Tibetan Royal Year of 2151 | Year of the Wood Dragon

G7 ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་བོད་ནང་གི་གནས་སྟངས་ཐད་ཐུགས་འཚབ་ཀྱི་རྣམ་པ་གསལ་འདོན།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

ཉི་འོང་གི་གྲོང་ཁྱེར་ Hiroshima ནང་ཚོགས་པའི་ G7 ཞེས་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་རྒྱ་ནག་གི་དཔལ་འབྱོར་དང་དྲག་པོའི་སྟོབས་ཤུགས་རྒྱ་སྐྱེད་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་གནང་བ་མ་ཟད། བོད་དང་ཤིན་ཅང་། དེ་བཞིན་ཧོང་ཀོང་རྣམས་དངོས་སུ་མིང་འདོན་གནང་སྟེ་རྒྱ་གཞུང་གིས་ཁུལ་དེར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གི་གནད་དོན་ཐོག་གླེང་སློང་དང་འབྲེལ་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གནང་འདུག

ཟླ་བ་འདིའི་ཕྱི་ཚེས་ ༡༩ ནས་ ༢༡ བར་ཉིན་གྲངས་གསུམ་གྱི་རིང་ཉི་འོང་གི་གྲོང་ཁྱེར་ Hiroshima ནང་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་བདུན་སྟེ། ཁེ་ཎ་ཌ་དང་། ཕ་རན་སི། འཇར་མ་ནི། ཨི་ཊ་ལི། ཉི་འོང་། དབྱིན་ཡུལ། ཨ་རི། དེ་བཞིན་ཡོ་རོབ་མཐུན་ཚོགས་བཅས་ཀྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་འབྲེལ། ཁ་སྔོན་ཕྱི་ཚེས་ ༢༠ ཉིན་དབུ་ཁྲིད་རྣམ་པས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད་ཅིང་། དེའི་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་གཙོས་པའི་རྒྱལ་སྤྱིའི་གལ་ཆེ་གནད་དོན་སྤྱི་དང་ལྷག་པར་དུ་རྒྱ་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་ལ་མུ་མཐུད་ཐུགས་འཚབ་གནང་བཞིན་ཡོད་པར་བསྐྱར་ནན་གནང་འདུག

དེ་བཞིན་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པས་རྒྱ་ནག་གིས་རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་འབྲེལ་ལམ་ལུགས་ལ་རྡོག་རོལ་གཏོང་བཞིན་པར་གདོང་ལེན་གནང་རྒྱུ་ཡིན་སྐོར་གསུངས་འདུག་པ་དང་འབྲེལ། རྒྱ་ནག་གིས་ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་སྤེལ་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཙམ་མ་ཟད། རྒྱ་ནག་གིས་ཨུ་རུ་སུས་ཡུཀ་རེན་དང་དམག་མཚམས་འཇོག་ཆེད་གནོན་ཤུགས་སྤྲོད་དགོས་པའི་སྐུལ་མ་གནང་འདུག

G7 དབུ་ཁྲིད་རྣམ་པས་བསྒྲགས་གཏམ་དེ་སྤེལ་མ་ཐག་རྒྱ་ནག་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་དང་འབྲེལ་བའི་གནད་དོན་དེ་དག་གི་ཐོག་ལ་ཕར་སྐྱོན་བརྗོད་དང་འབྲེལ། ཁ་སང་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གིས་ཁུལ་དེར་རྟེན་གཞི་བྱས་པའི་ཉི་འོང་གཞུང་ཚབ་པ་འབོད་འགུགས་ཀྱིས་ཉི་འོང་ནས་ཨ་རི་གཙོས་པའི་རྒྱལ་ཁབ་དེ་དག་ལྷན་དུ་ལག་འབྲེལ་གྱིས་རྒྱ་ནག་ལ་ཁ་གཏད་དང་། རྒྱ་ནག་རྒྱལ་ནང་གི་གནད་དོན་ཐོག་ཐེ་བྱུས་ཙམ་མ་ཟད། ཕྱི་ལོ་ ༡༩༧༢ ལོར་བཞག་པའི་ཉི་འོང་དང་རྒྱ་ནག་གཉིས་བར་གྱི་ཟུང་སྦྲེལ་ཡིག་ཆ་དང་ཡོངས་སུ་འགལ་གྱི་ཡོད་ལུགས་བཤད་དེ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག

ཉི་འོང་གཞུང་ཚབ་པ་སྐུ་ཞབས་ Hideo Tarumi ལགས་ཀྱིས་ G7 སྟོབས་ཆེན་རྒྱལ་ཁབ་བདུན་ནས་ཆེས་བློ་འཚབ་ཅན་གྱི་ཡོངས་གྲགས་གནད་དོན་དེ་དག་གི་ཐོག་གླེང་སློང་གནང་རྒྱུ་འོས་འགན་ཞིག་ཡིན་པར་དེ་སྔོན་ཡང་དེ་ལྟར་གནང་ཡོད་པ་དང་། ཇི་སྲིད་རྒྱ་ནག་གི་ངོས་ནས་བཟང་ཕྱོགས་ཀྱི་འགྱུར་བ་མེད་ཚེ་དེ་འབྲེལ་ལྷན་ཚོགས་ནས་མུ་མཐུད་དེ་ལྟར་གནང་རྒྱུ་ཡིན་པ་གསུངས་འདུག

མ་ཟད་དེ་རིང་ཉི་འོང་བློན་ཆེན་ལྷན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ Hirokazu Matsuno ལགས་ཀྱིས་ཉི་འོང་གིས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ནང་གནད་དོན་གོ་བསྡུར་གནང་དགོས་ངེས་ཁག་ལ་འགྱུར་བ་མེད་པ་དང་། རྒྱ་ནག་གིས་དེ་འབྲེལ་འགན་འཁུར་དགོས་པ། དེ་བཞིན་བློ་འཚབ་ཅན་གྱི་གནད་དོན་ཐོག་མཉམ་ལས་ཀྱིས་དཀའ་ངལ་སེལ་ཐབས་གནང་དགོས་པ་གསུངས་འདུག

འདི་ག་རླུང་འཕྲིན་ཁང་ནས་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་གནད་དོན་དེ་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས་ཁོང་གིས་ ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། ཡུ་གུར། ལྷོ་སོག ཧོང་ཀོང་བཅས་ཀྱི་སྐུ་ཚབ་མཉམ་སྦྲེལ་གྱིས་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་གནང་སྟེ་རྒྱ་ནག་གཞུང་གིས་ཁུལ་དེ་དག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ལ་ G7 དབུ་ཁྲིད་རྣམས་ཀྱིས་ངེས་པར་དུ་ཐུགས་སྣང་གནང་དགོས་ཞེས་ནན་བརྗོད་གནང་བ་མ་ཚད་པར་རྒྱ་ནག་གཞུང་ལ་དེ་ལྟ་བུའི་དྲག་གནོན་ཅན་གྱི་ལས་གཞི་མཚམས་འཇོག་དགོས་པར་གནོན་ཤུགས་སྤྲོད་དགོས་ཞེས་ཞུ་ཡིག་ཕུལ་ཡོད་སྐོར་གསུངས་པ་དང་འབྲེལ། ལྷག་པར་དུ་འདི་ཚེས་ ༢༠ ཉིན་གསར་ཤོག་ཐོག་རྒྱ་ནག་གིས་བོད་ནང་ཆོས་དད་རང་མོས་སོགས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དོན་ཚན་ལྔ་ཅན་ཞིག་བཏོན་གནང་སྟེ། རྒྱ་ནག་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ནང་བསྡད་ཆོག་པའི་ཐོབ་ཐང་མེད་པར་ G7 ལྷན་ཚོགས་ཀྱི་དབུ་ཁྲིད་རྣམས་ནས་རྒྱ་གཞུང་གི་འགོ་ཁྲིད་ཚོར་ནན་བརྗོད་གནང་དགོས་པའི་འབོད་སྐུལ་ཞུ་པ་གསུངས་སོང་།

གཞི་རྩའི་ཐེངས་འདིའི་ G7 ལྷན་ཚོགས་ཐོག་དབུ་ཁྲིད་རྣམ་པས་རྒྱ་ནག་གི་དཔལ་འབྱོར་དང་དམག་ཤུགས་རྒྱ་སྐྱེད་ཀྱི་གནད་དོན་ལ་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་དང་འབྲེལ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་ས་ཁོངས་བདག་དབང་བཅས་ཀྱི་གནད་དོན་ལ་དམིགས་བཀར་སྐྱོན་བརྗོད་བྱས་པ་དེ་ལྟར་ཡང་། རྒྱ་ནག་རྒྱལ་ཁབ་གོང་འཕེལ་ལ་འགོག་རྐྱེན་མེད་པར་དགེ་མཚན་ལྡན་པའི་འབྲེལ་ལམ་ཞིག་འདོད་ཀྱི་ཡོད་པའི་རྣམ་པ་གསལ་འདོན་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།