Tibetan Royal Year of 2151 | Year of the Wood Dragon

G7 ཕྱི་སྲིད་བློན་ཆེན་རྣམས་ཀྱིས་གཅིག་འགྱུར་ཐོག་ནས་རྒྱ་ནག་གི་བྱ་སྤྱོད་ལ་བློ་འཚབ་ཀྱི་རྣམ་པ་ཆེད་བཏོན།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

G7 ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་རྣམས་ཀྱིས་རྒྱ་ནག་གིས་ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་སྤེལ་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ།  རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲོད་འགན་ཁུར་ཡོད་པའི་རྒྱལ་ཁབ་ཅིག་བྱེད་དགོས་ཞེས་སྐུལ་མ་གནང་བར་མ་ཟད་བོད་དང་ཤིན་ཅང་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་མུ་མཐུད་ཐུགས་འཚབ་གནང་བཞིན་ཡོད་པར་བསྐྱར་ནན་གནང་འདུག

ཟླ་འདིའི་ཕྱི་ཚས་ ༡༦ ཉིན་ནས་ཉིན་གྲངས་གསུམ་རིང་ཉི་ཧོང་གི་གྲོང་ཁྱེར་ karuizawa ནང་། G7 སྟོབས་ཆེན་རྒྱལ་ཁབ་བདུན་སྟེ་ཁེ་ཎ་ཌ་དང་། ཕ་རན་སི། འཇར་མ་ནི། ཨི་ཊ་ལི། ཉི་ཧོང་། དབྱིན་ཡུལ། ཨ་རི། དེ་བཞིན་ཡོ་རོབ་མཐུན་ཚོགས་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་འདུ་ཚོགས་ཡོད་པ་ལྟར་ཐེངས་འདིའི་ཚོགས་འདུ་ཐོག་གཙོ་བོ་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་ལ་བཙན་འཛུལ་དང་རྒྱ་ནག་གིས་ཉེ་ཆར་ཐེ་ཝན་མཚོ་གླིང་དང་ལྷོ་རྒྱ་ནག་རྒྱ་མཚོར་དམག་དོན་སྦྱོང་བརྡར་བྱེད་བཞིན་པ་སོགས་ཀྱི་བྱ་སྤྱོད་ཐད་རྒྱལ་ཁབ་བདུན་མཉམ་རུབ་ཀྱིས་གདོང་ལེན་ཇི་ལྟར་གནང་དགོས་པ་སོགས་ཀྱི་གནད་དོན་ཐད་གླེང་མོལ་གནང་ཡོད།

ཕྱི་སྲིད་བློན་ཆེན་རྣམ་པས་ལྷན་ཚོགས་ཀྱི་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བར་ཨུ་རུ་སུའི་ངོས་ནས་ཡུཀ་རེན་ལ་བཙན་འཛུལ་ཁྲོད་རྡུལ་ཕྲན་མཚོན་ཆ་སོགས་སྤྱོད་ན་གྲུབ་འབྲས་ངན་པ་ཡོང་རྒྱུ་དང་། ལྷག་པར་ཨུ་རུ་སུའི་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་ཉེན་བརྡ་བཏང་ཡོད་པར་མ་ཟད་ཐེ་ཝན་གྱི་གནད་དོན་ཐད་རྒྱ་ནག་ལ་ཆིག་སྒྲིལ་གྱི་རྣམ་པ་མངོན་གསལ་དང་ཆབས་ཅིག ལྷོ་རྒྱ་ནག་རྒྱ་མཚོར་དྲག་པོའི་དཔུང་དམག་འཇོག་བཞིན་པར་ཐུགས་འཚབ་ཀྱི་རྣམ་པ་ཆེད་བཏོན་བྱས་འདུག

དེ་བཞིན་ཧོང་ཀོང་གི་རང་སྐྱོང་གི་གནས་བབ་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་མངོན་གསལ་དང་རྒྱ་གཞུང་གིས་བོད་གཙོས་ཤིན་ཅང་ནང་གི་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་བློ་འཚབ་གནང་བཞིན་ཡོད་པའི་རྣམ་པ་ཆེས་མངོན་གསལ་གནང་འདུག

 

ཕྱི་སྲིད་བློན་ཆེན་རྣམ་པའི་སྤྱི་བསྒྲགས་དེ་སྤེལ་བ་དང་འབྲེལ་ཏེ་ རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Wang Wenbin ཡིས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་བརྒྱུད་ G7 ངོས་ནས་རྒྱ་ནག་རྒྱལ་ནང་གི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པར་ངོས་འཛིན་གྱིས་སྐྱོན་བརྗོད་ཤུགས་ཆེར་བྱས་པ་དང་སྦྲགས།རྒྱ་ནག་ལ་སྐྱོན་འཛུགས་བྱས་པ་རྣམས་གཞི་རྩ་གང་ཡང་མེད་པ་ཞིག་ཡིན་པ་སོགས་ཀྱི་ལན་འདེབས་བྱས་འདུག རྒྱ་ནག་གཞུང་གིས་ཉི་ཧོང་རྒྱལ་ཁབ་ཀྱིས་ཐེངས་འདིའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་འདུ་གོ་སྒྲིག་གནང་བར་སྐྱོན་བརྗོད་དང་འབྲེལ་ཉེན་བརྡ་ཡང་བཏང་ཡོད་པ་རེད།

རྩ་བའི་ G7 ཞེས་པའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་ལོ་ལྟར་རྒྱལ་སྤྱིའི་ཁྲོད་གལ་ཆེའི་གནད་དོན་དང་དཀའ་ངལ་ཁག་གླེང་མོལ་དང་། གནད་དོན་དེ་དག་ལ་འོས་ཤིང་འཚམས་པའི་ཐབས་ཤེས་སྣ་མང་འཚོལ་གྱི་ཡོད་པ་རེད། ཐེངས་འདིའི་ཚོགས་འདུ་ཐོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གཙོས་གནམ་གཤིས་འགྱུར་ལྡོག་དང་འཕྲོད་བསྟེན། རྒྱལ་ཁབ་བདུན་གཅིག་འགྱུར་གྱིས་རྒྱ་ནག་དང་ཨུ་ཪ་སུ་གཉིས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པའི་ཐད་གླེང་མོལ་གནང་ཡོད་པ་དང་། ཟླ་བ་རྗེས་མར་ཉི་ཧོང་ནང་ G7 ཡི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་གནང་རྒྱུ་ཡིན་པ་རེད།

ལྷན་ཚོགས་དེ་དང་བསྟུན་ཉེ་ལམ་འཛམ་གླིང་རྒྱལ་ཁབ་ཁག་གི་ཆེད་མཁས་མི་སྣས་རྒྱལ་ཁབ་ ༧ གྱི་དབུ་ཁྲིད་རྣམས་ལ་སྲིད་འཛིན་ཞི་ཅིན་ཕིང་ལ་བོད་ནང་གི་སློབ་ཆུང་བྱིས་པ་ཚོ་བཙན་དབང་གིས་གཏན་འཇགས་སློབ་གྲྭར་གཏོང་བཞིན་པའི་ལས་གཞི་འཕྲལ་མར་སྤེལ་མཚམས་འཇོག་དགོས་པར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད། པར་བདག་དབང་སྤྱི་ཚོགས་དྲ་རྒྱ།

འབྲེལ་ཡོད་གསར་གནས།

གསར་གནས།