Tibetan Royal Year of 2151 | Year of the Wood Dragon

G7 འགོ་ཁྲིད་ཚོས་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་སེམས་འཚབ་སྟོན་པ།

Tibetan News Headlines

  • North America Tibetans to offer ‘Tenshug’ to the Dalai Lama
  • Tibetans in Canada celebrate Resolve Tibet Act and Canadian parliament motion for Tibet’s self determination
  • Dalai Lama extends congratulations to Ms. Roberta Metsola and Ms. Ursula von der Leyen on EU leadership continuation
  • EU-China ties looking rocky after re-election of Ursula von der Leyen

རེས་གཟའ་ཟླ་བ། ༢༠༢༤།༠༧།༢༢

  • ༸གོང་ས་མཆོག་ལ་བྱང་ཨ་རིའི་བོད་མི་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཞལ་བཞེས་ཐོབ་འདུག
  • ཨ་རིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དང་ཁེ་ན་ཌས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་བར་དགའ་སྟོན།
  • ༸གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་དང་ལྷན་ཚོགས་ཀྱི་ཚོགས་གཙོར་འཚམས་འདྲི་མཛད་འདུག
  • ལྕམ་ Ursula ལགས་ཀྱི་འཛིན་སྐྱོང་འོག་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཁག་ཏུ་འགྲོ་རྒྱུའི་ཚོད་དཔག

ཟླ་འདིའི་ཚེས་ ༡༩ རེས་གཟའ་པ་སངས་ཉིན་ཨི་ཊ་ལིའི་ས་གནས་ Capri ནང་ G7 ཞེས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་ཐོག་ཟུང་སྦྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཐེ་ཝན་མཚོ་ཁའི་ཐོག་ཞི་བདེ་ལྷིང་འཇགས་དགོས་པ་ནན་བརྗོད་དང་། ལྷག་པར་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སེམས་འཚབ་ཀྱི་རྣམ་པ་གསལ་འདོན་གནང་འདུག

G7 Leaders summit 2024

དེ་ཡང་ཡོ་རོབ་མཐུན་ཚོགས་དང་། ཨ་རི། དབྱིན་ཡུལ། ཉི་ཧོང་། ཨི་ཊ་ལི། འཇར་མ་ནི། ཕརན་སི། དེ་བཞིན་ཁེ་ན་ཌ་བཅས་ G7 ཕྱི་སྲིད་བློན་ཆེན་རྣམས་ཀྱིས་ཟུང་སྦྲེལ་ཐོག་སྤེལ་བའི་བསྒྲགས་གཏམ་དེའི་ནང། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བདེ་འཇགས་དང་ཡར་རྒྱས་གོང་འཕེལ་ཐད་ཁུལ་སོ་སོར་ཞི་བདེ་དང་ལྷིང་འཇགས་དགོས་པ་ནི་མེད་དུ་མི་རུང་བ་ཞིག་ཡིན་པའི་འགྲེལ་བརྗོད་གནང་འདུག་ལ། ཐེ་ཝན་དང་རྒྱ་ནག་དབར་གྱི་དཀའ་རྙོག་ཞི་བའི་སྒོ་ནས་ངེས་པར་སེལ་དགོས་པའི་འགྲེལ་བརྗོད་གནང་འདུག

རྒྱལ་སྤྱིའི་ལྷན་ཚོགས་དེའི་འགོ་ཁྲིད་ཚོས་ཐེ་ཝན་རྒྱལ་ཁབ་དེ་ཉིད་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཆེད་ལས་ཚོགས་འདུ་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཁོངས་སུ་འཇུག་དགོས་པར་བསྐྱར་དུ་རྒྱབ་སྐྱོར་གནང་འདུག་པ་དེ་ལྟར་ཡང་ G7 ངོས་ནས་ཐེ་ཝན་ཐོག་འཛིན་པའི་རྩ་བའི་སྲིད་བྱུས་དེ་ཉིད་ལ་འགྱུར་བ་མེད་ཅེས་གསལ་འདོན་གནང་འདུག

དེ་བཞིན་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སེམས་འཚབ་ཀྱི་རྣམ་པ་བཏོན་པ་མ་ཟད། ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཅེས་པའི་གནས་བབས་ཇེ་སྡུག་ཏུ་འགྲོ་བར་སྐྱོན་བརྗོད་གནང་བ་མ་ཟད། མང་ཚོགས་ཀྱི་རང་དབང་དང་ཚོགས་སྡེ་ཁག་གི་མང་གཙོའི་གནས་བབས་ལ་དོ་ཕོག་གཏང་རྒྱུ་མེད་པའི་ཞུ་སྐུལ་གནང་འདུག

G7 Leaders summit 2024

རྩ་བའི་ཟླ་འདིའི་ཚེས་ ༡༥ ཉིན་པེ་ཅིན་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཁྱབ་ཁོངས་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་དང་འབྲེལ་བའི་དྲུང་ཆེ་ལས་རོགས་ Daniel Kritenbrink ལགས་ཀྱིས་རྒྱ་ནག་གི་ཐེ་ཝན་ལས་དོན་འགན་འཛིན་གཞོན་པ་ Qui Kaiming དང་ལྷན་དུ་དེ་འབྲེལ་ཚོགས་འདུ་ཞིག་ཚོགས་པ་དང་། སྐབས་དེར་ཁོང་དང་ལྷན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་འགན་འཛིན་རྒན་པ་ Sarah Beran ལགས་ཀྱང་ལྷན་བཅར་གྱིས་ཐེ་ཝན་དང་རྒྱ་ནག་བར་གྱི་དཀའ་རྙོག་ཐད་ཞི་བདེ་ལྷིང་འཇགས་དགོས་གལ་ཆེ་བའི་ནན་བརྗོད་གནང་ཡོད་པ་རེད་འདུག

གཞི་རྩའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐེ་ཝན་ཁུལ་དུ་ཞི་བདེ་ལྷིང་འཇགས་དགོས་པའི་འབོད་སྐུལ་རབ་དང་རིམ་པ་བྱས་ཡོད་ཀྱང་རྒྱ་ནག་གིས་མུ་མཐུད་ནས་ཐེ་ཝན་ཐོག་དམག་དོན་བྱེད་སྒོ་ལས་འཇིགས་རྔམ་སྟོན་བཞིན་པར། ཐེ་ཝན་ལ་བཙན་འཛུལ་བྱ་སྲིད་པའི་ཉེན་ཁ་ཡོད་པས་རྒྱུ་མཚན་གྱིས་ཨ་རིའི་ངོས་ནས་ཐེ་ཝན་བདེ་འཇགས་སྲུང་སྐྱོབ་ཐད་རོགས་རམ་བྱེད་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།