Tibetan Royal Year of 2151 | Year of the Wood Dragon

ཀརྨ་པ་རིན་པོ་ཆེ་མཆོག་རུམ་བཏེག་དགོན་པར་གདན་ཞུ་དགོས་པའི་ཟས་བཅད་ངོ་རྒོལ་གནང་བཞིན་པ།

Tibetan News Headlines

  • གཞིས་ལུས་བོད་མི་རྣམས་ཀྱི་ལྷག་བསམ་ལ་ཆེ་བསྟོད་དང་བོད་དོནབདེན་མཐའ་གང་མགྱོགས་སེལ་རྒྱུའི་ཐུགས་རེ་ཡོད་པ་བཀའ་སྩལ།
  • རྒྱ་ནག་གཞུང་ཚབ་པས་ཧ་ཝར་ཌི་ཀེ་ནེ་ཌི་སློབ་གྲྭར་གཏམ་བཤད་བྱེད་པར་ས་གནས་་བོད་མིས་ངོ་རྒོལ།
  • ཆབ་སྲིད་བཙོན་ཟུར་ཞིག་གིས་རྒྱ་མིའི་བཙོན་འཇུག་མནར་གཅོད་སྐོར་ཕྱིར་བསྒྲགས།
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken རྒྱ་ནག་ཏུ་ཕེབས་འཆར།
  • G7 འགོ་ཁྲིད་ཚོས་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་སེམས་འཚབ་སྟོན་པ།
  • རྩམ་པ་ཟ་མ་ཎི་བགྲང་མཁན་ཚང་མས་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་ལམ་སྟོན་སྩལ་གནང་སོང་།

Monday 22/04/2024

  • Dalai Lama grants audience to participants of Shoton Festival and TWA members
  • Tibetan and Taiwanese activists disrupt Chinese ambassador’s address at Harvard
  • Tibetan political prisoner shares harrowing accounts of experiences in Chinese prisons
  • Blinken to visit China to bolster relations amid global turbulence
  • G7 Foreign ministers express concern over China’s human rights violations in Xinjiang, Tibet
  • Sakya Gongma Trichen gives teaching to Tibetan students in Delhi

དེའང་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནང་ཟླ་འདིའི་ཚེས་ ༡༠ ནས་འགོ་འཛུགས་ཀྱིས་ཀརྨ་པ་རིན་པོ་ཆེ་མཆོག་ཁུལ་དེར་གདན་ཞུ་གནང་ཆེད་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུkarmapaལ་སྤེལ་ཏེ་གཟའ་འཁོར་གཅིག་ལྷག་སོང་ཟིན་ཀྱང་། ཁུལ་དེར་རྟེན་གཞི་བྱས་པའི་དགོན་སྡེ་ཁག་གསུམ་ནས་གྲྭ་པ་གཉིས་རེ་རེས་མོས་ཀྱིས་ཉིན་གཅིག་ལ་ཁྱོན་གྲྭ་བ་དྲུག་གིས་ཟས་བཅད་ངོ་རྒོལ་གནང་བཞིན་པ་མ་ཟད། ལས་འགུལ་དེའི་བརྒྱུད་རྐང་རྒྱ་གར་དབུས་གཞུང་གིས་ཀརྨ་པ་རིན་པོ་ཆེ་མཆོག་སྒང་ཏོག་ནང་རྟེན་གཞི་བྱས་པའི་ཀརྨ་པ་རིན་པོ་ཆེའི་བྱེས་ཀྱི་གདན་ས་རུམ་བཏེག་ཏུ་ཆིབས་བསྒྱུར་བསྐྱང་རྒྱུ་གཙོས། རིང་མིན་ཕྱི་ཟླ་ ༨ ཚེས་ ༨ སྟེ་ཆོས་འཁོར་དུས་ཆེན་ཉིན་ཁུལ་དེར་ཆིབས་བསྒྱུར་བསྐྱང་རྒྱུའི་ཆོག་མཆན་སྤྲོད་དགོས་པའི་ཞུ་འབོད་གནང་མུས་ཡི12717472_1673538376239474_771398134847343003_n-300x195ན་འདུག
གཞི་རྩའི་དགེ་འདུན་པ་དེ་དག་གིས་ཟས་བཅད་ངོ་རྒོལ་གནང་འགོ་འཛུགས་ཏེ་དེ་རིང་བར་ཁྱོན་གཟའ་འཁོར་གཅིག་དང་ཉིན་གསུམ་འགྲོ་བཞིན་ཡོད་པ་དང་། དེའི་ཁྲོད་འབྲས་ལྗོངས་མངའ་སྡེ་གཞུང་གིས་ཀརྨ་པ་རིན་པོ་ཆེ་མཆོག་འབྲས་ལྗོངས་ནང་ཆིབས་བསྒྱུར་བསྐྱང་སྐབས་ཕེབས་བསུའི་གོ་སྒྲིག་བྱེད་མཁན་ཞིག་བསྐོ་གཞག་བྱས་པ་དང་། རིན་པོ་ཆེ་ལ་བློན་ཆེན་གནས་རིམ་གྱིས་ཕེབས་བསུ་ཞུ་དགོས་སྐོར་གཞུང་འབྲེལ་ཡི་གེ་ཞིག་བཏང་པ་ཙམ་ལས། ད་བར་རིན་པོ་ཆེ་མཆོག་ལ་ཁུལ་དེའི་ནང་ཆིབས་བསྒྱུར་བསྐྱང་རྒྱུར་རྒྱ་གར་དབུས་གཞུང་ལ་གནོན་ཤུགས་གང་ཡང་སྤྲོད་མེད་པ་མ་ཟད། ཁོང་རྣམ་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་pawanལའང་རྒྱབ་སྐྱོར་ཡོད་པའི་རྣམ་པ་གང་ཡང་བཏོན་མེད་སྟབས། ཟས་བཅད་ངོ་རྒོལ་བ་རྣམས་ནས་ཆོད་སེམས་བརྟན་པོས་མུ་མཐུད་ལས་འགུལ་སྤེལ་ངེས་ཡིན་པ་གསུངས་སོང་།
རྩ་བའི་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༡༧ ཉིན་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་ Pawan Chamling མཆོག་གིས་རྒྱ་གར་ནང་སྲིད་བློན་ཆེན་དང་མཇལ་འཕྲད་སྐབས་ཀརྨ་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་ཕེབས་བཅུག་དགོས་པའི་འབོད་སྐུལ་ཞུས་པ་དང་། སྐབས་དེར་ནང་སྲིད་བློན་ཆེན་མཆོག་གིས་ཀྱང་རྒྱ་གར་གྱི་ཁྲིམས་ཐོག་ནས་ཀརྨ་པ་རིན་པོ་ཆེ་མཆོག་འབྲས་ལྗོངས་ལ་ཕེབས་པར་བཀག་དགོས་པའི་སྲིད་བྱུས་མེད་སྟབས། མ་འོངས་པར་གནད་དོན་དེ་སེལ་ཐུབ་པར་རེ་བ་ཡོད་སྐོར་འགྲེལ་བརྗོད་གནང་འདུག འོན་ཀྱང་རྒྱ་གར་གྱི་སྲིད་བློན་ Modi མཆོག་ལ་ཆིབས་བསྒྱུར་བསྐྱང་རྒྱུའི་སྐོར་ཞུ་སྙན་ཕུལ་ཡང་ད་བར་གྲུབ་འབྲས་གང་ཡང་སོན་མེད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།