Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་ཏེ་ལན་གྷ་ནཱ་སངས་རྒྱས་ཀྱི་སྐྱེད་ཚལ་ལེགས་གྲུབ་ཐོག་ཆིབས་བསྒྱུར་མཛད་རྒྱུར་གསོལ་འདེབས།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

རྒྱ་གར་ལྷོ་ཕྱོགས་ཏེ་ལན་གྷ་ནཱ་མངའ་སྡེའི་ནང་ཆགས་པའི་ལྷོ་ཕྱོགས་དཔལ་གྱི་རི་བོའི་གནས་ཆེན་དུ་ Buddha vanam ཞེས་པའི་སངས་རྒྱས་སྐྱེད་མོས་ཚལ་གསར་རྒྱག་ལེགས་གྲུབ་བྱུང་བ་དང་བསྟུན། ལས་འཆར་དེའི་དམིགས་བསལ་འགན་འཛིན་སྐུ་ཞབས་ Mallepalli Laxmaiah ལགས་ཀྱིས་གཙོས་པའི་ཚོགས་མི་ཁག་གཅིག་བཞུགས་སྒར་དུ་ཆེད་བཅར་གྱིས་དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་སྐྱེད་ཚལ་དེར་ཆིབས་བསྒྱུར་བཀྲིན་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་དོན་བཞིན་མགོན་པོ་མཆོག་གིས་ཆིབས་བསྒྱུར་མཛད་རྒྱུར་ཐུགས་བརྩོན་མཛད་ཀྱི་ཡིན་ཞེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་འདུག

སྤྱིར་ Nagarjuna sagar ཞེས་ལྷོ་ཕྱོགས་དཔལ་གྱི་རི་བོ་ཆགས་སའི་གནས་ཆེན་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མཆོག་གིས་ཐེག་ཆེན་གྱི་ཆོས་ཁྲིད་མཛད་སའི་གནས་ཤིག་ཡིན་པ་དང་། ཏེ་ལན་གྷ་ནཱ་མངའ་སྡེའི་གཞུང་དང་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་གཉིས་ཟུང་སྦྲེལ་གྱིས་གནས་ཆེན་དེའི་ས་ཁྱོན་ acre ༢༧༤ དང་སྒོར་ས་ཡ་ ༡༠༠ ཙམ་གྱི་འགྲོ་གྲོན་བཏང་བའི་སངས་རྒྱས་སྐྱེད་མོས་ཚལ་གསར་རྒྱག་གྱི་ལས་གཞི་དེ་སྔ་ལོའི་ཕྱི་ཟླ་ ༥ ནང་ལེགས་གྲུབ་བྱུང་ཡོད་པ་རེད།

དེ་རིང་ཕྱི་ཟླ་ ༣ ཚེས་ ༡༣ རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་དྷརྨ་སཱ་ལཱའི་༸རྒྱལ་བའི་ཕོ་བྲང་དུ་ཕྱི་ནང་གི་དད་ལྡན་མང་ཚོགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་མང་སྩལ་ཡོད་པ་ལྟར། སངས་རྒྱས་སྐྱེད་མོས་ཚལ་ལས་འཆར་གྱི་དམིགས་བསལ་འགན་འཛིན་སྐུ་ཞབས་ Mallepalli Laxmaiah ལགས་ཀྱིས་གཙོས་པའི་ཚོགས་མི་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་གྲུབ་རྗེས། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་སྐུ་ཞབས་ Laxmaiah ལགས་ལ་བཅར་འདྲི་ཞུས་པར། ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དེ་ཧ་ཅང་སྐལ་པ་བཟང་པོ་ཞིག་བྱུང་སོང་བར་མ་ཟད། ང་ཚོས་མགོན་པོ་མཆོག་ལ་སླར་ཡང་ལྷོ་ཕྱོགས་དཔལ་གྱི་རི་བོར་ཆིབས་བསྒྱུར་བཀྲིན་མཛད་པ་དང་འབྲེལ་སངས་རྒྱས་ཀྱི་སྐྱེད་ཚལ་ལ་གནས་གཟིགས་བཀའ་དྲིན་སྐྱབས་འཇུག་གསོལ་འདེབས་ཇི་ལྟར་ཞུས་དོན་བཞིན་མགོན་པོ་མཆོག་གིས་ཆིབས་བསྒྱུར་མཛད་རྒྱུར་ཐུགས་བརྩོན་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་སྐོར་གསུངས་པར་མ་ཟད། ཁོང་གིས་སྐྱེད་མོས་ཚལ་དེར་རིམ་པས་བོད་ཀྱི་གསོ་རིག་སྡེ་ཚན་ཆེད་འཛུགས་གནང་རྒྱུ་ཡིན་པ་ལྟར་དེ་འབྲེལ་འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་དང་མཇལ་མོལ་བྱུང་ཡོད་སྐོར་གསུངས་སོང་།

རྩ་བའི་ལྷོ་ཕྱོགས་དཔལ་གྱི་རི་བོའི་གནས་ཆེན་ཁུལ་དུ་གསར་རྒྱག་ཟིན་པའི་སངས་རྒྱས་ཀྱི་སྐྱེས་ཚལ་ལས་གཞི་དེ་ཐོག་མར་ཕྱི་ལོ་ ༢༠༠༣ ལོར་དབུ་འཛུགས་གནང་ཡོད་པ་དང་། དེ་སྔ་ཕྱི་ལོ་ ༢༠༠༦ ལོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་གའི་ཨ་མྲ་ཝ་ཏི་གྲོང་ཁྱེར་དུ་ལ་དཔལ་དུས་འཁོར་ལོའི་དབང་ཆེན་སྩལ་སྐབས་སྐྱེད་ཚལ་དེར་ཆིབས་བསྒྱུར་བཀའ་དྲིན་མཛད་མྱོང་པ་མ་ཚད་པར་སྐྱེད་མོས་ཚལ་དེར་ལྗོན་ཤིང་གི་མྱུ་གུ་ཞིག་འདེབས་འཛུགས་མཛད་ཡོད་པ་རེད་འདུག

སྐུ་ཞབས་ Laxmaiah ལགས་ཀྱིས་གསུངས་པར་དེ་རིང་ཁོང་རྣམ་པས་མཇལ་ཁའི་སྐབས་༸གོང་ས་མཆོག་ལ་མྱུ་གུ་དེ་ཆེས་རྒྱས་ཡོད་པ་སྤྱན་འབུལ་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་པོ་ཞེ་དྲག་མཛད་སོང་ཞེས་ངོ་སྤྲོད་དེ་ལྟར་གནང་སོང་།

གཞན་ཡང་ཁོང་གིས་ང་ཚོའི་ངོས་ནས་སངས་རྒྱས་ཀྱི་སྐྱེད་མོས་ཚལ་དེར་བོད་ཀྱི་གསོ་བ་རིག་པ་དང་ནང་པའི་དགོན་པ་གསར་བསྐྲུན་གནང་རྒྱུར་མཉམ་འབྲེལ་གནང་བར་འདུན་པ་ཆེན་པོ་ཡོད་ཅེས་གསུངས་པ་དང་ཆབས་ཅིག་ལས་འཆར་འདི་ནི་རྒྱ་གར་ནང་གི་ལས་འཆར་ཡག་ཤོས་དེ་རེད་བསམ་གྱི་འདུག་ཅེས་གསུངས་སོང་།

གཞི་རྩའི་རྒྱ་གར་ལྷོ་ཕྱོགས་ཏེ་ལན་གྷ་ནཱའི་གཞུང་དང་ཡུལ་སྐོར་སྤྲོ་འཆམ་པ་གཉིས་ཟུང་སྦྲེལ་གྱིས་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༥ སྟེ་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་ལུམ་བི་ནིར་སྐུ་བལྟམས་པ་དང༌། གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་པ། རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ Buddha Purnima ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར་དེ་ཉིན་ལ་ནང་པའི་ཁྱད་ཆོས་ལྡན་པའི་ཐུབ་པའི་སྐྱེད་ཚལ་གསར་རྒྱག་གི་ལས་ཞིག་དབུ་འཛུགས་གནང་ཡོད་ཅིང་། ནང་པའི་ཐུན་མིན་རིག་གཞུང་མི་ཉམས་རྒྱུད་འཛིན་དང་ཁྱབ་སྤེལ་གནང་རྒྱུ་གཙོས་འཛམ་གླིང་མཛེས་པའི་རྒྱན་དྲུག་ཕྱོགས་གཉིས་ལས་སློབ་དཔོན་ཀླུ་སྒྲུབ་ཀྱི་ལྟ་གྲུབ་བཅས་སྲུང་སྐྱོབ་གནང་ཕྱིར་ཨེ་ཀར། ༢༧༤ ཡོད་པའི་སྐྱེད་ཚལ་དེའི་ནང་སངས་རྒྱས་ཀྱི་མཛད་རྣམ་དང་སྐྱེས་རབས།སངས་རྒྱས་ཀྱི་སྤྱོད་པ། བསམ་གཏན། ནང་པའི་ཤེས་ཡོན་ལྟེ་གནས། བསྙེན་བཀུར་བྱེད་གཟབ། བདེ་ཐང་། མཆོད་རྟེན་བཅས་སྡེ་ཚན་བརྒྱད་བདག་ཉིད་ཅན་གྱི་སྐྱེད་མོས་ཚལ་ཞིག་ཡིན་པ་རེད།

འབྲེལ་ཡོད་པར་ཁག་ཅིག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།