetan Royal Year of 2151 | Year of the Wood Dragon

Douyin ནང་བོད་ཡིག་བཀོལ་སྤྱོད་མ་ཐུབ་པར་ཆེས་སེམས་འཚབ་ཀྱི་རྣམ་པ་འདོན་བཞིན་པ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

བོད་ནང་གི་བོད་མི་མང་པོས་རང་གི་ཚོང་ལས་དང་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ལས་དོན་ཆེད་བེད་སྤྱོད་གཏོང་བཞིན་པའི་རྒྱ་ནག་གི་ཐད་གཏོང་མཉེན་ཆས་ Douyin ནང་བོད་ཡིག་བཀོལ་སྤྱོད་མ་ཐུབ་པར་མུ་མཐུད་ཆེས་སེམས་འཚབ་ཀྱི་རྣམ་པ་བཏོན་གནང་སྟེ་རྒྱ་གཞུང་ལ་སྐྱོན་བརྗོད་གནང་བཞིན་འདུག

Douyin Tibetan Ban

དེ་ཡང་ཉེ་ཆར་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་རྒྱལ་ནང་དུ་བཀོལ་སྤྱོད་ཆེ་བའི་རྒྱ་ནག་གི་ཐད་གཏོང་མཉེན་ཆས་ Douyin ཀྱི་ནང་དུ་བོད་སྐད་བཤད་པ་དང་བོད་ཡིག་འབྲི་བ་སོགས་རང་བཞིན་གྱིས་ནག་བསུབ་བཏང་སྟེ་བོད་ཡིག་བཀོལ་སྤྱོད་མི་ཐུབ་པ་བཟོས་པར་བོད་ནང་གི་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་སྤྱི་ཚོགས་དྲྭ་རྒྱའི་སྟེང་ཐད་གཏོང་གི་ལམ་ནས་ Douyin མཉེན་ཆས་ནང་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མི་བཅུག་པའི་གནད་དོན་གླེང་སྟེ་འབྲེལ་ཡོད་སྲིད་གཞུང་དང་ས་གནས་གཞུང་གིས་ངེས་པར་དུ་དྲྭ་ལམ་གྱི་ཁྲིམས་ལྟར་བོད་སྐད་ཡིག་གི་ཐོབ་ཐང་ལ་སྲུང་སྐྱོབ་དགོས་པའི་དགོས་འདུན་འདོན་བཞིན་པའི་མཚམས་འདིར། ཁ་སང་བོད་ནང་གི་མདོ་འཛིན་པ་ཞིག་གིས་རྒྱ་གཞུང་ནས་ Douyin ནང་བོད་ཡིག་བཀོལ་སྤྱོད་བཀག་སྡོམ་བྱས་པ་དེ་བདེན་པ་རེད་འདུག་ཞེས་དང་ཁོང་ནས་རང་གི་ཕ་སྐད་ཀྱི་ཐོག་ནས་ Douyin ནང་ཚིག་ཁ་ཤས་བཤད་ཐབས་བྱས་པས་དེ་དག་གློ་བུར་དུ་བཀག་འགོག་བྱས་ཡོད་པ་དེ་ནི་གཙོ་བོ་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་མི་རིགས་ཀྱི་སྐད་རིགས་སྲུང་སྐྱོབ་དང་ཤུལ་བཞག་བསྐྱར་གསོ་ཞེས་པའི་ཐོབ་ཐང་ཡིན་པ་འགྲེལ་བརྗོད་གནང་སྟེ་ད་ཆ་རྒྱ་ནག་གི་ཊིག་ཏོག་གིས་བོད་སྐད་ལ་དབྱེ་འབྱེད་བྱེད་བཞིན་པའི་ཐད་བོད་ནང་གི་བོད་མི་གཞུང་འབྲེལ་ལས་བྱེད་ཚོས་སྐད་ཆ་ཤོད་རན་པའི་དུས་ལ་བབས་འདུག་ཞེས་ནན་བརྗོད་གནང་འདུག

Douyin Tibetan Ban

དེ་བཞིན་བོད་ནང་གི་བུད་མེད་གཅིག་གིས་ཁོང་ནི་བོད་སྐད་ཤོད་ཐུབ་མཁན་གྱི་མི་རིགས་ཤིག་ཡིན་པས་རྒྱ་སྐད་ཡང་དག་པ་ཞིག་ཤོད་མི་ཤེས་ན་ཁོང་ནས་རང་གི་ཕ་སྐད་ཐོག་ནས་བརྙན་འཕྲིན་གཏོང་མི་ཐུབ་པའི་དོན་ཅི་ཡིན་ནམ་ཞེས་རྒྱ་གཞུང་ལ་འདྲི་བ་བཏང་བ་མ་ཟད། ཡང་ཚོགས་པ་གཞན་ཞིག་གིས་གལ་སྲིད་རྒྱ་མིས་མུ་མཐུད་རྫུན་བཤད་ནས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་དྲག་གནོན་བྱེད་ཀྱི་མེད་ཅེས་བཤད་ཀྱི་ཡོད་ན། ད་ཆ་རང་ཉིད་ཀྱི་མིག་ཕྱེ་ནས་ལྟོས་དང་བདེན་དཔང་ནི་སྲང་ལམ་གང་སར་ཁྱབ་ཡོད་ཅེས་ཟུར་ཟ་བྱས་འདུག

རྩ་བའི་ཟླ་བ་འདིའི་མགོ་སྟོད་ནས་བོད་ཀྱི་སྤྱི་ཚོགས་དྲྭ་ཚིགས་ཁག་ཏུ་རྒྱ་ནག་གཞུང་གིས་བོད་ཡིག་གི་བརྙན་འཕྲིན་རྣམས་ Douyin ནས་ཕྱིར་བསྡུ་བྱེད་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་ཤུགས་ཆེར་འགྲོ་བཞིན་པའི་ཁྲོད་འདིར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་སྐད་ཡིག་ནི་གང་ཟག་གཅིག་གི་རིག་གཞུང་གི་ངོ་བོ་གལ་ཆེན་ཞིག་ཡིན་པ་དང་བོད་མི་ཚོར་རང་གི་སྐད་ཡིག་སྤྱོད་དབང་མི་སྤྲོད་པ་དེས་བོད་མིའི་ངོ་བོ་རྒྱུན་འཛིན་བྱེད་པར་བཀག་འགོག་བྱས་པ་ཆགས་ཡོད་ཅེས་གསུངས་ཏེ་རྒྱ་ནག་གཞུང་གིས་ངེས་པར་དུ་ཆབ་སྲིད་དང་། སྤྱི་དམངས་ཐོབ་ཐང་། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་སྤྱི་ཆིངས་སོགས་ཀྱི་སྙིང་པོ་སྟེ་མི་ཐམས་ཅད་འདྲ་མཉམ་ཡིན་པ་དང་དབྱེ་འབྱེད་མི་རུང་བའི་རྩ་འཛིན་ལ་ངེས་པར་དུ་དམ་སྲུང་བྱས་ནས་བོད་མི་རྣམས་ལ་རང་གི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ཐོབ་ཐང་སྤྲད་དགོས་ཞེས་ནན་བརྗོད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།